མཛེས་པའི་རྩྭ་ཐང་སྟེང་ཐར་ནུ་གང་སར་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཉེ་སྔོན།གནམ་གཤིས་ཇེ་དྲོད་སོང་བ་དང་བསྟུན།བདེ་ཆེན་མཐོ་སྒང་དུ་ཐར་ནུ་བཞད་འགོ་བརྩམས་པ་དང་།མེ་ཏོག་སེར་པོ་མཐའ་ཡས་པའི་རྩྭ་ཐང་སྟེང་སྐར་ཚོགས་ལྟར་ཁྲ་ཆིལ་ཆིལ་དུ་བཀྲམ་པས།ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་ཀྱི་དུངས་པར་རྣམ་པར་དྲངས་ནས་ལྟ་སྐོར་དུ་ཡོང་བ་རེད།མེ་ཏོག་གི་རྒྱ་མཚོའི་ཁྲོད།ཡུལ་སྐོར་བ་ཚོས་ལུས་ལ་ཚོན་མདོག་རྣམ་པར་བཀྲ་བའི་བོད་གོས་གྱོན་ནས་མེ་ཏོག་དང་གཞི་གཅིག་ཏུ་འདྲེས་པ་དང་།ས་གནས་དེ་གའི་གྲོང་མི་ཚོས་ཀྱང་གཟའ་མཇུག་གི་དུས་ཚོད་དང་བསྟུན་ནས་དེ་གར་ཡོང་ནས་མེ་ཏོག་གི་ཁྲོད་དུ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་མཉམ་པར་རྒྱག་བཞིན་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད།