རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7ཚེས་25ཉིན། ཁུལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་ཀའི་ཚོགས་འདུ་འཚོགས་པ། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཞིང་གསུམ”ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་ལས་དོན་ལ་ཕྱིར་མིག་བལྟས་ཏེ་གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་བྱས་པ་དང་། ཞིང་པའི་རྒྱུན་མཐུད་འབབ་འཕར་ཐད་ཀྱི“དྲི་བ་ལྔ”ལ་ལན་ཡག་པོ་འདེབས་པ་དང་། གཞི་ཁྱོན་ཅན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོ་ཆགས་པའི་མ་མཐའི་མཚམས་ཐིག་ནན་པོ་སྲུང་བ། གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་ཀྱང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཞུགས་པ།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་རིམ་པའི་དཔྱད་ཞིབ་ཚོད་སྐོར་གྱི་ཚུར་ལན་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། 2025ལོའི་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་དངོས་ཀྱི་དཔྱད་ཞིབ་དམིགས་ཚད་སྒྲོག་འགྲེལ་བྱས་པ་རེད།
གྲོས་ཚོགས་ཐོག་ནན་བཤད་གནང་དོན། གྲོང་གསེབ་ཀྱི་ཐོན་ལས་དང་དམངས་ཕྱུག་གི་དྲི་བར་ལན་ཡག་པོ་འདེབས་དགོས་ཏེ། མ་དངུལ་གྱི་ཕན་འབྲས་འདོན་སྤེལ་དང་། དཔེ་སྟོན་སྣེ་ཁྲིད་རྒྱུན་འཁྱོངས། ཞིང་འབྲེལ་ཞིང་སྐུལ་བྱེད་ཤུགས་ཆེར་གཏོང་བ། ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་སྐུལ་འདེད། སྣེ་འདྲེན་ཁེ་ལས་འཕེལ་རྒྱས་དང་ཚན་རྩལ་གྱི་ནུས་པ་འདོན་སྤེལ་བྱེད་པར་དམ་འཛིན། ཞིང་ལས་ཐོན་རྫས་ཞིབ་ལས་ལས་སྣོན་བྱེད་པར་སྐུལ་འདེད། ཐོན་ལས་སྤོ་སྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་པ་དང་། ལས་ཞུགས་རྒྱ་སྐྱེད་ཀྱི་དྲི་བར་ལན་ཡག་པོ་འདེབས་དགོས་ཏེ། ཕྱིར་ཐོན་ལས་གཉེར་དང་རང་ཡུལ་རང་སར་ལས་ཞུགས་ལ་གཅིག་གྱུར་དམ་འཛིན་དང་། ཤར་ཕྱོགས་དང་ནུས་ཕྱོགས་ཀྱི་ངལ་ལས་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ངལ་རྩོལ་ནུས་ཤུགས་ལས་ལ་ཞུགས་པ་དང་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་བར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ལས་གཏོད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གཉེར་གྱི་རྨང་གཞིའི་ཆ་འཕྲིན་གྱི་འགུལ་རྣམ་གསར་བརྗེ་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་བསྒྱུར་བཅོས་གཏིང་ཟབ་གཏོང་བའི་དྲི་བར་ལན་ཡག་པོ་འདེབས་དགོས་ཏེ། ས་ཞིང་འགན་གཙང་ལེན་ནར་འགྱངས་བྱེད་པའི་ལས་ཀ་ལ་སྐུལ་འདེད་གཏོང་བ་དང་། ཁང་ས་ཞིབ་བཤེར་ཆོག་མཆན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་གི་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རྒྱུ་ནོར་མ་རྩ་སྣ་ཚོགས་གསར་བཟོ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། སྲིད་ཇུས་དོན་འཁྱོལ་ལ་བརྟེན་ནས་ཞིང་པའི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོོས་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་དྲི་བར་ལན་ཡག་པོ་འདེབས་དགོས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་བཅོས་སྐྱོང་དང་གྲོང་གསེབ་ཀྱི་གསང་སྤྱོད་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། གནས་སྡོད་གྲོང་ཚོ་འཛུགས་སྐྲུན་ཏན་ཏིག་ངང་སྤེལ་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། གྲོང་གསེབ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་པ་དང་། དབུལ་ལོག་གི་གསང་ཐག་འགོག་སྲུང་བརྟན་པོ་གཏོང་རྒྱུའི་སྐོར་གྱི་དྲི་བར་ལན་ཡག་པོ་འདེབས་དགོས་ཏེ། ལྟ་ཞིབ་ཚད་ལེན་གྱི་བྱེད་སྟངས་རྒྱུན་མཐུད་ངང་ལེགས་བཅོས་དང་། རོགས་སྐྱོར་གྱི་ནུས་ཕྱོད་མཐོ་རུ་གཏོང་བ། “འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་ལས་དོན་ལ་དམ་འཛིན། རང་བྱུང་གནོད་འཚེ་ཚབས་ཆེན་གྱི་གནོད་ཐེབས་མང་ཚོགས་དབུལ་ལོག་དང་དབུལ་ཕོངས་སུ་གྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། གནོད་འཚེ་རྒྱབ་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ཡག་པོ་སྒྲུབ་པ། མི་རིགས་སོ་སོའི་མང་ཚོགས་ལ་ཐོབ་སྣང་དེ་བས་མང་པོ་ཡོད་དུ་བཅུག་བཅས་བྱེད་དགོས།
གྲོས་ཚོགས་ཐོག་“ཞིང་གསུམ”འཐབ་ལམ་གྱི་རྒྱ་ཆེ་བའི་ལས་བྱེད་པ་ཡིས་དབུལ་སྒྲོལ་འགག་གྲོལ་གྱི་སྙིང་སྟོབས་འདོན་སྤེལ་བྱེད་དགོས་པ་དང་། གཞི་རིམ་དུ་མང་ཙམ་སོང་བ་དང་ཞིང་དུད་དུ་མང་ཙམ་འགྲོ་བ། གསང་ཐག་སྲུང་བ་དང་སྲ་བརྟན་དམ་འཛིན། དར་རྒྱས་ལ་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱེད་དགོས། ཞིང་ལས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དང་གྲོང་གསེབ་ས་ཁུལ་དེ་བས་དར་རྒྱས། ཞིང་པའི་འཚོ་བ་དེ་བས་དར་རྒྱས་ཆེ་བ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཤང་(གྲོང་རྡལ)རིམ་པར་འཚོགས་པ་དང་། ཁྲེན་ཆོན་དང་། དབྱང་ཞུའེ་ཝེན། ཧོང་ལུང་ཞིན། ཞུས་ཀོང་ཏེ། ཀྲོང་ཞའོ་ཕིང་སོ་སོ་ཁུལ་རིམ་པའི་ཚོགས་ར་གཙོ་བོ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།