རི་མགོའི་བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་དོན་སྒྲུབ་ནས་དམངས་སེམས་ཇེ་དྲོར་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4560ཡོད་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་ཧྲང་ཡོའུ་གྲོང་ཚོའི་འབུ་རིའི་མཁའ་རླུང་སྲབ་པ་དང་གྲང་རླུང་གྲང་ངར་ཆེ་བས། དབྱར་རྩྭ་སྔོག་འདོན་བྱེད་མཁན་གྲོང་མིའི་ངོས་ནས་བརྗོད་ན་ཆེས་རྩ་ཆེ་བ་ནི་དབྱར་རྩྭ་ལས་ཀྱང་འཐུང་ཆུ་རེད། ཐོག་མཐའ་བར་གསུམ་དུ་དཀའ་ཚེགས་ཆེ་བའི་ཆུ་ལེན་པའི་ལམ་ནི་ལྕགས་ཐག་ལྗིད་པོ་ཞིག་དང་འདྲ་བར་གྲོང་མིའི་སེམས་སུ་འཁྲིལ་ཡོད། 

སྔོན་ཆད་ནམ་ལངས་མ་བྱས་པར་ཟོ་འཁུར་ནས་ཆུ་ཡོད་སར་འགྲོ་དགོས།  ཕར་འགྲོ་ཚུར་འོང་ཐེངས་གཅིག་ལ་དུས་ཚོད་དང་ནུས་ཤུགས་ཟད་ནས་ཐང་ཆད་པ་ཡིན།  ལྷག་པར་ཁ་ཆར་བུ་ཡག་འཚུབ་པའི་ཉིན་མོར་ལམ་འདྲེད་ནས་ཐང་ལ་རྒྱག་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད་ཅེས་གྲོང་མི་བཀྲ་ཤིས་ཉི་མས་སེམས་ཁོང་གི་སྐད་ཆ་བརྗོད་བྱུང་།  

གྲོང་མི་ཚོས་ཆུ་སྤྱོད་པའི་གནད་དོན་ཐག་གཅོད་བྱ་ཆེད། ད་ལོའི་དབྱར་རྩྭ་བརྐོ་བའི་དུས་ཚིགས་སུ་ཏང་ཡོན་ལས་བྱེད་པ་20ལས་གྲུབ་པའི་ལས་དོན་རུ་ཁག་ཅིག་གྲོང་མི་དང་མཉམ་དུ་བཅའ་སྡོད་བྱས་པ་རེད། ཧྲང་ཡོའུ་གྲོང་ཚོའི་འགན་འཁུར་བ་དང་ལས་དོན་རུ་མི་ཚོས་གྲོས་བསྡུར་བྱས་པ་བརྒྱུད། བཅའ་སྡོད་བྱ་ཡུལ་འགྲམ་དུ་རྒྱུག་ཚད་ཅུང་ཆེ་ཞིང་བརྟན་པོ་ཡིན་པའི་ཆུ་ཁུངས་གཅིག་ཏུ་བསྡུས་པ་རེད།  དྭངས་གསལ་གྱི་ཆུ་མིག་ནི་འགག་སྣ་རེ་རེ་ལས་ཐར་ནས་གསར་དུ་བསྐྲུན་པའི་ཆུ་མཛོད་དུ་བཞུར་སྐབས། ལས་དོན་རུ་མི་ཚོའི་གདོང་ལ་དགའ་སྤྲོས་ཁེངས་འདུག     རི་དཀྱིལ་ནས་ཐོན་པའི་སྲོག་རྩ་དྲོན་མོ་འདིས་གྲོང་མིའི་ཆུ་ལེན་པའི་ལམ་ཇེ་ཐུང་དུ་བཏང་བ་མ་ཟད། ལས་དོན་རུ་ཁག་གིས་གྲོང་མིའི་སེམས་གཏིང་ཕྱེ་ནས་ཡིད་ཆེས་ཐོབ་པའི་སེམས་འབྲེལ་དོ་དམ་ཞིག་ཏུ་གྱུར་ཏེ། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་སྤྱི་ལེ་མཐའ་མ་གཅིག་བསྐྲུན་ཐུབ་པ་བྱུང་ཡོད།

ཆུ་སྦུག་ཤར་གཏོང་ཐུབ་ནའང་ལས་དོན་རུ་ཁག་གི་ངོས་ནས་བཤད་ན། ཁོ་ཚོའི་ཞབས་ཞུ་ནི་ད་སོ་མ་མགོ་བརྩམས་མ་ཐག་ཡིན། ཁོང་ཚོས་འཐུང་ཆུའི་དཀའ་ངལ་ཐག་གཅོད་བྱ་རྒྱུ་ནི་འགོ་ཚུགས་ས་ཙམ་ཡིན་པ་དང་ཏང་གི་དྲོ་སྐྱིད་དེ་རི་རྩེ་ཚང་མར་དངོས་སུ་ཁྱབ་ཏུ་འཇུག་དགོས་ན།ངེས་པར་དུ་རྒྱུན་ལྡན་དང་ཡུན་རིང་གི་ཞབས་ཞུ་སྤེལ་དགོས་པ་གསལ་པོར་ཤེས་ཀྱི་ཡོད། དེར་བརྟེན་འབྲོག་ཁུལ་གྱི་མི་དམངས་ལ་ཞབས་འདེགས་ཞུ་ས་དེ་ལས་དོན་རུ་ཁག་གིས་ཞབས་འདེགས་ཞུ་བའི་གཡུལ་ས་གཙོ་བོར་གྱུར་ཡོད།  

ཞབས་ཞུའི་ས་ཚིགས་ཆེ་རྒྱུ་མེད་རུང་། འོན་ཀྱང་མཁོ་ཆས་ཚང་མ་འཛོམས་དགོས།   ཐབ་ཀྱི་མེ་ལྕེ་ལོ་གཅིག་རིང་གཟིམ་པ་མེད་པར་ས་མཐོའི་གྲང་ངར་འདེད་བཞིན་ཡོད། ལས་ཀའི་རུ་མི་ཚོའི་ལས་ཀའི་ཉིན་ཐོའི་ནང་དུ་སྒྲུབ་དགོས་པའི་དོན་དག་དང་དོ་སྣང་བྱེད་དགོས་པའི་དོན་དག་ཚགས་དམ་པོར་བྲིས་ཡོད། ཤོག་བུའི་སྒམ་རེ་རེའི་ནང་སྲིད་ཇུས་ཀྱི་དྲིལ་བསྒྲགས་དེབ་དང་། རྒྱུན་སྤྱོད་སྨན་རྫས། འཕྲལ་སྡོམ་དངོས་རྫས་སོགས་རིགས་དབྱེ་ནས་ཉར་ཚགས་བྱས་ཡོད། མངོན་གསལ་དོད་པའི་གནས་སུ་ད་དུང་ལག་སྒྲོན་དང་ཁྲག་དབྱང་དཔྱད་ཆས། འཕྲལ་སྡོམ་ཁུག་མ་བཅས་གྲ་སྒྲིག་བྱས་ཡོད། འདིར་གཏན་འཇགས་ཀྱི“ལས་གཉེར་དུས་ཚོད”མེད་མོད།འོན་ཀྱང་ཆུ་ཚོད་24ཚང་མར་ལས་རེས་བྱེད་མཁན་ཡོད་པས་གྲོང་མིའི་དགོས་མཁོར་དུས་དང་རྣམ་པ་ཀུན་ཏུ་ལན་འདེབས་ཀྱི་ཡོད།

གསར་འགོད་པ་ཞབས་ཞུའི་གནས་སུ་བསྐྱོད་སྐབས་གྲོང་མི་ཡེ་ཤེས་ཕུན་ཚོགས་སྨན་པ་འཚོལ་དུ་ཡོང་བ་དང་འཕྲད། སྨན་བཅོས་མི་སྣས་བརྟག་དཔྱད་ཞིབ་ཕྲ་བྱེད་པ་དང་། ངང་རྒྱུད་རིང་པོས་ནད་གཞི་འདྲི་བ། བརྟག་དཔྱད་དང་སྨན་བཅོས། སྨན་བཀོད། ཟིན་ཐོ་འགོད་བཅས་ཐེངས་གཅིག་ལ་འགྲུབ་པ་རེད། ཡེ་ཤེས་ཕུན་ཚོགས་ཀྱིས“ད་ལྟ་ཞབས་ཞུའི་ས་ཚིགས་འགྲམ་དུ་ཡོད་པས་སྨན་པ་བསྟེན་པར་སྟབས་བདེ་ཆེ་ལ་སྨན་པའི་ཞབས་ཞུའི་རྣམ་འགྱུར་ཡང་ཧ་ཅང་བཟང་ཡོད”ཅེས་ཐུགས་རྗེ་ཆེ་ཞུ་གི་ཡོད།

“མང་ཚོགས་ཀྱི་དོན་དག་ཆུང་ཆུང་ཡིན་ནའང་དོན་ཆེན་ཞིག་རེད། ང་ཚོ་འདིར་ཞབས་ཞུ་བ་དང་སྙིང་ཉེ་བ་ཡག་པོ་བྱེད་དགོས། གྲོང་མི་རྣམས་ལ་དཀའ་ངལ་གང་འདྲ་འཕྲད་རུང་ཐོག་མར་ཏང་རྩ་འཛུགས་ཡིད་ལ་དྲན་པ་དང་། བཙལ་ནས་རྙེད་ཐུབ་པ་ནི་ཏང་ཡོན་ཡིན།”ཞེས་གཏེར་མ་རོང་ཤང་གི་ལས་དོན་མི་སྣ་ཚེ་རིང་དོན་འགྲུབ་ཀྱིས་བློ་བརྟན་འགྱུར་མེད་ངང་སྐད་ཆ་འདི་འདྲ་བརྗོད་བྱུང་།  

ཏང་གི་ལོ་ཚད་ལོ་36ཡོད་པ་དང་ད་ལོར་ལོ་61ལ་སླེབས་པའི་བློ་བཟང་བསྟན་འཛིན་གྱིས“ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།གཞུང་ལམ་བཟོ་བ་དང་སྒུལ་བདེའི་གཞི་ཚུགས་ས་ཚིགས་བསྐྲུན་པས་ང་ཚོ་འགྲོ་སྐྱོད་དང་འཕྲིན་གཏོང་ཚང་མ་སྔར་བས་སྟབས་བདེ་རུ་ཕྱིན་ནས་ང་ཚོའི་འཚོ་བ་ཇེ་བཟང་དུ་ཕྱིན་ཡོད”ཅེས་བཤད་བྱུང་།

འབུ་རིའི་རི་མགོའི་སྟེང་དུ་ལས་དོན་ཚོ་ཆུང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པར་ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བའི་ནང་དོན་ལ་གཏིང་ཟབ་པའི་གསལ་བཤད་བྱས་ཡོད། མཐོ་ས་ཞིག་གི་བཀོད་འདོམས་བྱེད་པ་མ་ཡིན་པར། ལུས་སྒུར་ནས་འོག་ཕྱོགས་སུ་ཉན་པ་དང་། ཚ་རླབས་ཆེ་བའི་འབོད་ཚིག་མ་ཡིན་པར། ཆུ་རྒྱུན་ལྟར་རིང་བའི་རོགས་རམ་ཡིན། རྒྱང་ཐག་རིང་བའི་ཁས་ལེན་ཞིག་མ་ཡིན་པར། ལག་པས་རེག་ཐུབ་པའི་དྲོད་ཁོལ་ཞིག་ཡིན། ཞབས་ཞུའི་ལམ་བུ་འདི།  གངས་ལྗོངས་ས་མཐོ་འདིའི་སྟེང་དུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ནས་ནམ་ཡང་མཚམས་འཇོག་མི་སྲིད།        (ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར།)