བཅོས་སྐྱོང་བྱེད་ནུས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།——ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    རྒྱལ་ཁབ་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ནི་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་རྨང་རྡོ་ལྟ་བུ་ཡིན། ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་བསྟན་དོན། བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ང་ཚོར་ལས་ཀའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

    མིག་སྔར། བདེ་ཆེན་ནི་སྲིད་ཇུས་རྩེག་སྣོན་གྱི་གོ་སྐབས་དང་། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དུས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་དུས་མཚམས་བཅས་སུ་སླེབས་ཡོད། “འགྲན་སློང་བཞི”གཅིག་ཐོག་གཅིག་བརྩེགས་ཡིན་པས་གཏན་འཁེལ་མེད་པ་དང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད། བདེ་ཆེན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་འཁུར་བ་དང་། “སྤྲོད་པ་གསུམ་དང་ཕན་པ་གཅིག”གི་འཕེལ་རྒྱས་རྩ་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

    རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི“སྔོན་འགོག”གི་རང་འགུལ་དམག་འཐབ་དང“ཐག་གཅོད”ཀྱི་གྲ་སྒྲིག་དམག་འཐབ་ངེས་པར་དུ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་ལས་དོན་རྒྱུན་གཏན་དུ་སྤེལ་བ་དང་དམ་འཛིན་བྱས་ཏེ་ཉེན་ཁ་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། 

    རྒྱལ་ཁབ་ཀྱི་བདེ་འཇགས་དང་།མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གཏིང་ཟབ་བྱེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་“བདེ་སྐྱིད་ལྡན་པའི་མེ་ཏོག་བཞད་པ”དང་།“ཡལ་རྒྱས་སྐྱེས་འབར།”“གཙང་གསུམ་ལྟེ་བའི་སེ་འབྲུའི་རབ་དམར།”ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་རིག་གནས་རྩེ་གྲ་སོགས་ཀྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་དགོས། མི་རིགས་ཁག་ཕྱོགས་ཡོངས་ནས་ཞུགས་པའི་ལག་ལེན་གྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས“འཆར་གཞི་ཁག་གསུམ”ལག་བསྟར་གཏིང་ཟབ་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལུས་རྩལ་ལ་སྐུལ་འདེད་བཏང་ནས“སྤེལ་རེས་གསུམ”གྱི་ལས་དོན་ལ་སྐུལ་འདེད་གཏོང་བ། “སྲོག་ཤིང་ལ་བརྩི་བཀུར་དང་། བློ་ཁ་པེ་ཅིང་ལ་བཏོད་པའི”ཞིབ་འཇུག་སློབ་སྦྱོང་། མཐུན་སྒྲིལ་ཡར་ཐོན་བློ་གཅིག་སེམས་གཅིག་ངང་སྒར་རྒྱག་པ་སོགས་ཀྱི་བྱེད་སྒོའི་ནུས་པ་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་ཁོངས་ཡོངས་ཀྱི་གསར་བཟོ་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་།    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང་དང་དཔེ་བཟང་མི་སྒེར་ཁག་གཅིག་ཧུར་ཐག་གསོ་སྐྱོང་དང་འདེམས་སྒྲུག་བྱས་ཏེ།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་སུ་རྩ་བ་ཚུགས་པ་དང་།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་བྱ་སྤྱོད་ཁག་ལ་བརྩི་ཐུབ་པ་བྱེད་དགོས།

    རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་སྟེ“སེམས་གསོ་ཕྱོགས་མཐུན་པའི”བསམ་བློའི་སློབ་གསོ་དང“ཚད་གཞི་བཞིའི”བྱ་སྤྱོད་འཆར་གཞིར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རང་ཁུལ་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་དཔེ་བཟང་ས་ཁུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས། ཆོས་ལུགས་དང་ཆོས་ལུགས་ལས་དོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་དགོངས་དོན་ཁོང་དུ་ཆུད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བྱང་ཆུབ་པའི“རྒྱ་ཡིག་བོད་ཡིག་གཉིས་མཁས་ཀྱི་”གྲྭ་བཙུན་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ལས་དོན་ཤེས་པ་དང་། མང་ཚོགས་ཀྱི་ལས་དོན་སྒྲུབ་ཤེས་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་འཇོན་ཐང་ལྡན་པའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས།

    རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་ངེས་པར་དུ་སྤྱི་ཚོགས་བཅོས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་ཁག་གི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་དང་། ཡིག་བསྐུར་ངོ་བཅར་ལས་དོན། སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན། ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ དུས་བདེ་ཞི་མཐུན་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། “གནང་བ་གསུམ་དང་ཕན་པ་གཅིག”གི་འཕེལ་རྒྱས་རྩ་དོན་དོན་འཁྱོལ་ནན་ཏན་བྱེད་པ། རེས་སྐོར་གསར་པའི་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཐག་ཉེ་ས་ནས་ལས་ཞུགས་དང་ཕྱིར་གནས་སྤོ་ལས་ཞུགས་མཉམ་དུ་བྱ་རྒྱུ་མཐའ་འཁྱོངས། མཐོ་སློབ་སློབ་ཐོན་སློབ་མ་དང་། དབུལ་སྒྲོལ་མི་འབོར་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱི་སྒོ་འགྲམ་གྱི་སློབ་གྲྭ་དང་སྨན་ཁང་ཡག་པོ་གཉེར་བ། “རྒན་རྒོན་དང་བྱིས་པའི་གཟིགས་སྐྱོང་ཞབས་ཞུར་ཤུགས་སྣོན་རྒྱག་པ། རྒན་གསོ། སྨན་བཅོས། ལས་ཤོར་སོགས་འགན་བཅོལ་ནང་ཞུགས་རྒྱ་ཆེ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་བརྟེན་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་བདེ་ཆེན་གྱི་དོན་ཆེན་ཨང་དང་པོ་རེད། ང་ཚོས་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་འབྲེལ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་མཐའ་དག་ལ་བརྩིས་ནས་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།