ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་གྱི་ཕན་ནུས་དེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་ཁྲིམས་འགན་ལེན་དེ་རིག་གནས་དང་ཡུལ་སྐོར་ཐོན་ལས་ནང་བཅུག་པ་དང་། ལྟ་སྐུལ་བྱེད་ནུས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བ་བྱས་པ། ཡུལ་སྐོར་གྱི་ལེགས་ཆ་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་བ་རེད།  

    རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུགས་འགྲན་རྩོད་ཀྱི་ངོ་བོ་ནི་ཚོང་གཉེར་ཁོར་ཡུག་གི་བསྡུར་ཚད་ཡིན་ཞིང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་བདེ་ཆེན་གྱིས“འཛམ་གླིང་གི་ཡུལ་སྐོར་དམིགས་ས་རྩེ་གྲ”གཏོད་པའི་ནང་གནས་སྒུལ་ཤུགས་ཤིག་རེད།  ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ལྟ་སྐུལ་གྱི་གཙོ་གནད་དུ་བརྩིས་ནས་རིག་གནས་དང་ཡུལ་སྐོར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། སྲིད་འཛིན་གྱི་ཞིབ་མཆན་ཞབས་ཞུ་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ་དང་། འགན་འཁྲི་དང་ངེས་གནས་ལ་གཞི་ཚུགས་ནས།ཐབས་ཇུས་ཡང་དག་འདོན་པ་དང་། དམིགས་འབེན་ཡོ་བསྲང་བཅས་བྱས་ནས། རྒྱུན་ལྡན་གྱི་ལྟ་སྐུལ་ཞིབ་བཤེར་དང་མངོན་ཞིབ་ལྐོག་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད་ཆེད་དོན་བཅོས་སྒྲིག་ཏན་ཏིག་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་རལ་གྲི་བཏོན་ནས་ཚོང་གཉེར་ཁོར་ཡུག་གི“འགག་འགོག”ནུས་ཤུགས་ཡོད་རྒུས་བསལ་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

    ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས“ཁང་དང་ས་གནས”ཀྱི་མཉམ་འགུལ་ལྟ་སྐུལ་ལམ་སྲོལ་ཕྱོགས་བསྡུས་ཐོག་སྤྱད་དེ་འགན་ནུས་སྡེ་ཚན་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུགས་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།“ཉམས་ལེན་རྣམ་པ་+དངོས་སྡོད་ཞིབ་འཇུག་རྣམ་པའི་”ལྟ་སྐུལ་བྱེད་སྟངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཡོད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྡོ་མཁར་རྫོང་སོགས་གཙོ་གནད་མཛེས་ལྗོངས་ཁུལ་དུ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་མགྲོན་ཁང་སོགས་སུ་ལྟ་སྐུལ་བྱས་པ་རེད། མངོན་བཤེར་ལྐོག་ཞིབ་བྱས་པ་བརྒྱུད་གནད་ལ་འཁེལ་བའི་ངང་ངོས་འཛིན་ཐུབ་པ་བྱས་ཏེ“གནད་དོན་གྱི་རྩིས་ཐོ་སྤྲོད་པ་དང་དག་ཐེར་བྱ་རྒྱུར་སྤྲོད་པ།‘ཕྱིར་མིག་བལྟ་བའི’”ཕྱི་བཀག་ནང་སྡོམ་གྱི་ལམ་སྲོལ་བཙུགས་ནས་འགན་ནུས་སྡེ་ཚན་ལ་སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་རྒྱུའི་བཙན་སྐུལ་བྱས་ཏེ་སྤྱོད་གཙང་བདེ་ཆེན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ།

ཡུལ་སྐོར་བ་ཇེ་མང་དུ་སོང་བ་དེས་བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་གནོན་ཤུགས་དང་འགྲན་སློང་བཟོས་ཡོད། ཡུལ་སྐོར་བའི་ཡུལ་སྐོར་མྱོང་རོལ་མཐོར་འདེགས་གཏོང་ཆེད། རང་ཁུལ་གྱིས་ཡུལ་སྐོར་ཞབས་ཞུའི་གསར་གཏོད་སྤུས་ལེགས་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་གི་སྣང་ཚུལ་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ཡོད།བཙན་ཤེད་ཀྱིས་དངོས་ཟོག་ཉོ་རུ་འཇུག་པ་སོགས་ཀྱི་བྱ་སྤྱོད་ངན་པར་དམིགས་ནས་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ཡུལ་སྐོར་བས་བདེ་ཆེན་དུ་བློ་བདེ་བག་ཕེབས་ངང་ཟ་ཐུབ་པ་དང་ཉོ་ཐུབ་པ་བྱས་ཡོད།

    2024ལོའི་དགུན་ཁ་ནས་བཟུང་“གངས་འཁྱགས་དཔལ་འབྱོར”བདེ་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕར་གཞི་གསར་པར་གྱུར་ཡོད།ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་བསྐྱར་མ་བྱེད་པའི་འགན་ནུས་ངེས་གནས་གཞིར་བཟུང་།ཁོངས་གཏོགས་ཁུལ་དང་འགན་ནུས་སྡེ་ཁག་གི་ལས་སྒྲུབ་མི་སྣའི་ལས་ཀའི་སྤྱོད་ཚུལ་དང་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་དམ་པོར་དམིགས་ཏེ་ལྟ་སྐུལ་ཞིབ་བཤེར་བྱས།ཡུལ་སྐོར་བའི་བསམ་འཆར་ཆེ་བ་དང་ཡུལ་སྐོར་ལས་རིགས་གཉེར་མཁན་དང་དེ་བཞིན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་ཤེས་རྟོགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁོངས་གཏོགས་ཁུལ་དང་འགན་ནུས་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྐུལ་འདེད་བཏང་ནས་བདེ་ཆེན་གྱི“གངས་འཁྱགས་དཔལ་འབྱོར”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གཡས་གཞོགས་གཡོན་འདེགས་བྱས་པ་རེད།