བདེ་ཆེན་ཁུལ་ཚན་རྩལ་ཁང་སྒོ་འབྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།    ཉེ་སྔོན།     རང་ཁུལ་གྱི་ཁུལ་ཚན་རྩལ་ཁང་(སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཚན་རྩལ་ཁང་)གི་སྒོ་ཕྱེ་བ་དང་2025ལོའི་ཀྲུང་གོའི་སྐོར་སྐྱོད་ཚན་རྩལ་ཁང་སེམས་ཀྱི་ཉི་ཟླའི་ས་ཚིགས་སུ་སྐོར་འགྲེམས་བྱེད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།

    ཚན་རྩལ་ཁང་ནི་ཚན་རིག་པའི་བསམ་པའི་སློབ་གསོའི་རྟེན་གཞི་དང་། མདུན་གྲལ་གྱི་ཚན་རྩལ་ཉམས་ལེན་རྟེན་གཞི། སྤྱི་པའི་བདེ་འཇགས་ཀྱི་བདེ་ཐང་སློབ་གསོའི་རྟེན་གཞི། ཚན་རིག་སློབ་གསོའི་ཐོན་ཁུངས་གཅིག་བསྡུས་བྱེད་གནས་བཅས་ཡིན།

    བདེ་ཆེན་ཁུལ་གྱི་ཚན་རྩལ་ཁང་(སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཚན་རྩལ་ཁང་)འཛུགས་སྐྲུན་བྱ་རྒྱུ་ནི་རང་ཁུལ་གྱིས་ཚན་སློབ་ལ་བརྟེན་ནས་ཡུན་ནན་དར་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་དང་ཤེས་ལྡན་མི་སྣ་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་གསར་གཏོད་རྣམ་པའི་ཡུན་ནན་འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། 《ཡུན་ནན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་སྤྱོད་ལག་བསྟར་ཇུས་གཞི》ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། བདེ་ཆེན་ཁུལ་གྱི་ཚན་རིག་ཁྱབ་གདལ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་གི་ལྟེ་བའི་གཡུལ་ས་གཏོད་པ་དང་། བདེ་ཆེན་ཁུལ་གྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།བདེ་ཆེན་ཁུལ་གྱི་གསར་གཏོད་འཕེལ་རྒྱས་ཀྱི་རྨང་གཞི་ཟབ་ཏུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    བདེ་ཆེན་ཁུལ་གྱི་ཚན་རྩལ་ཁང་སྒོ་ཕྱེ་བ་དང་ཀྲུང་གོ་སྐོར་སྐྱོད་ཚན་རྩལ་ཁང་སེམས་ཀྱི་ཉི་ཟླའི་བབས་ཚུགས་ཀྱི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པ་དེས་བདེ་ཆེན་ཁུལ་གྱི་ཚན་རིག་ཁྱབ་གདལ་གྱི་ཐོན་ཁུངས་དཀོན་པ་དང་ཚན་རིག་ཁྱབ་གདལ་གྱི་གཡུལ་ས་ཉམས་ཞན་གྱི་ད་ལྟའི་གནས་ཚུལ་ལ་ཁ་གསབ་ནུས་ལྡན་བྱས་ནས་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ཚན་རིག་ཁྱབ་གདལ་དང་། ཚན་རྩལ་སློབ་སྦྱོང་། ཚན་རིག་ཉམས་ལེན་བཅས་ནང་ཞུགས་རྒྱུར་དེ་བས་སྤུས་ལེགས་ཀྱི་སྟེགས་བུ་ཞིག་གཏོད་རྒྱུ་རེད།

ཉིན་འདིའི་འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། ཁུལ་དང་དེ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་འགན་འཁྲིའི་ཚན་པའི་འབྲེལ་ཡོད་འགོ་ཁྲིད་དང་སྡེ་ཁུལ་མང་ཚོགས་ཀྱི་འཐུས་མི་ཁུལ་ཚན་རྩལ་ཁང་དུ་ཕེབས་ནས་འགྲེལ་བཤད་པའི་སྣེ་ཁྲིད་འོག་གོ་རིམ་ལྡན་པའི་ངང་ལྟ་སྐོར་བྱས་པ་རེད། འབྲེལ་ཡོད་སྡེ་ཚན་གྱིས་ད་དུང“ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་བློ་རིག་གི་འོད་ཟེར་འཕེལ་བར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཚན་རིག་ཁྱབ་གདལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཆེད་དོན་མ་དངུལ་སྒོར་ཁྲི་153.9བཀོད་སྒྲིག་བྱས་པ་དང་ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་སྣེ་འཁྲིད་དེ་ཁུལ་སློབ་རྩལ་ཅུས་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་ཕྱིའི་བྱེད་སྒོའི་ལྟེ་གནས་ཀྱི་ས་ཆ་ཁག་གཅིག་བེད་སྤྱོད་གང་ལེགས་བྱས་ཏེ་ཚན་རྩལ་ཁང་བསྐྱར་སྐྲུན་གྱི་རྣམ་གྲངས་ལ་ཕན་འབྲས་ཆེ་ལ་ཚད་ལྡན་ངང་སྐུལ་འདེད་བཏང་བ་རེད།  

    ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་ད་དུང་རང་ཁུལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རིན་ཐང་སྒོར་ཁྲི་200ཡི་ཀྲུང་གོའི་སྐོར་སྐྱོད་ཚན་རྩལ་ཁང་གི་སྒྲིག་ཆས་ཆ་ཚང་ཞིག་སྒྲིག་སྦྱོར་བྱས་ཡོད།    2024ལོའི་ལོ་མཇུག་ཏུ་རང་ཁུལ་གྱི་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུང་གོའི་གྲོང་གསེབ་ཀྱི་ཕྱུག་འགྱུར་ལག་རྩལ་འཕྲིན་བརྒྱུད་སློབ་ཆེན་བདེ་ཆེན་ཡན་ལག་སློབ་གྲྭར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་ཁང་གི་སྒོ་བྱང་སྣོན་འགེལ་བྱས་པ་རེད།