རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཁུལ་སྨན་བཅོས་འགན་སྲུང་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཅུས་ཀྲང་ཧྥེང་ཡུས་པིན་གྱིས་ཉེ་བའི་ལོ་ཤས་རིང་ཁུལ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ལས་འགན་དང་བོར་བཞག་ལ། ཏང་འཛུགས་སྐྱོང་དང་དཔུང་སྡེ། ལས་སྒོ་འཛུགས་སྐྱོང་སོགས་གཏིང་ཟབ་མཉམ་འདྲེས་ཐུབ་པ་བྱས་ཏེ། “ངས་མང་ཚོགས་ཀྱི་ཆེད་དུ་ལས་དོན་སྒྲུབ་”ཅེས་པའི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བྱས་པ་དང་། “གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་དང་། “བདུན་གཅིག་”འབྲེལ་གཏུག་ས་ཚིགས་བཙུགས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་ལས་ཀའི་ནང་རྐྱེན་གཏིང་ཟབ་སྤེལ་བ། སྤྱོད་གཙང་བདེ་ཆེན་འཛུགས་སྐྲུན་གྱི་“དམངས་ཕན་བྱ་སྤྱོད”ལ་སྐུལ་འདེད་བཏང་སྟེ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་སྔར་ལས་སྟོབས་ལྡན་དང་། སློབ་གསོ་དང་སྲིད་དབང་འཛུགས་སྐྱོང་སྔར་ལས་བརྟན་པོ་ཡོང་བར་བྱེད་ཡོད་ལ། གོམ་སྟབས་རྗེས་མར་ལས་ཁུངས་འདིས་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་བྱེད་ལ། རྒྱུན་མཐུད་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འགན་བཅོལ་གྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་རྒྱུ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མཐའ་ཚད་བརྟན་སྲུང་། བཅོས་སྒྲིག་ནན་པོ་བཅས་བྱས་ཏེ། ཆབ་སྲིད་བློས་འགེལ་ཆོག་པ་དང་། ནུས་པ་ཆེ་བ། སྤྱོད་ཚུལ་བཟང་བ་བཅས་ཀྱི་སྨན་བཅོས་འགན་བཅོལ་འཇོན་མི་ཆེད་དམིགས་བསྐྲུན་པའི་བྱ་སྤྱོད་གོ་སྐབས་སུ་བྱས་ཏེ། ཏང་འཛུགས་སྐྱོང་དང་ལས་སྒོ་ཀྱི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་བཅོལ་སྲིད་ཇུས་དོན་འཁྱོལ་དང་ཐེབས་རྩ་ལྟ་སྐུལ་དོ་དམ་སོགས་ཀྱི་ལས་ཀའི་ཁྲོད་དུ་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཀྱི་དངུལ་དང་སྲོག་སྐྱོབ་ཀྱི་དངུལ་སྲུང་སྐྱོང་ཡག་པོ་བྱས་ཏེ། བདེ་ཆེན་སྨན་བཅོས་ལས་དོན་བྱ་གཞག་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་བྱ་རྒྱུ་ཡིན་ཞེས་བཤད།
ཁུལ་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའུ་ཡི་ཁོངས་མི།ཀྲུའུ་ཞི་གཞོན་པ་དབྱང་མེང་ལིན་གྱིས་ཏང་དང་སྲིད་གཞུང་གི་ལས་བཟོ་བ་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་ཞིག་ཡིན་པའི་ཆ་ནས། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་བརྡ་ཡོད་པ་དང་། ཏང་ཀྲུང་དབྱང་ལ་བཀོད་སྒྲིག་ཡོད་པ། ཡུན་ནན་ལ་བྱ་འགུལ་ཡོད་པ། བདེ་ཆེན་ལ་དོན་འཁྱོལ་ཡོད་པ”ཞེས་པའི་བླང་བྱ་དམ་པོ་སེམས་ལ་བཟུང་ནས། རང་འགུལ་ངང་བསམ་བློ་གཏོང་བ་དང་། ལས་ཀ་ཏན་ཏིག་བྱེད་པ། ཕན་འབྲས་ལ་བལྟ་བ་བཅས་ཀྱི་ལས་དོན་དམ་འཛིན་གྱི་“ཁག་གསུམ་”ཚད་གཞིར་བརྩིས་ནས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་བྱས་ཏེ་ཁུལ་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་ལས་བཟོ་བ་དང་ཕན་སྐུལ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་རྒྱུ་རེད། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། མཐུན་སྒྲིལ་གྱི་“སེམས་མཐུན་སྒོར་མོ་”ཡག་པོ་འབྲི་བ། “བློ་སྦྱོང་”དང་“རྨང་བརྟན་”ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་བཟོ་བའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ལས་བཟོ་བས་ཏང་གི་སྐད་ཆ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བཟོ་བས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་ཐུབ་པ་བྱེད་དགོས། དམངས་འཚོ་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་དང་། ཏང་སྲིད་ཀྱིས་ཐུགས་ཁུར་བརྒྱུད་སྤྲོད་བྱེད་པ། རྒྱུན་མཐུད་གཙང་འབྱིད་ཀྱིས་དྲོ་སྐྱིད་དང་། སྨན་བཅོས་རོགས་སྐྱོར། སྨན་བཅོས་ངལ་གསོ་སོགས་ཀྱི་ཞབས་ཞུའི་སྤུས་རྟགས་ཀྱི་ཐོག་ནས་ཏང་དང་སྲིད་གཞུང་ཀྱི་དྲོ་སྐྱིད་དེ་ལས་བཟོ་བས་མཐོང་ཐུབ་པ་དང་རེག་ཐུབ་པའི་བདེ་སྐྱིད་དུ་གྱུར་ཡོད། འཛད་སྤྱོད་རོགས་སྐྱོར་དང་གྲོང་གསེབ་དར་རྒྱས་སོགས་མངའ་ཁོངས་དུ་བཟོ་ཚོགས་ཀྱི་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལ་བཟོ་ཚོགས་ཀྱིས་ཇུས་གཞི་མཁོ་འདོན་བྱས་ཡོད། ཁེ་དབང་སྲུང་སྐྱོང་འགན་སྲུང་ལས་དོན་ཏན་ཏིག་བསྒྲུབས་ནས་བཟོ་ཚོགས་ཀྱི་འགན་འཁུར་གསལ་སྟོན་བྱས་ཏེ། ར་བ་གཉིས་ཀྱི་གཡུལ་འགྱེད་ནང་“སྔོན་འགོག་”དང་“ཐག་གཅོད་”བྱེད་སྐབས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ལས་བཟོ་བའི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་ནུས་ཤུགས་ཡོད་རྒུས་དངོས་སུ་བསྒྲུབས་ཏེ་ལས་བཟོ་བ་མང་ཚོགས་ཀྱི་“ཕ་མའི་ཁྱིམ་མི”ཡག་པོ་བྱས་ནས་ལས་བཟོ་བའི་ངལ་རྩོལ་མངའ་ཁོངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ལས་བཟོ་བའི་ཁེ་དབང་སྲུང་སྐྱོང་དང་བརྟན་བརླིང་སྲུང་སྐྱོང་གི་“རྩོམ་ཡིག་གཉིས”ནན་ཏན་གྱིས་ཡག་པོ་འབྲི་དགོས་ཞེས་བཤད་པ་རེད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་ཝང་ཡོན་གྱིས་གྲོང་ཁྱེར་སྡེ་ཁུལ་ཏང་གི་རྩ་འཛུགས་ནི་གྲོང་ཁྱེར་གཞི་རིམ་དུ་ཏང་གི་ལས་དོན་ཡོངས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན་པ་དང་ཏང་ཀྲུང་དབྱང་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“སྤྱི་ལེ་མཐའ་མ་ཡིན”ཡིན། ཁུལ་ཨུ་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་ཆུ་སྙོམས་སོགས་ཀྱི་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་པས་རྒྱ་ལམ་སྡེ་ཁུལ་གྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཚོགས་འདུའི་སྙིང་སྟོབས་དོན་ཐོག་ཏུ་འགྲོ་བར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་རྒྱུ་རེད། སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་གཞི་རིམ་སྤྱི་ཚོགས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཁུལ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་སྲིད་ཇུས་སྒྲོག་སྤེལ་དང་འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་སོགས་ཀྱི་ལས་དོན་རྒྱུན་ལྡན་ཅན་དུ་སྤེལ་ནས་ཆག་པ་ཏང་གི་རྩ་འཛུགས་ཀྱི་ལེགས་ཆ་སྡེ་ཁུལ་ཀྱི་བཅོས་སྐྱོང་དུ་བསྒྱུར་རྒྱུ་རེད། བློ་གྲོས་སྡེ་ཁུལ་གྱི་(ཁང་པ་སོགས་ཀྱི)སྟེགས་བུ་ལ་བརྟེན་ནས“དྲ་ཐོག་དང་དྲ་མིན”མཉམ་འགུལ་བཅོས་སྐྱོང་མ་ལག་འཛུགས་པ་དང་། གྲོང་མིའི་བསམ་འཆར་ལྡོག་སྐྱེལ་དང་ཡུར་བུ་རྒྱ་ཆེར་བཏང་སྟེ། གནད་དོན་མགྱོགས་པར་དང་ལེན་དང་ནུས་ཆེའི་ཐག་གཅོད་བྱེད་རྒྱུ་མངོན་འགྱུར་བྱས་པ། ལས་ཞུགས་དང་། སློབ་གསོ་སྨན་བཅོས་སོགས་དམངས་འཚོ་མངའ་ཁོངས་ལ་དོ་གནས་ཀྱིས་མངའ་ཁུལ་སྡེ་ཚན་དང་མཉམ་འབྲེལ་ཐོག་རྩལ་ནུས་གསོ་སྦྱོང་དང་འོས་འགན་སྨན་བཅོས་སོགས་ཀྱི་ཞབས་ཞུ་སྤེལ་ནས་སྡེ་ཁུལ་གྲོང་མི་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མང་ཚོགས་རྒྱ་ལམ་སྡེ་ཁུལ་དུ་ཡོང་བ་དང་། སྡོད་ཐུབ་པ། མཉམ་འདྲེས་ཐུབ་པ། མཉམ་འདྲེས་ཡག་པོ་བཅས་ཡོང་བ་བྱེད་ཀྱི་ཡོད་ཅེས་བཤད་པ།