ལུའོ་ཁྲའོ་ཧྥེང་ཁུལ་མི་དམངས་ཞིབ་དཔྱོད་ཁང་དུ་བརྟག་དཔྱད་ཞིབ་འཇུག་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཟླ་5པའི་ཉིན ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་མི་དམངས་ཞིབ་དཔྱོད་ཁང་དུ་བརྟག་དཔྱད་ཞིབ་འཇུག་དང་འཚོགས་པ་བཞུགས་མོལ་ཚོགས་འདུ་ལ་ཕེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཁྲིམས་འཛིན་གྱིས་དམངས་གཙོ་དོན་གཉེར་བྱེད་པའི་བསམ་འདུན་བརྟན་སྲུང་བྱས་ཏེ། སྤུས་ཚད་མཐོ་ཞིང་ཕན་ནུས་ལྡན་པའི་སྒོ་ནས་འགན་འཁྲི་བསྒྲུབས་ནས་ནུས་ཆེའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་འདེགས་ཞུ་བའི་འགན་ལེན་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་དེའི་ནང་ཞུགས་ཡོད།

    ཁུལ་ཞིབ་དཔྱོད་ཁང་དུ་ལུའོ་ཁྲའོ་ཧྥེང“12309”ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་དང་། སྤྱི་ཕན་གཏུག་བཤེར་མགྱོགས་པར་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་། ཞིབ་དཔྱོད་པུའུ་དང་པོ། ཞིང་དཔྱོད་པུའུ་དྲུག་པ་བཅས་ལ་ཟབ་ཞུགས་བྱས་ནས་ལས་མི་སྣ་ཁག་དང་བྱམས་བརྩེའི་སྤེལ་རེས་བྱས་ཏེ་མི་སྣ་ཀྱི་དཀྱུས་མ་དང་། སྤྱིར་བཏང་གི་ཉེས་དོན་ནར་མ་སོན་པའི་མི་སྤྱི་ཕན་གཏུག་བཤེར་སོགས་ཞིབ་དཔྱོད་ལས་ཀ་སྤེལ་བའི་གནས་ཚུལ་དང་གནས་པའི་དཀའ་ངལ་གྱི་གནད་དོན་ཤེས་རྟོགས་ཞིབ་ཕྲ་བྱས་པ། དེ་རྗེས་འཚོགས་པ་བཞུགས་མོལ་ཚོགས་འདུའི་ཐོག་འབྲེལ་ཡོད་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ཉན་པ་རེད།    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་ལ་ཐོབ་པའི་ཕན་འབྲས་ཁས་ལེན་གནང་བ། ཁོང་གིས་ནན་བཤད་གནང་དོན། འཚོགས་པ་དུ་གྱུར་པའི་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་ཐོག་ཁུལ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ནི་ཆབ་སྲིད་ཀྱི་ལས་ཁུངས་ཡིན་པའི་ངོས་ནས་སློབ་སྦྱོང་དང་ལག་བསྟར་ཐད་སྣེ་ཁྲིད་ཡག་པོ་བྱེད་དགོས་པ་དང་། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་ངོས་ཀྱི་འགན་ནུས་འགན་འཁྲི་ལ་གཞི་ཚུགས་པ། རྒྱུན་མཐུད་གྱིས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དམངས་འཚོའི་ཁེ་དབང་འགན་སྲུང་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཁྲིམས་འཛིན་དྲང་བདེན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཏན་ཏིག་ངང་དོན་འཁྱོལ་བྱེད་དགོས།    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་ཆེན་གི་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཉེས་གསོག་པ་ཁྲིམས་ལྟར་ཉེས་ཆད་སྤྱོད་དང་། རྒྱལ་སྤྱིའི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས། མི་དམངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དང་། རང་འགུལ་ངང་ཞིབ་འཇུག་དང་ཇུས་འགོད་བྱེད་པ། ཞབས་ཞུའི་གཙོ་གནད་འབུར་ཐོན་བྱས་ཏེ་ཚན་རྩལ་གསར་གཏོད་སྲུང་སྐྱོང་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁེ་ལས་འཕེལ་རྒྱས་གཏོང་བར་སྲུང་སྐྱེལ་བཅས་ཀྱི་ཐད་ནུས་ཤུགས་བཏོན་ཏེ་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་པ་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས། གཙོ་འགན་གཙོ་ལས་དོན་ལ་དམིགས་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་ཉེས་དོན། དམངས་དོན་སྲིད་འཛིན་སོགས་ཞིབ་དཔྱོད་འགན་ནུས་ལག་བསྟར་དང་། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འདྲ་མཉམ་སྲུང་སྐྱོང་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱ་དགོས། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་འགན་འཁྲི་ལག་བསྟར་སྒྲུབ་པ་ཧུར་ཐག་བྱས་ཏེ། “གཙང་མཚེའུནགས་དཔོན་+ཞིབ་དཔྱོད་ཀྲང་”གི་མཉམ་ལས་ལམ་སྲོལ་དོན་འཁྱོལ་བྱས་ཏེ། རིག་དངོས་དང་རིག་གནས་ཤུལ་བཞགསྲུང་སྐྱོང་གི་མངའ་ཁོངས་དང་སྤྱི་ཕན་གཏུག་བཤེར་ཀྱི་གྱོད་གཞི་ལེགས་པར་བསྒྲུབས་ནས་ཁྲིམས་སྐྱོང་ཀྱི་སྟོབས་ཤུགས་ལ་བརྟེན་ནས་“གཙང་གཉིས”འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། མཐོ་སྒང་མཚེའུ་སྲུང་སྐྱོང་བཅོས་སྐྱོང་ཀྱི་ནོར་བུ་སྲུང་སྐྱོང་དང་རྒྱུན་འཛིན་བཅས་ཀྱི་སྲུང་སྐྱེལ་བྱ་དགོས། ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་ཐོག་སྐུལ་འདེད་གཏོང་བ་དང་། ཏང་སྲིད་ལས་ཁུངས་གྱིས་གྲོན་ཆུང་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིགདང“སྤྱོད་གཙང་བདེ་ཆེན་”འཛུགས་སྐྲུན་གྱི་བླང་བྱ་རེ་བ་ཁག་ལག་ལེན་མཐར་ཕྱིན་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ་ལྷག་བསམ་གཙང་ཞིང་འགན་འཁུར་བའི་ཞིབ་དཔྱོད་བྱ་དགོས་པའི་བླང་བྱ་བཏོན    ཁུལ་གྱི་འགོ་ཁྲིད་ཞུང་ཝུན་པིན་དང་ལིའུ་ཐེན་མིང་བརྟག་ཞིབ་དང་གྲོས་བསྡུར་ནང་ཞུགས་པ་རེད།