ལུའོ་ཁྲའོ་ཧྥེང་གིས་དོན་འགྲུབ་གླིང་དང་ཐར་པ་གླིང་དུ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

        ཟླ7པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་དགའ་ལྡན་དོན་འགྲུབ་གླིང་དང་འཕགས་པ་ཐར་པ་གླིང་དུ་བརྟག་ཞིབ་གནང་སྐབས་ཆོས་ལུགས་ལས་རིགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་ལ་དགའ་བ་དང་།རྒྱལ་ཁབ་ལ་དགའ་བ།སྤྱི་ཚོགས་རིང་ལུགས་ལ་དགའ་བ།མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གྱིས་བསྟན།

        ལུའོ་ཁྲའོ་ཧྥེང་གིས་དགོན་པའི་གྲྭ་པ་དང་།དགོན་པའི་དམངས་གཙོའི་དོ་དམ་ཨུ་ལྷན་གྱི་ཁོངས་མི།དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ལ་གཟིགས་པ་དང་འབྲེལ་བྱམས་བརྩེའི་ངང་སྤེལ་རེས་གནང་ནས།དགོན་སྡེ་དོ་དམ་དང་།ནོར་ཁྲལ་ལྟ་སྐུལ་དོ་དམ།གྲྭ་བཙུན་གྱི་བསམ་བློའི་སློབ་གསོ།སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་།སློབ་སྦྱོང་འཛིན་གྲྭའི་དོ་དམ་དང་དེ་བཞིན་དགོན་སྡེ་དོ་དམ་ཅུས་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད།གྲྭ་ཤག་ཏུ་ཕེབས་ནས་གྲྭ་བཙུན་ཚོའི་འཚོ་བ་དང་སྒོམ་སྒྲུབ་ཀྱི་ཆ་རྐྱེན་ལ་གཟིགས་ཞིབ་གནང་ལ།ཁོང་ཚོའི་རེ་ཞུ་ནན་ཏན་ངང་གསན་ནས་ཡུལ་དངོས་ཀྱི་དཀའ་ངལ་དངོས་མཐུན་སྦྱོར་དང་ཐག་གཅོད་གནང་བ་རེད།

        སྤེལ་རེས་བྱེད་རིང་།ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བདེ་ཆེན་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་ཟུང་འབྲེལ་བྱས་ཏེ་གྲྭ་བཙུན་ཚོར་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་དམངས་ལ་བཅངས་པའི་བརྩེ་སེམས་གསོན་ཉམས་དོད་པའི་ངང་གླེང་བ་རེད།ཁོང་གིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཉེ་འགྲམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གསར་པའི་ཁྲོད་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཏེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་།སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས།དྲིན་ཚོར་གྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་དེ་བས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་ཚབ་བྱེད་མི་སྣས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པའི་མིག་དཔེ་ཡག་པོ་བྱེད་ནས། རྒྱ་ཆེའི་གྲྭ་བ་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།རྒྱ་ཆེའི་གྲྭ་བཙུན་ཚོས་བློ་རྩེ་གཅིག་སྒྲིམ་ངང་སྒོམ་རྒྱག་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་བསྟན་དོན་དང་འདུལ་ཁྲིམས་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་འཆད་འགྲེལ་བྱས་ཏེ་དད་ལྡན་མང་ཚོགས་ཀྱིས་སྒྲིག་བཀུར་ཁྲིམས་སྲུང་དང་ཡར་རྒྱས་བརྩོན་ལེན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།དུས་རབས་ཅན་དང་།རང་ཡུལ། མང་ཚོགས་ཅན་དུ་འགྱུར་བ་བཅས་ཀྱི་ལག་ལེན་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ།བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པའི་འགན་ལེན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་ལེགས་པའི་ངང་འཚམ་མཐུན་ཡོང་བ་བྱེད་དགོས་ཞེས་ནན་གྱིས་བསྟན།

图片

        ལུའོ་ཁྲའོ་ཧྥེང་གིས་ད་དུང་ཤོག་གསུམ་མངགས་གཏོང་ཁང་གིས་དོན་འགྲུབ་གླིང་དང་ཐར་པ་གླིང་གི་ཞབས་ཞུ་དོ་དམ་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་འབྲེལ་འཐབ་ཕྱོགས་དང་པོའི་མི་དམངས་ཉེན་རྟོག་པ་དང་དགོན་སྡེ་དོ་དམ་ཅུས་ཀྱི་འགན་འཁུར་བློ་མཐུན་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།ཁོང་གིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལས་བྱེད་པ་དགོན་པར་འབྲེལ་གཏུག་བྱེད་པའི་ལས་ཀའི་ལམ་སྲོལ་གྱི་འགན་འཁྲི་ནན་དུ་གཏོང་བ།རྒྱུན་རྣམ་ཅན་གྱི་དགོན་སྡེ་རུ་འཚམས་འདྲིར་སྐྱོད་པ་བཅས་བྱས་ཏེ།གྲྭ་བཙུན་གྱི་བསམ་བློ་དང་ལུགས་མཐུན་གྱི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་དང་།དགོན་པའི་མེ་ཟོན་བདེ་འཇགས་ལ་མཐོང་ཆེན།མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།བློ་གཅིག་སེམས་གཅིག་ངང་བརྩེ་སེམས་ལ་བརྟེན་ནས་ཞབས་ཞུ་དང་། དོ་དམ། ཁྲིད་སྟོན་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

图片

        ཉིན་འདིར། ལུའོ་ཁྲའོ་ཧྥེང་གིས་སྲོང་བཙན་ཚོ་དྲུག་མགྲོན་ཁང་དུ་བརྟག་ཞིབ་གནང་ནས་མགྲོན་ཁང་གི་ལས་རྣམ་བཀོད་སྒྲིག་དང་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།ཁེ་ལས་ཀྱིས་ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཟབ་རྨོ་ཐོན་ལས་དང་སྤུས་རྟགས་གཏོད་པའི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་ལས་ཞུགས་འབབ་འཕར་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

        ཁུལ་གྱི་འགོ་ཁྲིད་ལེའོ་ཝུན་ཚའེ་དང་། ཁྲེན་ཆུན། འཇོལ་རྫོང་ཨུ་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བརྟག་ཞིབ་ནང་ཞུགས་པ་རེད།