ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2025ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་6པའི་ཚེས་10ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2025ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གཅིག་སྡུད་བགྲོ་གླེང་ཐེངས་གཉིས་པ་སྤེལ་བ། 

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།《ཏང་སྲིད་ལས་ཁུངས་ཀྱིས་ཧུར་བསྲི་གྲོན་ཆུང་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》དང་གཅིག་སྡུད་ཐོག་སྒྲིག་འགལ་ངང་བཟའ་བཏུང་བྱེད་པར་བཅོས་སྒྲིག་བྱ་རྒྱུ་སྐོར་གྱི་འབྲེལ་ཡོད་བརྡ་ཐོ་སློབ་སྦྱོང་གནང་།

    ཁུལ་ཨུའི་ཧྲུའུ་ཅི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན་ཞུགས་པ།

    ཕེང་ཧྲན་དང་ཀྲུའུ་ཧུང་། ལིའོ་ཝེ་ཚའེ། ལུའུ་ཀྲི་ཅུན།  དབྱང་ཞུའེ་ཝུན། ཧུའུ་ཧྥེན་ཞུང་། ལི་ཐའོ་བཅས་ཀྱིས་སློབ་སྦྱོང་གི་བརྗོད་བྱ་གཙོ་བོར་དམིགས་ནས་སྤེལ་རེས་དང་གཏམ་བཤད་གནང་།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་སྐོར་གྱི་རྣམ་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། གཞི་གཅིག་ཏུ་སློབ་སྦྱོང་། གཞི་གཅིག་ཏུ་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བདེ་ཆེན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གྲུབ་འབྲས་གསར་པར་འགྱུར་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞིང་ཨུའི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། འཕྲལ་སྒྲུབ་འཕྲལ་བཅོས། ཕྱོགས་ཡོངས་ནས་དོན་འཁྱོལ། རྒྱུན་གཏན་དང་ཡུན་རིང་། ནན་པོ་དང་ཏན་ཏིག གཏིང་ཟབ་དང་ཞིབ་ཚགས་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དོན་འཁྱོལ་ནས་ཕན་འབྲས་ཐོན་པར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དུས་རིམ་སྔོན་མའི་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ཕྱོགས་བསྡོམས་དང་ལེགས་སྒྲིག་ནན་ཏན་བྱེད་པ་དང་། གནད་དོན་ཡོད་རིགས་འཚོལ་ཞིབ་གཏིང་ཟབ་བྱེད་པ། གོམ་སྟབས་རྗེས་མའི་འབད་བརྩོན་བྱེད་ཕྱོགས་ཁ་གསལ་བྱེད། རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པ། དཔེ་སྟོན་སྣེ་ཁྲིད་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་སྣེ་ཁྲིད་དེ་དམ་འཛིན་ཡག་པོ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ནམ་རྒྱུན་དང་འདྲེས་པ་དང་། རྒྱུན་དུ་དམ་འཛིན་བྱས་ཏེ་ལེའུ་རེ་རེ་བཞིན་དང་ཚིག་རེ་རེ་བཞིན་ནས་ཡང་བསྐྱར་སློབ་སྦྱོང་དང་། བསམ་གཞིགས། ཞིབ་བསྡུར་བཅས་བྱས་ཏེ་སྦྱངས་ནས་བསམ་གཞིག་ཐུབ་པ། སྦྱངས་ནས་འབྲས་བུ་ཐོན་པ། སྦྱངས་ནས་གོ་རྟོགས་སད་པ་བཅས་དངོས་སུ་བྱེད་དགོས།  སྣེ་ཁྲིད་དེ་གནད་དོན་འཚོལ་བཤེར་གཏིང་ཟབ་དང་། གནད་དོན་ཞིབ་ཐོ་ལ་འགུལ་རྣམ་དོ་དམ་བྱེད་པ། དག་ཐེར་ཡོ་བསྲང་བྱེད་ཐབས་གཏན་འབེབས་ནན་ཏན་བཅས་བྱས་ཏེ། གནད་དོན་བཤེར་འདོན་གཏིང་ཟབ་པོ་དང་མཐར་ཕྱིན་པ་མ་བྱུང་བ། ཁྲལ་སེལ་སླ་བཅོས་དང་དག་ཐེར་ཡོ་བསྲང་བྱེད་ཐབས་ཧ་རེ་ཧུ་རེར་འགྱུར་རྒྱུ་ལ་སྔོན་འགོག་བྱེད་དགོས། སྣེ་ཁྲིད་དེ་གཅིག་སྡུད་བཅོས་སྐྱོང་ནན་པོ་བྱེད་པ་དང་འཕྲལ་མར་ཞིབ་བཤེར་དང་ཡོ་བསྲང་བྱེད་ཐུབ་རིགས་ལ་ཡོ་བསྲང་བྱེད་འགོ་གང་མགྱོགས་འཛུགས་པ། གནས་ཚུལ་རྙོག་འཛིང་ཆེ་ཞིང་སྐབས་ཤིག་རིང་རྩ་བ་ནས་མེད་པ་བཟོ་མི་ཐུབ་པའི་རིགས་ལ་དམ་པོར་དམིགས་ནས་ལྷོད་གཡེང་མི་གཏོང་བ་དང་མུ་མཐུད་དུ་བཅོས་སྐྱོང་བྱེད་དགོས། སྒོ་དབྱེའི་སློབ་གསོ་མཐའ་འཁྱོངས་བྱས་ཏེ་རང་རྟོགས་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ཤན་འབྱེད་དང་ལེན་བྱེད་དགོས། སྣེ་ཁྲིད་དེ་《ཏང་སྲིད་ལས་ཁུངས་ཀྱིས་ཧུར་བསྲི་གྲོན་ཆུང་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱས་ཏེ་སྲོལ་ཡིག་གི་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་དང་གཏན་འབེབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། སྣེ་ཁྲིད་དེ་ཟ་མཁས་འཐུང་མཁས་བྱས་ཏེ་མ་དངུལ་སྔར་ལས་མང་བ་ཞིག་འཕེལ་རྒྱས་གཏོང་རྒྱུའི་དགོས་མཁོ་དང་དམངས་འཚོའི་རེ་བར་སྤྱོད་དགོས། གྲོན་དངུལ་དོ་དམ་དང་། རྒྱལ་ནང་གི་གཞུང་དོན་སྣེ་ལེན། གཞུང་དོན་དུ་རླངས་འཁོར་སྤྱོད་པ་སོགས་ཀྱི་ལམ་ལུགས་དང་གཏན་འབེབས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ།འཕྲོ་བརླག་ལ་ངོ་རྒོལ་གྱི་ལྟ་སྐུལ་ཞིབ་བཤེར་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གྲོན་ཆུང་རྣམ་པའི་ལས་ཁུངས་འཛུགས་སྐྱོང་ལ་རྒྱུན་མཐུད་དུ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས།

    ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཁོངས་མི་དང་འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སློབ་སྦྱོང་ནང་ཞུགས་ཡོད།