ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་6ཚེས་7ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཡེ་ཀྲི་གྲོང་རྡལ་དུ་ཁུལ་སྲིད་གཞུང་གི་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་བཅུ་གསུམ་པ་གཙོ་སྐྱོང་བྱས་ནས་འཚོགས་པ། 

    ཚོགས་འདུའི་ཐོག་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཉན་པ།
    ཀྲང་ཝེ་ཏུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་བྱ་རྒྱུ་ནི་མིག་སྔར་ཁུལ་ཡོངས་དང་རྫོང་ཡོངས་ཀྱི་དགོས་གཏུགས་ཆེ་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་ལས་ཀ་ཞིག་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་འབེན་ལས་འགན་ལ་དམ་འཛིན་དང་ལས་ཡུལ་ལྡོག་སྒྲིག་བྱེད་པ། འགན་འཁྲི་ནན་དུ་གཏོང་བ། བརྒྱུད་རིམ་ལེགས་སུ་གཏོང་བ་དང་མཉམ་དུ་སྐུལ་འདེད་གཏོང་ནས། ལས་ཀ་ཁག་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།ས་གཤིས་གནོད་འཚེའི་ཉེན་ཁའི་ཛ་དྲག་རང་བཞིན་ངོས་འཛིན་གསལ་པོ་དང་། བསམ་བློ་སྔར་བས་གཅིག་གྱུར། འགྲིལ་ཤུགས་གཅིག་སྒྲིལ། སྟེས་དབང་གི་བསམ་ཚུལ་དང་ནར་འགྱངས་ཀྱི་སྤྱོད་ཚུལ་མཐའ་གཅིག་ཏུ་གཏན་འགོག་བཅས་བྱས་ཏེ་དུས་ཚོད་དང་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་། མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གོང་རིམ་ལ་སྙན་སེང་ཞུ་བ་དང་འབྲེལ་མཐུད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ལས་གཞི་ཇུས་འགོད་ཡག་པོ་བྱས་ཏེ། རྣམ་གྲངས་ཁྲིམས་དང་མཐུན་ཞིང་སྒྲིག་སྲོལ་དང་མཐུན་པར་ཁག་ཐེག་བྱེད་དགོས་པའི་ནན་བཤད་གནང་།

    ཀྲང་ཝེ་ཏུང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་རང་ཁུར་དང་ལས་དོན་མཉམ་ལས་བྱས་ཏེ་ལས་ཀའི་སྡོམ་ཤུགས་ཆེན་པོ་ཆགས་པ། བསམ་ཕྱོགས་དང་བྱ་ཐབས་གསར་གཏོད། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། འབྲེལ་ཡོད་སྲིད་ཇུས་ཁོང་དུ་ཆུད་པ་བཅས་བྱས་ཏེ་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་བྱ་ཐབས་མང་པོ་དང་ཐབས་ལམ་མང་པོ་བརྒྱུད་གནས་པའི་གནད་དོན་ཐག་གཅོད་བྱས་ཏེ་ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་དགོས། གནས་སྤོའི་སྲིད་ཇུས་གསལ་འགྲེལ་དང་མང་ཚོགས་ཀྱི་བསམ་བློའི་ལས་དོན་གཏིང་ཟབ་ངང་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཉན་གང་ཐུབ་བྱས་པ། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པར་དུས་ཐོག་ཏུ་ལན་སློག་པ་བཅས་བྱས་ཏེ་གནས་སྤོའི་ལས་དོན་ལ་སྤྱི་ཚོགས་ཡོངས་ཀྱིས་གོ་བ་ལེན་པ་དང་། རྒྱབ་སྐྱོར་བྱེད་པ། གནས་སྤོའི་ལས་དོན་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ་གནས་སྤོའི་ལས་དོན་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་རྩ་བ་འདི་དམ་པོར་བཟུང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་བཞག་སྟེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་མཐའ་གཅིག་ཏུ་བྱེད་དགོས། གནས་སྤོ་བྱ་རྒྱུ་དེ་དམངས་འཚོ་འགན་སྲུང་དང་། ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་བཅས་དང་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཐོན་ཁུངས་སྟོབས་ཤུགས་སྡེབ་སྒྲིག་བྱས་ཏེ། “སྤོ་ཐུབ་པ་དང་། བརྟན་པོར་གནས་པ། ཕྱུག་པོར་འགྱུར་བ་”བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས། ལས་ཀའི་རྒྱང་ལྟའི་རང་བཞིན་ཆེ་རུ་གཏོང་བ་དང་། སྔོན་ཚུད་ནས་མ་འོངས་པའི་ཐོན་ལས་འཕེལ་རྒྱས་དང་། ཐོན་ཁུངས་བེད་སྤྱོད། ཚོང་འགུགས་མ་འདྲེན་སོགས་ཀྱི་ལས་དོན་ཇུས་འགོད་བྱེད་པ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་མང་ཚོགས་ཡུལ་དེར་ལས་ཞུགས་དང་། རང་བརྟེན་ལས་སྐྲུན་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ་མང་ཚོགས་ཀྱི་འདྲེས་སྣང་དང་གཏོགས་སེམས་ཆེ་རུ་གཏོང་དགོས། ཁུལ་དང་། རྫོང་། གྲོང་རྡལ། གྲོང་ཚོ་བཅས་རིམ་པ་ཁག་གི་འགན་འཁྲི་ནན་དུ་གཏོང་བ། དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མ་དངུལ་བེད་སྤྱོད་དང་། ལས་གྲྭའི་སྤུས་ཚད། སྤྱོད་གཙང་སྒྲིག་ལམ་བཅས་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ་གནས་སྤོའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱེད་དགོས། རྫ་ཆུ་ནུབ་ཕྱོགས་གཞུང་ལམ་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ལམ་རྒྱུད་མང་ཚོགས་འགྲོ་སྐྱོད་བྱེད་པར་སྟབས་བདེ་སྐྲུན་པ་དང་དུས་མཚུངས་སུ། རྗེས་ཀྱི་འཇོལ་གྱི་གྲོང་གསར་འཛུགས་སྐྲུན་བྱེད་པར་འགྲིམ་འགྲུལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་ནན་བཤད་གནང་།

    ཁུལ་འགོ་ཁྲིད་དབྱང་ཞུའེ་ཝེ། ཧུའུ་ཧྥེན་ཞུང་། ལིན་ཧའོ།  ལི་ཐའོ། ཀྲའོ་ཞའོ་ཕིང་། འཇོལ་རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ། ཁུལ་དང་རྫོང་འབྲེལ་ཡོད་སྡེ་ཁག་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།