རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་སྲིད་གཞུང་གི་བརྟག་ཞིབ་ཚོ་ཆུང་གི་རུ་སྣེ་ཁྲིད་དེ་འཇོལ་རྫོང་དང་འབའ་ལུང་རྫོང་དུ་བསྐྱོད་ནས་2025ལོའི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་དེ་བཞིན་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།ཁོང་གིས་ཡིད་ཆེས་བརྟན་པོ་དང་།གཙོ་གནད་ལ་དམིགས་པ།འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ལོ་སྟོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་“དུས་ཚོད་ཕྱེད་ཀ་ལས་བརྒལ་བ་དང་ལས་འགན་ཕྱེད་ཀ་ལས་བརྒལ་བ་”འགན་ལེན་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་བདེ་བླག་ངང་ལེགས་འགྲུབ་ཡོང་བར་རྨང་གཞི་ཡག་པོ་འདིང་དགོས་ཞེས་ནན་གྱིས་བསྟན་པ་རེད།
འཇོལ་རྫོང་དུ།བརྟག་ཞིབ་ཚོ་ཆུང་དང་བཅས་པས་སྔ་རྗེས་སུ་འཇོལ་རྫོང་མི་དམངས་སྨན་ཁང་གཉིས་པའི་ལུས་གསོའི་སྨན་བཅོས་ཞབས་ཞུའི་ལྟེ་གནས་དང་།G214ལམ་ཐིག་མཚམས་ཆུ(ཡུན་བོད་ཁོངས)ནས་འཇོལ་རྫོང་གྲོང་དུམ་བར་གྱི་གཞུང་ལམ(འཇོལ་ནས་ཚྭ་ཁ་ལྷོ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ)འཇོལ་ནས་འབའ་ལུང་བར་གྱི་གཞུང་ལམ་གྱི་ཡེ་ཀྲི་ལམ་དུམ་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་མ་ཟད།ཡེ་ཀྲི་གྲོང་རྡལ་དུ་འཇོལ་རྫོང་གི་དཔལ་འབྱོར་ལས་དོན་གྱི་ཡུལ་དངོས་གཞུང་ལས་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་བརྟག་ཞིབ་ཚོ་ཆུང་གིས་འཇོལ་རྫོང་གི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ་ད་ཡོད་ཀྱི་གནད་དོན་དང་ཐག་གཅོད་བྱ་ཐབས་ལ་གྲོས་བསྡུར་གཏིང་ཟབ་བྱས་ཏེ་གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།ཀྲང་ཝེ་ཏུང་གིས་ནན་གྱིས་བསྟན་དོན།འཇོལ་རྫོང་གིས་རང་ངོས་ཀྱི་གནོན་ཤུགས་ཆེ་རུ་གཏོང་བ་དང་མྱུར་ཚད་མགྱོགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྗེས་སུ་ལུས་པའི་དམིགས་ཚད་དང་རྗེས་སུ་ལུས་པའི་རྣམ་གྲངས་ལ་ཆེད་དོན་ཞིབ་འཇུག་དང་ཚད་གཞི་མཐོ་པོའི་སྒོ་ནས་སྐུལ་འདེད་བཏང་སྟེ་ལོ་སྟོད་ཀྱི“ཕྱེད་ཀ་ལྷག་ཙམ་གཉིས”ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས།རྣམ་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་གང་ཐུབ་བྱེད་པ་དང་།ལས་འགོ་འཛུགས་པར་སྐུལ་འདེད་དང་།མཛོད་འཇུག་དམ་འཛིན།ལྟ་སྐུལ་མྱུར་ཚད་བཅས་ཀྱི་ལས་ཀ་དམ་འཛིན་བྱས་ཏེ།ལས་གཞི་གལ་ཆེན་སྐུལ་སྤེལ་གང་མགྱོགས་གཏོང་བར་འགན་ལེན་བྱ་དགོས།རྫོང་རིམ་པའི་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ཇུས་འགོད་དང་།རྣམ་གྲངས་དམ་འཛིན།རྣམ་གྲངས་ཁྱབ་གདལ་བཅས་བྱས་ཏེ་རྣམ་གྲངས་ཀྱི་ལས་འགོ་འཛུགས་ཚད་དང་།མཛོད་འཇུག་བྱེད་ཚད།མ་འཇོག་ལེགས་སྒྲུབ་བྱེད་ཚད་བཅས་སྔར་བས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མཉམ་ཤུགས་ལ་བརྟེན་ནས་སྐུལ་འདེད་གཏོང་བ།ཡར་རྒྱས་བརྩོན་ལེན་བྱེད་པ།རྨང་གཞིའི་ལས་ཀ་ཏན་ཏིག་སྒྲུབ་པ་བཅས་བྱ་དགོས།
འབའ་ལུང་རྫོང་དུ།བརྟག་ཞིབ་ཚོ་ཆུང་དང་བཅས་པས་སྔ་རྗེས་སུ་ཐུའོ་པ་ཆུ་ཤུགས་གློག་ཁང་གི་ཁུའུ་ཨན་གྱི་འཕྲལ་སྡོམ་ཐག་གཅོད་ལས་དོན་དང་ཁང་ཕུ་གྲོང་རྡལ་འཛུགས་སྐྲུན་བྱས་ཚུལ་དང་། གཡུ་ལུང་རྫོང་ནས་འབའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་དང་།འབའ་ལུང་ཆིང་ཧྲུའེ་ཝན་སྤྱི་ཁང་།འབའ་ལུང་ཆིང་ཧྲུའེ་ཝན་མཚོ་འགག་ཆེན་པོའི་ཚོང་ལས་སོགས་་ལ་བརྟག་ཞིབ་གནང་བ་རེད།
དེ་རྗེས་འབའ་ལུང་རྫོང་གི་དཔལ་འབྱོར་ལས་དོན་གྱི་ཡུལ་དངོས་གཞུང་ལས་ཚོགས་འདུའི་ཐོག ཀྲང་ཝེ་ཏུང་གིས་འབའ་ལུང་རྫོང་གིས་དམིགས་ཚད་གཏན་འཁེལ་དང་ཡིད་ཆེས་བརྟན་དུ་གཏོང་ནས།འཕེལ་རྒྱས་ཀྱི་གོ་སྐབས་དང་སྲིད་ཇུས་ཀྱི་སྐར་ཁུང་དུས་ལ་དམ་པོར་དམིགས་ཏེ།“དུས་དང་རྣམ་པ་ཀུན་ཏུ་བློ་བདེའི་ངང་འབབ་མི་ཐུབ་པའི”འགན་འཁྲི་འཁུར་ནས་རང་འགུལ་ངང་ལས་དོན་སྒྲུབ་པ་དང་།ཚན་རིག་དང་མཐུན་པའི་ཇུས་འགོད་དང་གནད་སྨིན་ཇུས་འདོན་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་དང་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་འགན་ལེན་བྱེད་དགོས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་ཇེ་མཐོར་གཏོང་བ་དང་།འཕར་སྣོན་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མིག་སྔའི་ལས་ཀའི་གཙོ་གནད་ལས་འགན་དུ་བཟུང་སྟེ།འཕེལ་རྒྱས་འགྲོ་ཕྱོགས་ལ་དམིགས་ཏེ་ཕུགས་རིང་དོན་གཉེར་བྱེད་པ་དང་།རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།ལོ་རྒྱུས་ལ་འགན་འཁུར་བ་དང་།ས་གནས་ལ་འགན་འཁུར་བ།མང་ཚོགས་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ཡག་པོ་བསྒྲུབ་དགོས། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྣེ་ཁྲིད་དང་སྤྱིའི་དམ་འཛིན་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ།ཁུལ་རིམ་པའི་དཔལ་འབྱོར་ལས་དོན་གྱི་ཆེད་ཚན་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ།ཤུགས་ཚད་སྔར་བས་ཆེ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་ལ་བརྟེན་ནས་བདེ་ཆེན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
དབྱང་ཞུའེ་ཝེ་དང་ཧུའུ་ཧྥེན་ཞུང་། ལིན་ཧའོ། ལི་ཐའོ། ཀྲའོ་ཞའོ་ཕིང་།ཁུལ་རིམ་པའི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་གཙོ་བོ་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།