ཁུལ་ཡོངས་ཀྱི་2025ལོའིདུས་ཚིགས་གཉིས་པའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ6པའི་ཚེས30ཉིན།ཁུལ་ཡོངས་ཀྱི་2025ལོའི་དུས་ཚིགས་གཉིས་པའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས་ནས་ལོ་སྟོད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་དང་གནད་དོན་འཚོལ་ཞིབ་བྱས་ཏེ་ལོ་སྨད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཕིན་ཧྲན་དང་ཞུས་སི་སི།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས།

    ལུའོ་ཁྲའོ་ཧྥེང་གིས་ད་ལོ་ནས་བཟུང་།རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ།བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད། “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་གཏིང་ཟབ་བྱེད།ཉེན་ཁ་སྔོན་འགོག་དང་།འགྲན་སློང་ལ་ཁ་གཏད། བརྟན་པོའི་ངང་ལས་འགོ་འཛུགས་པའི”ཆེད་དོན་བྱེད་སྒོ་ཏན་ཏིག་ངང་སྤེལ་བ་དང་།བསམ་བློ་དྲིལ་བསྒྲགས་སྔར་བས་གཏིང་ཟབ་ཏུ་སྤེལ་བ།ཆོས་ལུགས་ཁྱབ་ཁོངས་ཀྱི་ཞབས་ཞུ་དང་དོ་དམ་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་ནས།སྤྱི་ཚོགས་ཁྱོན་ཡོངས་ཀྱི་དོ་དམ་ཚོད་འཛིན་ནུས་ལྡན་དང་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་སོང་བ།ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་བཅས་བྱུང་ཡོད་བཅས་བསྟན་པ།

    ལུའོ་ཁྲའོ་ཧྥེང་གིས་རྒྱུད་རིམ་ལྡན་པའི་ལྟ་བ་འཛུགས་པ་དང་།ཁྱབ་ཁོངས་རེ་རེ་ནས་ཁྱབ་ཁོངས་རེ་རེར་ཞིབ་འཇུག་གཏིང་ཟབ་བྱེད་པ།བྱེད་ཐབས་གནད་ལ་ཁེལ་བ་གཏན་འཁེལ་བཅས་བྱས་ཏེ།ཁྱབ་ཁོངས་ཁག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་དེ་མྱུ་གུ་འབུས་པའི་དུས་སུ་སེལ་ནས།ཁུལ་ཡོངས་ཀྱི་ཡུན་རིང་བདེ་འགོད་ཀྱི་རྨང་གཞི་སྲ་བརྟན་དུ་ནུས་ལྡན་གཏོང་དགོས།ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།“མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི”དམིགས་ཚད་བླང་བྱར་དམིགས་ནས།དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ།སྤྱི་ཚོགས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས།“བློ་སྦྱོང་”འདུ་འགོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་།“བརྒྱད་ལྟ་ལྔ་བསྡུར་”གྱི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བ།ས་མཐོའི་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འགོ་ཁྲིད་དབང་ཆ་དང་།དོ་དམ་དབང་ཆ།སྐད་ཆ་ཤོད་དབང་བཅས་ཁོང་དུ་བརྟན་པོར་ཆུད་པ་བྱེད་དགོས་ཞེས་ནན་གྱིས་བསྟན།

    ལུའོ་ཁྲའོ་ཧྥེང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་དང་།རྡོ་སོལ་མིན་པའི་གཏེར་ཁ།འགྲོ་ལམ་འགྲིམ་འགྲུལ།ཨར་པོའི་ལས་གྲྭ་སོགས་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་གནད་སྨིན་གྲལ་བཤེར་དང་འབེན་ལ་ལྟ་སྐུལ་དོ་དམ་བྱས་ཏེ་གཙོ་གནད་ལས་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཆུ་ཚད་དང་ལས་འཛོལ་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྨང་གཞིའི་ལས་དོན་ཁག་ལ་དོགས་ཟོན་དང་ཁ་གཏད་འཇལ་བའི་ལས་དོན་སྔར་བས་ཏན་ཏིག་བསྒྲུབ་དགོས།གེགས་སེལ་དངོས་ཟོག་གྲབས་གསོག་དང་མགྱོགས་མྱུར་གཏོང་སྤྲོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དངོས་ཟོག་འདང་ངེས་གྲབས་གསོག་དང་།སྙོམས་སྒྲིག་ཐུབ་པ།སྐྱེལ་འདྲེན་ཐུབ་པ།སྤྱོད་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

    ལུའོ་ཁྲའོ་ཧྥེང་གིས་རིམ་ཁག་སྡེ་ཚན་ཁག་གིས“ལས་འཛོལ་མི་ཐོན་པའི”བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱས་ཏེ་རང་འགུལ་ངང་འགལ་ཟླ་གཅིག་སྡུད་དང་ཉེན་ཁ་མངོན་གསལ་དོད་པའི་ས་ཆར་བསྐྱོད་དེ་གནད་དོན་འཐབ་ཕྱོགས་དང་པོར་ཤེས་རྟོགས་དང་།འགལ་ཟླ་འཐབ་ཕྱོགས་དང་པོར་སེལ་བ།ལས་དོན་འཐབ་ཕྱོགས་དང་པོར་སྤེལ་བ་བཅས་བྱེད་དགོས། “དོན་དག་འབྱུང་མི་ཐུབ་པའི་”སྟེས་དབང་གི་བསམ་ཚུལ་མཐའ་གཅིག་ཏུ་སེལ་དགོས་པ་དང་།ཞིབ་ཐོ་ཅན་དུ་འགྱུར་བའི་དོ་དམ་དང་།རྣམ་གྲངས་ཅན་དུ་འགྱུར་བའི་སྐུལ་འདེད།ཨང་གྲངས་མེད་པ་བཟོ་བ་ལག་བསྟར་བཅས་བྱས་ཏེ།ཉེན་ཁའི་མངོན་མེད་རྐྱེན་ངན་རེ་རེ་བཞིན་བརྟན་པོའི་ངང་སེལ་དགོས།“ཐོག་མཐའ་བར་གསུམ་དུ་སྐྱོན་མེད་”ཅེས་པའི་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ།“དུས་དང་རྣམ་པ་ཀུན་ཏུ་སེམས་བདེ་མོ་བྱེད་མི་ཐུབ་”ཅེས་པའི་འགན་འཁྲི་འཁུར་སེམས་བཅངས་ནས་རྨང་གཞིའི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་།ཆུང་ས་ནས་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན།

    ཚོགས་འདུའི་ཐོག་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་།ཁུལ་སྤྱི་བདེ་ཅུས་དང་རྫོང་(གྲོང་ཁྱེར་)གསུམ་གྱི་འབྲེལ་ཡོད་མི་སྣས་སྙན་སེང་ཞུས་པ།

    ཁུལ་གྱི་ཚན་པ་བཞིའི་འབྲེལ་ཡོད་འགོ་ཁྲིད་དང་།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་སོ་སོས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་ཚོགས་ཞུགས་བྱས་པ་དང་།གྲོས་ཚོགས་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཤང་གྲོང་རིམ་པར་འཚོགས་པ་རེད།