རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཡང་ལོ་གཅིག་གི་མཐོ་རྒྱུགས་དུས་ལ་སླེབས་ཡོད། 2025ལོར་བདེ་ཆེན་ཁུལ་དུ་བསྡོམས་པས་སློབ་མ་1841མཐོ་རྒྱུགས་ལ་ཞུགས་པ་རེད།རྒྱུས་ལོན་བྱུང་བ་ལྟར་ན།2025ལོ་ནི་ཡུན་ནན་གྱི“མཐོ་རྒྱུགས་གསར་པའི”ལོ་དང་པོ་དེ་ཡིན་པ་དང་།ཡིག་རྒྱུགས་གཏོང་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱུགས་ལེན་གྱི་སློབ་ཚན་དེ“3+1+2”ཀྱི་རྣམ་པ་སྤྱད་དེ་སྲོལ་རྒྱུན་གྱི་རིག་ཚན་དང་རང་བྱུང་ཚན་རིག་ཚན་ཁག་གི་མཚམས་ཚད་ལས་བརྒལ་བར་བྱས་ཡོད།རྒྱུགས་ལེན་གྱི་དུས་ཚོད་ནི་དེ་སྔའི་ཉིན་2ནས་ཉིན་3བར་རིང་དུ་བཏང་བ་དང་།དབྱིན་ཡིག་གི་ཉན་ནུས་དང་ཡིག་རྒྱུགས་གཉིས་དུས་གཅིག་ཏུ་བཏང་བ་རེད།ཁུལ་ཡོངས་ཀྱིས་རྒྱུགས་ཁུལ་2དང་རྒྱུགས་ཚུགས་3 རྒྱུགས་ར་66བཅས་བཀོད་སྒྲིག་བྱས་ཡོད་པ་དང་།་རྒྱུགས་ར་10བཀོད་སྒྲག་བྱས་ནས་ཟླ་6པའི་ཚེས་10ཉིན་གྱི་སྔ་དྲོརརྒྱུགས་ལེན་སློབ་མ་301ལ་བོད་ཡིག་གི་རྒྱུགས་སྣོན་ཞབས་ཞུ་མཁོ་འདོན་བྱས་ཡོད།