2025ལོའི་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་འགྲན་བསྡུར་ལྟད་མོ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-06-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ5པའི་ཚེས31ཉིན།2025ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་བྱེད་སྒོ་རབ་དང་རིམ་པ་དེ་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ལྟེ་གནས་སུ་སྤེལ་འགོ་ཚུགས་པ་རེད།

图片

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་འགོ་ཚུགས་མཛད་སྒོར་ཞུགས།

图片

    ཁུལ་ཨུའི་རྒྱུན་ཨུ། སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཧྲུའུ་ཅི་ཧོང་ལུང་ཞིན་གྱིས་ཤིས་ཚིག་གསུངས་པ་དང་འབྲེལ་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

图片

    སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ།ཧྲི་ཀྲང་ཅུས་ཡན་ཏུང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    སྔ་དྲོའི་ཆུ་ཚོད་10པར་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཐོག་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་།ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས་པ་རེད།

    བྱེད་སྒོ་ནི་ཡ་ལ་བསྭོ་རྟ་རྩལ་རུ་ཁག་གི་འཁྲབ་སྟོན་《ངར་སེམས་ལྡན་པའི་རྟ་རྒྱུག་འགྲན་བསྡུར། སྤྲོ་སྣང་ལྡན་པའི་ཤམ་བྷ་ལ་》ཞེས་པ་ནས་འགོ་བརྩམས་པ་དང་།དེ་རྗེས་རིག་རྩལ་འཁྲབ་སྟོན《ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ》དང《ཕ་ཡུལ་གྱི་གཞས》《ཨ་ཁྲི་མུའུ་ཀྭ》《ཨ་ཁ་པ་ལ》སོགས་ལེ་ཚན་གཅིག་རྗེས་གཉིས་མཐུད་ངང་གར་སྟེགས་ཐོག་འཁྲབ་སྟོན་བྱས་ནས།སེམས་ཀྱི་ཉི་ཟླའི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་གླུ་གར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།《ཁྱིམ་ཚང་གཅིག་ལྟར་བརྩེ་བ》དང《ཧ་པའི་དགའ་གླུ》《སེམས་ཀྱི་ཉི་ཟླའི་ཕུགས་འདུན་》ཞེས་པའི་གླུ་དབྱངས་མཉམ་ལེན་བྱས་ཏེ་མི་རིགས་མཐུན་སྒྲིལ་སྐོར་གླེང་ནས་ཡུལ་དངོས་ཀྱི་ལྟད་མོ་བས་དགའ་བསུ་ཚད་མེད་ཐོབ།

    རྒྱལ་སྤྱིའི་མོ་ཐྲོལ་གྲགས་ཅན་ཐོག་མ།ཇུས་འགོད་པ་མཱ་ལི་ཡན་གྱིས་འཁྱེར་ཡོང་བའི“ཡུན་ཤོམ·སེམས་ཀྱི་ཉི་ཟླ”ཞེས་པའི་མཐོ་རིམ་འཚེམ་བཟོའི་གྱོན་ཆས་ཀྱི་འཐུས་མིའི་བརྩམས་ཆོས་དེ་《དུས་གཏན་གྱི་སེམས་ཀྱི་ཉི་ཟླ》ཞེས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་མོ་ཐྲོལ་རྣམས་ཀྱིས་ལུས་ལ་མཛེས་ཤིང་ཡིད་དུ་འོང་བའི་གྱོན་ཆས་གྱོན་ནས་དལ་བུར་གར་སྟེགས་སུ་བསྐྱོད་ནས།སྲོལ་རྒྱུན་གྱི་མི་རིགས་གཞི་རྒྱུ་དང་དེང་རབས་ཀྱི་དར་སྲོལ་མཉམ་འདྲེས་གང་ལེགས་ཡོང་བ་བྱས་ཏེ་ཁབ་སྐུད་རེ་རེ་ནས་སེམས་ཀྱི་ཉི་ཟླའི་གཏམ་རྒྱུད་བརྗོད་པ་དང་གོམ་སྟབས་རེ་རེ་ནས་ཤར་ཕྱོགས་ཀྱི་མཛེས་དཔྱོད་རིག་པའི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་པར་བྱས་ཡོད།



    ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་“ལུས་རྩལ་འགྲན་བསྡུར་དང་།གྲོང་གསེབ་ཡུལ་སྐོར།སྲོལ་རྒྱུན་རིག་གནས”བཅས་ཟུང་དུ་འབྲེལ་བའི་མཉམ་འདྲེས་བྱེད་སྟངས་ལ་བརྟེན་ནས་རྟ་རྒྱུག་དེ“ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཡོད་པའི”གསོན་ཉམས་དོད་པའི་ཉམས་ལེན་ཞིག་ཏུ་གྱུར་ཡོད།བདེ་ཆེན་སེམས་ཀྱི་ཉི་ཟླའི་རྟ་རྒྱུག་གིས“ལུས་རྩལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་”ཀྱི་སྣ་མང་ཉམས་ལེན་ཇུས་འགོད་ཞིབ་ཚགས་བྱས་ཡོད།རྟ་མཆོག་300ལྷག་ཙམ་གྱིས་གོམ་ཚད་དང་།རྩལ་ནུས་སོགས་འགྲན་རྒྱུ་ཡིན་པ་མ་ཟད།སེམས་ཀྱི་ཉི་ཟླའི་བྱེས་བགྲོད་འགྲན་བསྡུར་སྐབས་དང་པོས་ལུས་རྩལ་ལ་དགའ་པོ་བྱེད་མཁན་1200ལྷག་ཙམ་གྱི་ཡིད་དབང་བཀུག་ནས་ས་མཐོའི་མཐའ་ཚད་འགྲན་རྒྱུ་ཡིན་པ་རེད།ས་སྲོས་ཀྱི་དུས་སུ།སྐར་ཚོགས་བཀྲ་བའི་སྤི་རག་རོལ་དབྱངས་འདུ་ཚོགས་ཀྱིས་སྲོལ་རྒྱུན་གྱི་དམངས་གཞས་དང་དེང་རབས་ཀྱི་གློག་རྡུལ་རོལ་དབྱངས་དཀྲོལ་རྒྱུ་དང་།ཞིམ་ཟས་གསོལ་སྟོན་དང་།སྒར་བརྒྱབ་ཁ་ཧྥེ་སོགས་གསོལ་སྟོན་གཟབ་རྒྱས་ཤིག་ལ་རོལ་བ། ད་དུང་མི་རྣམས་ཀྱིས་རེ་སྒུག་བྱེད་པའི“མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་གསར་གཏོད་ཁྲོམ་གཞུང”སྟེ། སྲོལ་རྒྱུན་གྱི་ཉི་ཤར་རྫ་ནག་དང་། ཐང་ག་འབྲི་བཞེངས།བོད་སྤོས་ཐོན་རྫས་སོགས་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་དང་རླབས་རྒྱུན་གྱི་རིག་གནས་ཐོན་ལས་དབར་མེ་སྟག་མི་འདྲ་བ་མཆེད་ནས་གནའ་བོའི་རིག་གནས་དེ་དེང་རབས་ཀྱི་ཁོར་ཡུག་ཁྲོད་སྐྱེ་སྟོབས་ཀྱི་དཔལ་ལ་འབར་བར་བྱས་པ་རེད།


    ཁུལ་རིམ་པའི་ཚན་ཁག་བཞིའི་འབྲེལ་ཡོད་འགོ་ཁྲིད་དང་། ཉེ་འབྲེལ་གྱི་ཁུལ་དང་གྲོང་ཁྱེར། རྫོང་།ཆུས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད། ཁ་གཏད་རོགས་སྐྱོར་ཚན་པ་ཁག་དང་། འབྲེལ་ཡོད་ཁེ་ལས། ཞིང་གཏོགས་ཁུལ་སྡོད་ཚན་པ། བཅའ་སྡོད་དཔུང་སྡེའི་འགོ་ཁྲིད་བཅས་དང་དེ་བཞིན་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་འཐུས་མི་དང་།གྲོང་ཁྱེར་ཁོངས་ཀྱི་གཙོ་གནད་ཁེ་ལས་ཀྱི་འཐུས་མི།གསར་འགྱུར་སྨྱན་སྦྱོར་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།