ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་63པ་(རྒྱ་བསྐྱེད)འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་63པ་(རྒྱ་བསྐྱེད)འཚོགས་པ།

    ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་།     སྐབས་ཉི་ཤུ་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན། དེ་བཞིན《བདེན་འཚོལ》དུས་དེབ་ཐོག་སྤེལ་བའི་རྩོམ་ཡིག་གལ་ཆེན《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་དགོས》ཞེས་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཀྲུང་དབྱང་དང་། ཞིང་ཨུ།    ཁུལ་ཨུ་བཅས་ཀྱི་ཉེ་དུས་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན།      སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དམངས་ཆེན་གྱི་མི་རིགས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།   མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཏེ་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམ་པོར་དམིགས་ནས་ཐབས་དང་ཇུས་ཧུར་ཐག་འདོན་དགོས།   ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བའི་ཐད་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཨུ།     ཁུལ་ཨུ་བཅས་ཀྱི་ལས་ཀའི་བླང་བྱ་གསར་ཤོས་དང་ལྟ་སྡུར་བྱེད་པ།      “སྒྲིག་འགལ་ངང་བཟའ་བཏུང་བྱེད་པ”དང“སྒྲིག་འགལ་ངང་ཆང་རག་འཐུང་རྒྱུ”སོགས་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བླང་བྱ་གཞིར་བཟུང་སློབ་སྦྱོང་དང་ཞིབ་བཤེར།       བཅོས་སྒྲིག་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།     འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་དང་།   ཁ་ཕྱོགས་དམ་འཛིན།     ཁྲིད་ཕྱོགས་དམ་འཛིན།      གཡུལ་སར་དོ་དམ།      དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱ་དགོས། བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། བཅའ་ཁྲིམས་བཟང་པོར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཅོས་སྐྱོང་ཡག་པོ་འགན་ལེན་བྱེད་དགོས།       མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ།            བདེ་ཆེན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གྱིས་བསྟན།

    ཞའོ་ཞུས་དང་།  དབྱང་ཅན་ཧྭ།       དབྱང་ཧྲུའུ་ཆི།       ཡུས་ཅིན་ཆོན།         ཡུས་ཡུང་ཧུང་བཅས་པ་ཚོགས་འདུར་ཞུགས་ཡོད།