དར་དམར་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱིས་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བྲིསཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


图片

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དར་དམར་གྲོང་ཚོའི་དབྱར་དུས་ཀྱི་ཞོགས་པར་རེ་སྐེད་དུ་སྤྲིན་དཀར་གྱི་རྒྱན་ཆ་བཏགས་པ་ལྟར་སྣང་ལ།  

རི་སྐེད་དང་ནགས་གསེང་དུ་ཀྲུང་ལུགས་སྨན་རྫས་རྟེན་གཞིས་ཁྱབ་ཡོད་པ་རེད།   དེ་སྔའི་མཐོ་གྲང་རི་ཁུལ་གྱི་དབུལ་ཕོངས་གྲོང་ཚོ་འདིས་མཉམ་ལས་ཁང་དང་ཞིང་དུད་དང་རྟེན་གཞིའི་སྣ་མང་འཕེལ་རྒྱས་གཏོང་སྟངས་བརྒྱུད་དེ་སྣོད་བཅུད་མཛེས་སྡུག་ལྡན་པ་དང་། ཐོན་ལས་འཕེལ་རྒྱས་ཆེ་བ། ཞིང་པ་ཕྱུག་པའི་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་ཡོད།

        ཏང་འཛུགས་སྐྱོང་གིས་དཀའ་གནད་སེལ་བའི་སྣེ་ཁྲིད་དང་ཁྱད་ལྡན་ཐོན་ལས་ཀྱིས་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་བ།

        དར་དམར་གྲོང་ཚོ་ནི་སྟག་མཆོང་གྲོག་རོང་གྲོང་རྡལ་གྱི་ནུབ་བྱང་ཕྱོགས་སུ་གནས་པ་དང་ཁོངས་གཏོགས་སུ་གྲོང་མིའི་ཚོ་ཆུང་10ཡོད།  ས་བབ་མཐོ་བ་དང་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པས།སྲོལ་རྒྱུན་གྱི་འདེབས་འཛུགས་ལས་རིགས་ཀྱི་ཕན་འབྲས་དམའ་བ་དང་གྲོང་མིའི་ཡོང་འབབ་ཉུང་བས།དབུལ་ཕོངས་ནི་སྔོན་ཆད་དར་དམར་གྲོང་ཚོའི་ཚབ་མིང་ཞིག་ཡིན།  དབུལ་སྒྲོལ་འགག་སྒྲོལ་འཐབ་ཇུས་འགོ་ཚུགས་ཚུན་གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་གནས་ཚུལ་ལ་གཞི་ཚུགས་ནས་བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པ་བརྒྱུད་མཐར་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་བྱ་རྒྱུ་དེ་དམངས་ཕྱུག་ཏུ་གཏོང་བའི་གཙོ་ཁྲིད་ཐོན་ལས་སུ་གཏན་འཁེལ་བྱས་པ་རེད།  དུས་ཡུན་ཐུང་ངུའི་ནང་རུ་རྟ་དང་ཧྥུ་ཙི།ཁྲུང་ལོའུ་སོགས་ཀྲུང་ལུགས་སྨན་རྫས་འཕེལ་རྒྱས་ཕྱིན་པ་དང་གྲོང་གསེབ་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད།  དར་དམར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲི་ཧྲེང་གིས་གྲོང་ཚོ་འདིས་2017ལོར་རྒྱ་ཁྱོན་ཆེན་པོས་ཀྲུང་ལུགས་སྨན་རྫས་ཚོད་ལྟ་འདེབས་འཛུགས་བྱེད་འགོ་ཚུགས་པ་དང་ད་ཆ་གྲོང་ཚོ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་རྒྱ་ཁྱོན་མུའུ་3000ལས་བརྒལ་ཡོད་ཟེར།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧའོ་རུའེ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་རྟེན་གཞིར་ཁྲུང་ལོའུ་དང་།ལྕ་བ།ཀྲུའུ་ཙི་སོགས་སྔོ་ལྗང་ཆེ་ཞིང་སྐྱེ་འཕེལ་ཆེ་བས་ཉམས་དགའ་བའི་རྣམ་པ་ཞིག་ཆགས་ཡོད།    2024ལོར་ལི་སུའུ་སྟེང་གྲོང་མི་ཚོ་ཆུང་གི་ཞིང་དུད་48ཁོ་ནར་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་བྱས་པ་བརྒྱུད་ཡོང་འབབ་སྒོར་ཁྲི་300ཙམ་བྱུང་བ་དང་།ཁྱིམ་ཚང་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི་ལས་བརྒལ་ཡོད་པ་རེད།

        སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་བྱས་ནས་སྣ་མང་འཕེལ་རྒྱས་བཏང་ནས་ཕན་འབྲས་ཐོན་པ།  

        ཀྲུང་ལུགས་སྨན་རྫས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་དར་དམར་གྲོང་ཚོས་སྣ་མང་ཅན་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།  ཧའོ་རུའེ་མཉམ་ལས་ཁང་གི་འགན་འཁུར་པ་ལི་ཡུས་ལུང་གིས་ང་ཚོས་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་བྱས་པ་མ་ཟད།ད་དུང་ཚོད་ལྟའི་སྔོན་ལ་མ་རྨོས་ལོ་ཏོག་དང་རུ་རྟས་སྲན་མ་དཀར་པོ་འདེབས་འཛུགས་བྱེད་པའི་རྣམ་པ་ཚོད་ལྟ་བྱས་པས་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད།གོམ་སྟབས་རྗེས་མར་འདེབས་འཛུགས་ལག་རྩལ་མུ་མཐུད་ཁྱབ་གདལ་གང་ལེགས་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བྱུང་།  2025ལོར་ཧའོ་རུའེ་མཉམ་ལས་ཁང་གིས་ནོར་ཤ་གསོ་སྤེལ་བྱེད་པའི་འཚོལ་ཞིབ་དུས་མཉམ་དུ་བྱེད་འགོ་ཚུགས་ཤིང་།མིག་སྔར་འབྲི་གཡག100ལྷག་ཙམ་གསོ་སྤེལ་བྱས་པ་དང་ད་ལོའི་ཟླ་6པའི་བར་དུ་འབྲི་གཡག38བཙོང་ཚར་ཡོད།

        ཏུང་ཅུས་གྲོང་མི་ཚོ་ཆུང་གི་ཧོ་ཡུས་ཀོང་ཚང་ནི་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་མཚོན་འཐུས་མི་ཞིག་ཡིན་པ་དང་ན་ནིང་ཁོང་གི་ཁྱིམ་གྱིས་རུ་རྟ་མུའུ11འདེབས་འཛུགས་བྱས་ནས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཐོབ་པ་དང་ད་ལོར་སླར་ཡང་ཧྥུའུ་ཙེ་འདེབས་འཛུགས་རྒྱ་སྐྱེད་བཏང་བ་མ་ཟད།ད་དུང་ཀྲུང་ལུགས་སྨན་རྫས་སྲེག་ཁང་ཡང་བསྐྲུན་ཡོད།  2024ལོར་ཁོང་གི་ཁྱིམ་གྱིས་སྨན་རྫས་འདེབས་འཛུགས་དང་ཚོང་ལས་ཆུང་ཆུང་བྱས་པ་བརྒྱུད་ཡོང་འབབ་སྒོར་ཁྲི་10ལས་བརྒལ་ཡོད།

        གཞན་ཡང་སྣོད་བཅུད་ཁོར་ཡུག་ལེགས་པ་ལ་བརྟེན་ནས།དར་དམར་གྲོང་ཚོའི་རྒྱ་ཆེའི་ཞིང་དུད་ཀྱིས་ད་དུང་རི་ཆེན་པོའི་བར་སྐེད་དུ་སྒམ་རེ་རེ་བཞིན་བཙུགས་ནས་རི་སྐྱེས་སྦྲང་མ་གསོ་སྤེལ་འཕེལ་རྒྱས་བཏང་བས།རང་བྱུང་གི་རི་སྐྱེས་སྦྲང་རྩི་སྤུས་ལེགས་ལ་བརྟེན་ནས་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་ཡོད།  སྣ་མང་ཐོན་ལས་ཀྱིས་དར་དམར་གྲོང་ཚོའི་མང་ཚོགས་ཀྱི་ཁུག་མ་ཇེ་མཐུག་ལ་སོང་ཡོད།  ཐོན་ལས་འཕེལ་རྒྱས་གཏོང་བའི་འདུན་པ་སྔར་བས་ཆེ་རུ་ཕྱིན་པ་དང་།སྤྲོ་སེམས་དང་ངར་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་ཡོད།  

        གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ། རི་སྔོ་ཆུ་དྭངས་གསེར་རི་གྱུར་པ།

        དར་དམར་གྲོང་ཚོར་བསྐྱོད་ཚེ།སྐས་ཞིང་རིམ་པ་དང་པོར་གྱང་དཀར་པོ་དང་སོ་ཕག་ནག་པོ་ཡོད་པའི་གྲོང་ཚོས་བསྐོར་ཡོད་པ་དང་།རྒྱང་རིང་ལ་སྤྲིན་སྨུག་འཁོར་ནས་རི་རབ་བརྩེགས་པའི་སྣང་བརྙན་གྲུབ་ནས་ལྷ་ཡུལ་དང་འདྲ།  མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་དེའི་རྒྱབ་ཏུ་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་འགྱུར་ལྡོག་མངོན་ཡོད།  

        ཉེ་བའི་ལོ་ཤས་རིང་།དར་དམར་གྲོང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཏེ།གྲོང་གསེབ་འཕེལ་རྒྱས་འཐབ་ཇུས་དང་དམ་པོར་དམ་འཛིན་བྱས་ཏེ།ཀྲུང་ལུགས་སྨན་རྫས་དང་ནོར་ཤ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱས་ཡོད།  བརྒྱ་སྟོང་ཁྲི་ཡི་དཔེ་སྟོན་ལས་གྲྭ་ལག་ལེན་བསྟར་བ་དང་།རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བས།དམར་པོ+ལྗང་མདོག་བཅས་ཀྱི་ཡུལ་སྐོར་གསར་སྤེལ་བྱས་པ་བརྒྱུད།དར་དམར་གྲོང་ཚོ་ནི་དྲ་ཐོག་མི་སྣ་གྲགས་ཅན་གྱི་བྱང་བུ་རྒྱག་སའི་གནས་སུ་གྱུར་ཏེ།རི་སྔོ་ཆུ་དྭངས་དེགསེར་རི་དང་དངུལ་རིའི་ཕྱོགས་སུ་བསྒྱུར་བ་དངོས་སུ་མངོན་འགྱུར་བྱུང་ཡོད།

        ད་ལྟ་གྲོང་ཚོར་ཐོན་ལས་མང་དུ་ཕྱིན་ནས་ང་ཚོས་འཚོ་བ་བཟང་པོ་རོལ་ཐུབ་ཀྱི་ཡོད་ཅེས་གྲོང་མི་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུ་གི་ཡོད།  ད་ཆ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག  དར་དམར་གྲོང་ཚོས་སྨན་གྱི་དྲི་ཞིམ་དེ་སྣག་ཚ་ཞིག་གི་ཚབ་ཏུ་བརྩིས་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་ལེའུ་མུ་མཐུད་འབྲི་བཞེངས་བྱེད་བཞིན་ཡོད།