རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བའི་སྐབས་སུ།ཟླ་6ཚེས་30ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རང་ཁུལ་གྱི་“གཟི་བརྗིད་ལྡན་པའི་ཏང་ལོ་50”ཅན་གྱི་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་ཁག་གཅིག་ལ་འཚམས་འདྲི་གནང་བར་ཕེབས་ནས་ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་བསྐྱལ་བ་མ་ཟད།ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
ཏང་ཡོན་རྒན་གྲས་ཝང་ཞུའེ་ཝུན་དང་པའེ་རུང་ཧུའེ་ཡི་ཁྱིམ་དུ་ལུའོ་ཁྲའོ་ཧྥེང་གིས་བློ་མཐུན་རྒན་གྲས་ཚོ་དང་བཀའ་མོལ་གནང་ནས་ཏང་གི་འོད་སྟོང་འཕྲོ་བའི་འབད་འཐབ་བརྒྱུད་རིམ་ལ་ཐུན་མོང་ཐོག་ཕྱིར་དྲན་དང་ཏང་གི་འགོ་ཁྲིད་འོག་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་སྐོར་ལྷུག་པོར་གླེང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ཏང་ཡོན་རྒན་གྲས་ཚོའི་གཟུགས་པོའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་།ཁོང་གིས་ཏང་ཡོན་རྒན་གྲས་ཚོ་ནི་བདེ་ཆེན་གྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་རིང་དངོས་སུ་བརྒྱུད་མྱོང་མཁན་དང་།ཞུགས་མཁན།ལེགས་སྐྱེས་འབུལ་མཁན་བཅས་ཡིན་པས།བདེ་ཆེན་གྱི་བརྟན་ལྷིང་དང་འཕེལ་རྒྱས་ཆེད་སེམས་ཤུགས་ཡོད་རྒུ་བཏོན་ནས་ལེགས་སྐྱེས་ཕུལ་ཡོད།བློ་མཐུན་རྒན་གྲས་ཚོས་ངེས་པར་དུ་གཟུགས་པོར་བདག་གཅེས་དང་།ཚེ་མཇུག་བདེ་སྐྱིད་ལོངས་སུ་སྤྱོད་པ།ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པ།ནུས་པ་ལྷག་མ་འདོན་སྤེལ་བཅས་བྱས་ཏེ་གསར་བརྗེའི་ས་བོན་རྒྱུན་འཛིན་དང་།ཁྱིམ་སྲོལ་བཟང་པོ་དར་སྤེལ།གྲོང་གསེབ་དར་རྒྱས་དང་སྡེ་ཁུལ་ཞི་མཐུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གདོང་ལེན་དཔེ་བཟང་གི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
དཀའ་ངལ་ཡོད་པའི་ཏང་ཡོན་ངག་དབང་ཚེ་རིང་ཚང་དུ་ལུའོ་ཁྲའོ་ཧྥེང་གིས་ཁྱིམ་ཚང་གི་གནས་ཚུལ་དང་།ལས་ཀའི་གནས་ཚུལ།དེ་བཞིན་དཀའ་ངལ་བཅས་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།ལུའོ་ཁྲའོ་ཧྥེང་གིས་ཁོང་ལ་ཡིད་ཆེས་བརྟན་དུ་གཏོང་བ་དང་།སྤྲོ་སྣང་ལྡན་པའི་འཚོ་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པ།རང་འཁྲིའི་ལས་གནས་ཐོག་ལས་ཀ་ཧུར་ཐག་བྱེད་པ།མིག་མདུན་གྱི་དཀའ་ངལ་ཁྱད་བསད་ཧུར་ཐག་བྱེད་པ་བཅས་ཀྱི་ལྕག་སྐུལ་གནང་བ་དང་ཆབས་ཅིག་བུ་ཕྲུག་གི་སློབ་གསོར་སྣང་ཆེན་དང་མི་རབས་རྗེས་མར་གསོ་སྐྱོང་ཡག་པོ་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རང་ངོས་ཀྱི་འབད་བརྩོན་འོག་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་འབྲེལ་ཡོད་སྡེ་ཚན་ལ་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་བདེ་སྡུག་སེམས་ནང་བཞག་ནས་ཁོང་ཚོའི་བདེ་སྡུག་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ་བརྩེ་སེམས་ལ་བརྟེན་ནས་ཁོང་ཚོའི་དངོས་ཡོད་དཀའ་ངལ་སེལ་རོགས་བྱས་ཏེ་ཁོང་ཚོའི་འཚོ་བ་ཉིན་བཞིན་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་ལྷན་དུ་འཚམས་འདྲི་གནང་བར་ཕེབས་པ།