རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཁོར་ཡུག་གདེང་འཇོག་དང་ཞིབ་བཤེར་ཆོག་མཆན་འགོད་པའི་ཞབས་ཞུའི་ལམ་ལུགས་ཁྱོན་ཡོངས་ནས་ལེགས་བཅོས་དང་། ཁོར་ཡུག་གདེང་འཇོག་དང་ཞིབ་བཤེར་ཆོག་མཆན་འགོད་པའི་ཕན་ནུས་ཇེ་ཆེར་བཏང་སྟེ། གཙོ་གནད་ལས་གཞི་དོན་འཁྱོལ་བྱེད་པར་བརྒྱུད་རིམ་ཡོངས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།
2025ལོའི་ལོ་འཁོར་གྱི་རྣམ་གྲངས་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད་དང་། ལྷག་པར་དུ་ཁོར་ཡུག་གདེང་འཇོག་འགྲོ་ལུགས་གཉེར་དགོས་པའི་གཙོ་གནད་རྣམ་གྲངས་24ལ་དམིགས་ནས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་མཛུབ་ཁྲིད་བྱས་པ་དང་། ཞིབ་མཆན་འགོད་པའི་ལས་ཕྱོད་དང་གནད་སྨིན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་རེད།
ཞིབ་མཆན་འགོད་པའི་ཆ་རྐྱེན་འཛོམས་པའི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ཐོགས་མེད་བགྲོད་ལམ་ཕྱེ་སྟེ། འཕྲལ་མར་བདག་སྤྲོད་དང་ཞིབ་བཤེར་འཕྲལ་མར་ཞིབ་མཆན་འགོད་པ། བརྒྱུད་རིམ་ཧྲིལ་པོར་སྤུས་ཚད་མཐོ་བའི་སྒོ་ནས་རྣམ་གྲངས་ཞིབ་མཆན་འགོད་པའི་ལས་དོན་བསྒྲུབས་ཏེ། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་བདེ་བླག་ངང་དོན་འཁྱོལ་ཡོང་བར་རམ་འདེགས་བྱས་པ་རེད།