རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-03   རྩོམ་ཁུངས།    甘南融媒藏语平台
གཅིག དགོང་ཟས་ཟ་རྒྱུ་ཕྱི་དྲག་པ།
ཞིབ་འཇུག་ལས་ཞོགས་པ་ཆུ་ཚོད་བརྒྱད་པའི་སྔོན་དུ་ཞོགས་ཟས་ཟ་བ་དང་། དགོང་མོའི་ཆུ་ཚོད་བདུན་པའི་སྔོན་དུ་དགོང་ཟས་ཟོས་ན། རིགས་གཉིས་པའི་གཅིན་མངར་ནད་ཕོག་ཚད་ཇེ་དམའ་གཏོང་ཐུབ།གལ་ཏེ་དགོང་ཟས་ཟ་རྒྱུ་ཕྱི་དྲག་ན་རིགས་གཉིས་པའི་གཅིན་མངར་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་རེད།
བཞི། དུས་རྒྱུན་ཆང་འཐུང་བའི་གོམས་གཤིས་ཡོད་པ།
ལྦི་རག་ལ་ལའི་ཁྲག་མངར་སྟོན་གྲངས་ཧ་ཅང་མཐོན་པོ་ཡིན། འབྲས་དང་ཅུང་རྡོག བྱེ་མ་ཀ་ར་ལས་ཀྱང་མཐོ་བ་རེད།
ལྔ། དུས་རྒྱུན་གློག་ཕྱེ་ནས་གཉིད་པ།
ཞིབ་འཇུག་ལས་གློག་ཕྱེ་ནས་གཉིད་མཁན་ཡིན་ན། ཕྱི་ཉིན་ཞོགས་པར་རྨེན་གཤེར་འགོག་ཤུགས་ཇེ་སྡུག་སོང་ནས་ཁྲག་མངར་ཚོད་འཛིན་མི་ཐུབ་པ་བཟོ་སྲིད། དུས་ཡུན་རིང་པོར་འདི་འདྲ་བྱས་ན་གཅིན་མངར་ནད་ཕོག་སླ།
དྲུག དུས་རྒྱུན་གཉིད་མི་འདང་མཁན།
ཞིབ་འཇུག་ལས་ཉིན་རེར་ཆུ་ཚོད་དྲུག་མན་གཉིད་མཁན་ཡིན་ན་རིགས་གཉིས་པའི་གཅིན་མངར་ནད་ཕོག་སླ། ཉིན་མ་རེའི་གཉིད་པའི་དུས་ཚོད་མ་མཐའ་ཡང་ཆུ་ཚོད་བདུན་རྒྱུན་འཁྱོངས་བྱས་ན་བཟང་།
བདུན། འདུག་རྒྱུ་མང་དྲག་པ།
ཞིབ་འཇུག་ལས་ཉིན་རེར་འདུག་ཡུན་ཆུ་ཚོད་དྲུག་ཡན་ལས་བརྒལ་མཁན་ལ་གཅིན་མངར་ནད་སོགས་ཡུན་ནད་རིགས་བཅུ་གཉིས་ཕོག་པའི་ཉེན་ཁ་བརྒྱ་ཆའི་ཉེར་དྲུག་ཚེག་བདུན་ཇེ་མཐོར་རེད།
བརྒྱད། དུས་རྒྱུན་ལུས་སྦྱོང་མི་བྱེད་པ།
ལུས་སྦྱོང་ཚད་ལྡན་བྱས་ན་ཁྲག་མངར་ཕབ་པའི་ནུས་པ་ཡོད་པ་མ་ཟད། ད་རུང་ ཚོར་ལོག་རང་བཞིན་ཇེ་མང་དང་གཟིགས་གཞི་ཇེ་ལེགས། སྙིང་རྩའི་ཉེན་ཁ་ཇེ་དམའ་གཏོང་བའི་ནུས་ཡོད་པས། བསྡོངས་ནད་བྱུང་བར་སྔོན་འགོག་བྱེད་ཐུབ།