རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་5པའི་ཚེས30ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སྲོང་བཙན་རིག་གནས་ཡུལ་སྐོར་ཚོགས་པར་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་ནས་ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་སྤེལ་རེས་གནང་བ་དང་འབྲེལ།མགྲོན་ཁང་གཉེར་སྐྱོང་གི་ད་ལྟའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ལ་འབྲེལ་ཡུལ་དངོས་སུ་ཁེ་ལས་ཀྱི་རེ་ཞུ་ལ་ལན་ཡང་བསྐྱོན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་སྲོང་བཙན་རིག་གནས་ཡུལ་སྐོར་ཚོགས་པས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་རྗེས་སུ་དམ་པོར་སྙེག་པ་དང་།ཐོན་རྫས་གསར་གཏོད་དང་།ལས་རྣམ་གསར་གཏོད།རྣམ་པ་གསར་གཏོད་བཅས་ཀྱི་ཐད་མདུན་གྲལ་དུ་སླེབས་པ།འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་སྒོ་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཚོང་འགུགས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག་ཚོང་གཉེར་ཁོར་ཡུག་ཡག་མོ་བསྐྲུན་ནས།ལོ་གསུམ་ནང་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བའི་དམིགས་འབེན་འགྲུབ་གང་ཐུབ་བྱེད་དེ།ཞབས་ཞུ་དང་དོ་དམ་གལ་ཆེ་མཉམ་བརྩི་རྒྱུན་འཁྱོངས་དང་།འཕེལ་རྒྱས་དང་རོགས་སྐྱོར་མཉམ་སྤེལ།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཚོང་གཉེར་ཁོར་ཡུག་སྔར་བས་དམ་འཛིན་དང་།ཚོང་འགུགས་མ་འདྲེན་དམ་འཛིན་ཆེན་པོ་བྱེད་པར་སྐུལ་སློང་བཅས་བྱས་ཏེ།ཁེ་ལས་ཀྱི་ཐོབ་སྣང་དང་།གཏོགས་སེམས།བདེ་སྐྱིད་ཚོར་སེམས་བཅས་དངོས་གནས་ཇེ་དྲག་ཏུ་གཏོང་དགོས།“དོན་དག་མེད་ན་འགལ་རྐྱེན་མི་བཟོ་བ་དང་།གང་མཁོ་དེ་སྒྲུབ”ཀྱི་ཞབས་ཞུའི་རྣམ་འགྱུར་ཐོག་ནས་ཁེ་ལས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁེ་ལས་ཀྱི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས།བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་ལས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་ལེགས་པོ་བཅས་བྱ་དགོས།“ཁེ་ལས་པའི་མཚན་མོའི་གཏམ་བརྗོད་”ཀྱི་བྱེད་སྒོར་སྐུལ་འདེད་གཏོང་བ་དང་།ཁེ་ལས་ལ་ཞབས་ཞུ་སྒྲུབ་པའི་“ཅུས་ཀྲང་གིས་ཞུ་འབྱོར་དང་ལེན་”ཀྱི་བྱེད་སྒོ་ཟབ་སྤེལ་བྱས་ཏེ།རྒྱུན་ཆད་མེད་པར་ཞབས་ཞུ་ལེགས་སྒྱུར་བྱས་ནས།ཁེ་ལས་བདེ་ཆེན་དུ་གནས་ཐུབ་པ་དང་།འཕེལ་རྒྱས་ཡག་པོ་ཡོང་བར་བྱ་དགོས།ཁུལ་དང་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་བྱས་ཏེ་རང་འགུལ་ངང་ཁེ་ལས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་བཏང་ནས་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཡག་པོ་ཞུ་དགོས། ཁུལ་ཡོངས་ཀྱི“ཡུལ་སྐོར་ཆེན་པོའི”ལས་ཀའི་རྣམ་པ་གང་མགྱོགས་བཙུགས་ཏེ“གསར་གསུམ་བཟང་གཅིག”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།སྲིད་གཞུང་གིས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་།སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ།ཁེ་ལས་དང་མང་ཚོགས་བར་གྱི་ཁེ་ཕན་འབྲེལ་མཐུད་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་དང་།ཁེ་ལས་ཀྱི་སྤུས་རྟགས་དང་གཟུགས་བརྙན་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་ནན་གྱིས་བསྟན།
ཁུལ་འགོ་ཁྲིད་ཁྲེན་ཆུན་དང་ཧོང་ལུང་ཞིན་བརྟག་ཞིབ་ལ་ཞུགས་པ་རེད།