རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་29ཉིན། ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་71པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་ཁྲིད་སྟོན་བྱེད་དགོས》ཞེས་བརྒྱུད་བསྒྲགས་སློབ་སྦྱོང་བྱས། ཚོགས་འདུའི་ཐོག་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་སྐོར་གྱི་རྣམ་བཤད་གལ་ཆེན་ཟབ་སྦྱོང་ཟབ་སྤྱོད་དང་སྔར་བས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་གྱི་ནང་དོན་གཙོ་བོ་དང་ལག་བསྟར་བླང་བྱ་རྒྱུས་ལོན་བྱེད་ནས། དུས་རྒྱུན་དུ་སློབ་སྦྱོང་དང་།དངོས་སུ་ཤེས་དགོས་པའི་ནན་བཤད་གནང་།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།
ཚོགས་འདུའི་ཐོག་སྲིད་གཞུང་གི་འགོ་ཁྲིད་ཚན་པའི་ཁོངས་མིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་གནས་བབ་ལས་འགན་དང་ཟུང་འབྲེལ་བྱས་ཏེ། “སྤྱོད་གཙང་བདེ་ཆེན་”འཛུགས་སྐྲུན་གྱི་“བྱ་སྤྱོད་ཆེན་པོ་བཅུ”དམ་འཛིན་བྱེད་གཞིར་བྱས་ཏེ། ལས་བགོས་འགན་གཉེར་ཁྱབ་ཁོངས་དང་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཀུན་སྤྱོད་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་སྐུལ་འདེད་དང་མཛུབ་སྟོན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་རྒྱང་རིང་ལ་དོ་དམ་བྱེད་པའི་འགྱུར་མེད་ཀྱི་སྒྲིག་ལམ་དང་འགྱུར་མེད་ཀྱི་འདེགས་ཤིང་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཕན་འབྲས་དང་ཉམས་མྱོང་ནི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ཐད་ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་བྱེད་དགོས་པའི་རྩ་ཆེའི་རྒྱུ་ནོར་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། སྲིད་གཞུང་གི་འགོ་ཁྲིད་ཚན་པའི་ཁོངས་མིས་ལས་ཀའི་བླང་བྱ་ལྟར་གནད་དོན་གསལ་ཐོ་དང་དག་ཐེར་ཡོ་བསྲང་བྱེད་ཐབས་འཚོལ་འདོན་དང་གཤོང་བཅོས་ནན་ཏན་བྱེད་པ་དང་། ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་དག་ཐེར་ཡོ་བསྲང་ཇུས་གཞི་སྣེ་ཁྲིད་དེ་གཏན་འབེབས་ཡག་པོ་བྱེད་པ། གཅིག་སྡུད་བཅོས་སྐྱོང་དམ་འཛིན་ལེགས་པོ་བཅས་བྱས་ཏེ། གཟེར་འདེབས་པ་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྲིད་གཞུང་ཁོངས་གཏོགས་སུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་བསྒྱུར་བར་བརྟེན་ནས་ལས་ཀའི་སྤུས་ཀ་ལེགས་སུ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་བཅས་ཀྱི་ནན་བཤད་གནང་།
ཚོགས་འདུའི་ཐོག་གནད་དོན་འཚོལ་འདོན་དང་དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གྱི་འབྱུང་རྩ་དབྱེ་ཞིབ་གཏིང་ཟབ་དང་། དབང་ཆ་འཁོར་སྐྱོད་ཀྱི་ཉེན་ཁ་གནས་ས་དང་ལྟ་སྐུལ་དོ་དམ་གྱི་ལྷུ་ཚིགས་ཞན་ས་འཚོལ་ཞིབ་གཏིང་ཟབ། ལམ་ལུགས་དང་གཏན་འབེབས་འཐུས་ཚང་དུ་གཏོང་བ། ལམ་ལུགས་ཀྱི་ཞན་ཆ་གསབ་པ། ལས་ཀའི་སྐྱོན་ཆ་འགོག་པ་བཅས་བྱེད་དགོས།“སྤྱོད་ཚུལ་བཞི་”ཡི་གནད་དོན་རེངས་པོར་གྱུར་པ་དང་མང་དུ་ཐོན་པའི་གཟུགས་མེད་གཞན་འགྱུར་གྱི་གནད་དོན་དང་། མགོ་འབུར་ཙམ་ཐོན་པའི་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་བཅས་ལ་དམིགས་ཏེ། གནད་དོན་གྱི་འབྱུང་རྩ་འཚོལ་ཞིབ་གཏིང་ཟབ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་འཐུས་ཚང་དུ་གཏོང་དགོས། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྒྲིག་སྲོལ་གྱིས་ཤུགས་འདོན་དང་བཀག་རྒྱ་དངོས་གནས་གཏོང་དགོས་ཞེས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།
ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་། ཡུས་ཀུའེ་ཧྥུན། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། ཀྲོང་ཞའོ་ཕིང་བཅས་ཚོགས་འདུར་ཞུགས།