རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་ཆར་ཁུལ་སྲིད་གྲོས་ཏང་ཙུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དུས་ཐེངས་གཉིས་པ་དང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཕན་འབྲས་དང་ཉམས་མྱོང་སློབ་སྦྱོང་དང་གོ་བ་བླངས་པ་དང་།《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་པོ་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》དང་སྒྲིག་འགལ་ཟ་འཐུང་གཅིག་བསྡུས་བཅོས་སྐྱོང་བྱེད་པར་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད།
ཁུལ་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རང་རྟོགས་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་“གཏན་འཁེལ་གཉིས”དང་ བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས།
ཚོགས་འདུའི་ཐོག་སྒྲིག་འགལ་བཟའ་འཐུང་གི་ཆབ་སྲིད་ཀྱི་གནོད་འཚེར་ངོས་འཛིན་གཏིང་ཟབ་དང་སྒྲིག་འགལ་བཟའ་འཐུང་བཅོས་སྒྲིག་བྱེད་པའི་དཀའ་ངལ་ཛ་དྲག་གི་གནས་བབ་ལ་རྒྱུས་ལོན་བྱས་ཏེ། ཀྲུང་དབྱང་གི་སྒྲིག་འགལ་བཟའ་འཐུང་བཅོས་སྒྲིག་གི་ཕྱོགས་7དང་ཞིང་ཨུས་སྒྲིག་འགལ་བཟའ་འཐུང་གཅིག་བསྡུས་ཀྱིས་ཡོ་བསྲང་བྱེད་པའི་ཕྱོགས་8ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས། རང་ཞིབ་བཤེར་དང་རང་དག་བཅོས་ནན་ཏན་བྱ་དགོས། གྲོན་ཆུང་གི་སྲོལ་རྒྱུན་དང་སྤྱོད་བཟང་དར་སྤེལ་བཏང་སྟེ། རང་ལུས་མིག་དཔེ་བཟོ་བ་དང་གོང་གིས་འོག་ཕྱོགས་སུ་ཁྲིད་པ། ནན་ཏན་དངོས་པོས《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་པོ་ལག་བསྟར་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་དམ་འཛིན་བྱས་ཏེ། གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྱོང་བྱེད་པར་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ཁུལ་སྲིད་གྲོས་ཏང་ཙུའུ་རིཊ་པའི་གཞུང་ལུཊ་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མི་སློབ་སྦྱོང་དང་གྲོས་བསྡུར་ནང་ཞུཊ་པ་དང་ཁུལ་རིམ་པའི་ཟུར་ཉན་ལས་དོན་ཚོ་ཆུང་གསུམ་པ་ཚོཊ་འདུར་ཕེབས་ནས་བསམ་འཆར་བརྗེ་རེས་བྱས་ཡོད།