ཞི་ཅིན་ཕིང་གིས་ན་གཞོན་ཞི་བདེ་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-31   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། ཟླ7པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ན་གཞོན་ཞི་བདེ་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས།

        ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱིས་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འགོར་བའི་ལོ་རེད། ལོ་ངོ80ཡི་ཡར་སྔོན་དུ། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་དཀའ་སྡུག་ཆེན་པོས་དམར་འཛིང་བྱས་མཐར་ཧྥ་ཤི་སི་རིང་ལུགས་རྩ་བ་ནས་ཕམ་པར་བརྒྱབ་སྟེ་ཐོབ་དཀའ་བའི་ཞི་བདེའི་རྒྱལ་ཁ་བླངས།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞི་བདེའི་མ་འོངས་པ་ན་གཞོན་རྣམས་ལ་བཅོལ་ཡོད། རེ་བ་ཡིན་ན་རྒྱལ་ཁབ་སོ་སོའི་ན་གཞོན་གྲོགས་པོ་རྣམས་ཀྱིས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བརྩིས་ཏེ། བསམ་བློ་བརྗེ་རེས་དང་ཕན་ཚུན་ལ་རྒྱུས་ལོན་བྱེད་པ། མཛའ་བརྩེ་ཆགས་སུ་འཇུག་པ་བཅས་ཀྱིས་ཞི་བདེའི་བསམ་བློ་འདོན་མཁན་དང་ཞི་བདེ་འཕེལ་རྒྱས་གཏོང་མཁན་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

        འཛམ་གླིང་ན་གཞོན་ཞི་བདེ་ཚོགས་ཆེན་ཉིན་དེར་པེ་ཅིན་ནས་འཚོགས། བརྗོད་གཞི་ནི“མཉམ་དུ་ཞི་བདེ་བརྩོན”ཞེས་པ་དེ་རེད། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གཅུགས་མཐུན་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པས་མཉམ་དུ་བསྒྲུབས་པ་རེད། །