འཇོལ་རྫོང་གིས་སྲིད་དོན་ཞབས་ཞུ་སྒྱུར་བཅོས་ལས་དོན་བཀོད་སྒྲིག་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར། འཇོལ་རྫོང་གིས་ཚོགས་འདུ་འཚོགས་ཏེ“ཕན་འབྲས་ཆེ་བའི་ངང་བྱ་བ་ཞིག་བསྒྲུབ་རྒྱུའི”སྒྱུར་བཅོས་ལས་དོན་ཆེད་དོན་བཀོད་སྒྲིག་བྱས་ཏེ་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་།           ཚད་གཞི་ཅན། སྟབས་བདེ་ཅན་བཅས་འཛུགས་སྐྲུན་དམིགས་ཚད་དུ་བྱས་ནས་སྲིད་གཞུང་གི་བཅོས་སྐྱོང་ཕན་ནུས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

        ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སྡེ་ཚན་ཁག་གིས“ཕན་འབྲས་ཆེ་བའི་ངང་བྱ་བ་ཞིག་བསྒྲུབ་རྒྱུའི་”སྒྱུར་བཅོས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དེ་ཉིད་སྲིད་དོན་ཞབས་ཞུའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། དྲ་ཕྱིའི་ཞབས་ཞུ་དེ“སྣ་གཅིག”དང་དྲ་ཐོག་ཞབས་ཞུར“དྲ་ཐོག་ཀུན་སྒྲུབ”བྱ་རྒྱུར་སྐུལ་འདེད་གཏོང་བ། ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་ཏེ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ལྟ་སྐུལ་དང་ཕན་འབྲས་འདྲི་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྡེ་ཚན་བཅའ་སྡོད་དང་། མི་སྣ་བཀོད་སྒྲིག དོན་ཚན་སྒྲུབ་པ། དབང་ཚད་སྤྲོད་པ་བཅས་ཀྱི“དོན་འཁྱོལ་བཞི”འགན་ལེན་བྱེད་པ། སྒྱུར་བཅོས་བྱས་པ་བརྒྱུད་མང་ཚོགས་ཀྱི་ལས་སྒྲུབ་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ཏེ་ཁེ་ལས་དང་མང་ཚོགས་ཚོར་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་ཡོང་བ་བྱེད་པ།