སེམས་ཀྱི་ཉི་ཟླའི་བེ་ཤ་ཉོ་ཚོང་ཁྲོམ་ར་སྒོ་ཕྱེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཟླ་6པའི་ཚེས30ཉིན་གྱི་སྔོ་དྲོ། སེམས་ཀྱི་ཉི་ཟླའི་བེ་ཤ་ཉོ་ཚང་ཁྲོམ་རར་ལོ་གསར་པའི་སྒོ་དབྱེའི་ཉིན་མོ་བསུས་པ་རེད། ས་གནས་དེ་གའི་གྲོང་མི་ཚོས་ཞོགས་པའི་བེ་ཤ་སོས་པ་འཐུ་རྒྱུ་ཡོད་པའི་སྨྱུག་མའི་སླེ་བོ་འཁུར་ནས་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་ར་འབྱོར་བ། ཁོ་ཚོས་ས་མཐོས་གནང་བའི་གཅེས་ནོར་དང་ལོ་ལེགས་ལ་རེ་སྒུག་འཆང་བཞིན་ཡོད་པས་ཉོ་ཚོང་ཁྲོམ་ར་སྒོ་ཕྱེ་བའི་ཉིན་དང་པོའི་ཡིད་དབང་འཕྲོག་ཤོས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།