སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ད་ལོ་ཚུན་དུ་ཡུན་ནན་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

        གླིང་ཁུལ་གྱིས་བདེ་འཇགས་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་། འཕྲལ་སྡོམ་ནུས་པ་ཆེར་གཏོང་། བདེ་འཇགས་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་གླིང་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་བཏང་བ་རེད། ཉེན་ཆེའི་རྫས་འགྱུར་དངོས་རྫས་དང་། མེ་ཟོན། ཨར་ལས་རྒྱག་པ་སོགས་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་མི་སྣ་ཡོངས་“ཉེ་འགྲམ་གྱི་མངོན་མེད་རྐྱེན་ངན་འཚོལ་བའི”བྱེད་སྒོའི་ནང་ཞུགས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བཅོས་སྒྲིག་གནད་ལ་འཁེལ་བའི་འགན་ལེན་བྱེད་པ་དང་། འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གླིང་ཁུལ་གྱི་ཁེ་ལས་སྒྲིག་འཛུགས་བྱས་ཏེ་དངོས་འཐབ་ནང་སྦྱོང་དང་རང་སྐྱོབ་ཕན་ཚུན་སྐྱོབ་རེས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ཏེ“མི་ཚང་མས་འཕྲལ་སྡོམ་བྱེད་པ་དང་ཚང་མས་བདེ་འཇགས་ཤེས་པའི”བདེ་འཇགས་ཐོན་སྐྱེད་ཀྱི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་དང་། ཚོང་འདུས་ཉིན་མོར་བདེ་འཇགས་བློ་འདྲིའི་ཉིན་མོའི་བྱེད་སྒོ་སྤེལ་བ། ཁེ་ལས་སུ་བདེ་འཇགས་ཤེས་བྱའི་སྒྲོག་འགྲེལ་གཏིང་ཟབ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི“ལས་གནས་གཅིག་ལ་འགན་འཁྲི་གཉིས”དང“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། རིམ་པ་ཁག་གི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་གླིང་ཁུལ་ཡོངས་སུ་ཚེ་སྲོག་ལ་གཅེས་སྤྲས་དང་བདེ་འཇགས་ལ་དོ་ཁུར་བྱེད་པའི་རྣམ་པ་ཟབ་མོ་ཞིག་བཏང་བ་དང་།   འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དང་སྣོད་བཅུད་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་ནུས་ལྡན་བྱས་ནས“རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད”དང་ཆ་འཕྲིན་ཅན་གྱི་བྱ་ཐབས་བརྒྱུད་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཞབས་ཞུའི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ།