བདེ་ཆེན་ཁུལ་ཐད་གཏོགས་ལས་ཁུངས་ཀྱིས“བདུན་གཅིག་”ཉིན་གྱི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7ཚེས་1ཉིན་ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་ཁུལ་ཨུའི་སྒོ་རར“བདུན་གཅིག་”ཉིན་གྱི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་104འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཁུལ་ཏང་ཨུའི་ཧྲུའུ་ཅི་ལའོ་ཁྲའོ་ཧྥེང་།ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་སི་བྱ་འགུལ་ལ་ཞུགས།

    ཆུ་ཚོད་8དང་སྐར་མ་30ཡི་ཐོག་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད།ཡུལ་དངོས་སུ་གཟི་ཉམས་ལྡན་པ་དང་།    ལས་བྱེད་པ་དང་ལས་བཟོ་བ་གྲལ་འགྲིག་པ།    མི་སྣ་ཡོངས་ཀྱིས་བརྗིད་ཉམས་ལྡན་པའི་སྒོ་ནས་《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》བླངས་པ་དང་།བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་དལ་བུར་སྒྲེང་བ།ཏང་རྩ་འཛུགས་ཁག་གི་འགན་འཁུར་བློ་མཐུན་གྱིས་གྲ་སྒྲིག་ཏང་ཡོན་ལ་ཏང་ཡོན་གྱི་རྟགས་མ་བཏགས་པ་དང་།གྲ་སྒྲིག་ཏང་ཡོན་གྱིས་ཏང་ནང་ཞུགས་རྒྱུའི་དམ་བཅའ་འཇོག་པ།ཏང་ཡོན་ཡོངས་ཀྱིས་ཏང་ནང་ཞུགས་རྒྱུའི་དམ་བཅའ་བསྐྱར་དུ་འཇོག་པ་བཅས་བྱས་པ་རེད། དེའི་རྗེས་སུ་གྲ་སྒྲིག་ཏང་ཡོན་གྱི་འཐུས་མིས་གཏམ་བཤད་གནང་ནས་ཏང་ལ་བརྩེ་དུང་ཟབ་མོ་འཆང་བ་དང་གདོང་ལེན་མིག་དཔེའི་ནུས་པ་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་བའི་ཆོད་སེམས་བརྟན་པོ་མཚོན་ཡོད།

    མཇུག་ཏུ།ཏང་ཡོན་ཡོངས་ཀྱིས་《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་》ཅེས་པའི་གླུ་གཞས་མཉམ་གཏོང་བྱས་པ་དེས།ཚང་མས་ཏང་ལ་བཅངས་པའི་སེམས་གཏིང་གི་བརྩེ་དུང་ཟབ་མོ་དང་བློ་བརྟན་འགྱུར་མེད་ཀྱི་དད་སེམས་གང་ལེགས་མཚོན་ཡོད།ཁོང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་།དྲིན་ཚོར་འབད་འབུངས་བྱས་ནས།ལས་སྒྲུབ་གཙོ་བོར་བཟུང་ནས།ཨར་ལས་རུ་ཁག་གི་འགོ་འཛིན་ཡག་པོ་བྱེད་པ།འཆར་གཞི་གཅིག་གིས་མཐའ་འཁྱོལ་བ་འགོད་རྒྱུའི་ཆོད་སེམས་བཅངས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག ཞིང་ཨུའི་ལས་དོན་བླང་བྱ་བཅས་བདེ་ཆེན་དུ་དོན་འཁྱོལ་བྱས་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།

    ཁུལ་ཨུའི་རྒྱུན་ཨུ།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་།ཁུལ་ཐད་གཏོགས་སྡེ་ཚན་གྱི་ལས་བྱེད་ལས་བཟོ་བྱེད་སྒོར་ཞུགས་ཡོད་པ་རེད།