རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-31   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་དབྱང་དྲིལ་སྒྲོག་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་དང་། ཀྲུང་གོའི་ཕྱི་ཡིག་ཅུས་བཅས་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་བ་དེ་ཉེ་ཆར་ཕྱི་ཡིག་དཔེ་སྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་གི་པར་གཞི་དཔེ་སྐྲུན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་ལ་ཁ་ཕྱོགས་ཏེ་འགྲེམ་སྤེལ་བྱས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཡིན་ཞིང་། དེ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཡིན་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་ཤིང་། དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཚན་རིག་གི་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད།
《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་དང་པོ་ནས་པོད་བཞི་པའི་བར་དཔེ་སྐྲུན་བྱས་པ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་བགྲོད་ལམ་དང་། ཀྲུང་གོའི་བཅོས་སྐྱོང་། ཀྲུང་གོའི་གནས་ལུགས་བཅས་ལ་རྒྱུས་ལོན་དང་ངོས་འཛིན་གཏིང་ཟབ་ཏུ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། 《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་བ་དཔེ་སྐྲུན་བྱས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལག་ལེན་གསར་པར་མགོ་ཁྲིད་བྱེད་སྐབས། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐད་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ལས་གཞི་གལ་ཆེན་ལ་སྔར་ལས་ལྷག་པའི་སྒོ་ནས་ལན་བཏབ་པ་དང་། བསམ་བློ་གསར་པའི་ལྟ་ཚུལ་གསར་པ་རབ་དང་རིམ་པས། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད།
《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་བའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2022ལོའི་ཟླ5པའི་ཚེས27ཉིན་ནས་ཟླ12པའི་ཚེས20ཉིན་བར་གྱི་སྙན་ཞུ་དང་། གསུངས་བཤད། གཏམ་གླེང་། ཁྲོམ་བཤད། ཤིས་ཚིག རྩོམ་རིག། མཛུབ་སྟོན་སོགས་རྩོམ་ཡིག91ཚུད་པ་དང་ཆེད་སྒྲིག18དབྱེ་ཡོད། བརྩམས་ཆོས་སྐོར་ཞིག་ནི་ཐེངས་དང་པོར་ཡོངས་བསྒྲགས་ངང་སྤེལ་བ་ཡིན། ཀློག་པ་པོ་རྣམས་ཀྱིས་དཔེ་ཀློག་ལ་སྟབས་བདེ་བསྐྲུན་ཆེད། རྩོམ་སྒྲིག་པས་དགོས་ངེས་ཀྱི་མཆན་འགྲེལ་བྱས་ཡོད་ཅིང་། དེབ་འདིའི་ནང་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་ཡུན་དེའི་ནང་གི་པར་རིས41བཀོད་ཡོད།
《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་བའི་ཁྲོད་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་བརྟན་བརླིང་གསོན་ཉམས་ལྡན་པར་ཟིན་ཐོར་བཀོད་ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་འདོམས་འཆར་འགོད་བྱས་པ་དང་། འཕེལ་རྒྱས་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པའི་ངང་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་འཆར་འགོད་ལ་སྐུལ་འདེད་གཏོང་བ། དཀའ་ངལ་འགག་སྒྲོལ་དང་འབད་བརྩོན་ལྷོད་མེད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན། དེ་ནི"ཟུང་འབྲེལ་གཉིས"རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་ཤོས་གཅིག་བསྡུས་ངང་མངོན་པ་དང་། ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་བཞག་པའི་བློ་གྲོས་ཇུས་གཞི་གང་ལེགས་སྒོས་མཚོན་ཡོད་ལ། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ཆེ་བའི་བསྟན་བཅོས་ཡིན།
《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་བ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དེས་ནང་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་ལས་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་ལེན་པ། "འདུ་ཤེས་བཞི"ཇེ་དྲག་ཏུ་གཏོང་བ་དང་། "ཡིད་ཆེས་བཞི"ཇེ་བརྟན་དུ་གཏོང་བ། "སྲུང་སྐྱོང་གཉིས"སྒྲུབ་ཐུབ་པར་བྱེད་པ་བཅས་བྱས་ཏེ། བློ་གཅིག་སེམས་གཅིག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྟེང་བཀོད་པའི་འཆར་འགོད་རླབས་ཆེན་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་ཐོག་ཏུ་དགོངས་པ་གལ་ཆེན་གྱི་འཕེལ་རྒྱས་གསར་ཤོས་རྒྱུས་ལོན་བྱེད་པར་རོགས་རམ་བྱེད་པ་དང་། ཀྲུང་གོའི་འདུ་ཤེས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་བློ་གྲོས་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་པ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཕྱོགས་ལ་དོན་སྙིང་གལ་ཆེན་ལྡན། །