རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྤྱི་བསྒྲགས།
(2025ལོའི་ཟླ་5པའི་ཚེས་27ཉིན་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་།)
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་2025ལོའི་ཟླ་5པའི་ཚེས་27ཉིན་སེམས་ཀྱི་ཉི་ཟླར་འཚོགས་པ།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཁུལ་ཨུའི་ཨུ་ཡོན་26དང་། ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་7ཡོད། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་གཞི་རིམ་གྱི་འཐུས་མི་ཁག་ཅིག་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན། ཆབ་སྲིད་ཀྱི་ཚད་གཞི་སྔར་ལས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་སྔར་ལས་ནན་པ། ལས་ཀའི་བྱེད་ཐབས་སྔར་ལས་ཏན་ཏིག་བཅས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་བཅིངས་འགྲོལ་དང་། བསྒྱུར་བཅོས་གསར་གཏོད། སྙིང་སྟོབས་ཆེར་བསྐྱེད། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྒོ་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་བདེ་ཆེན་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་དགོས་པའི་སྐུལ་སློང་གཏོང་བ།
ཚང་འཛོམས་གྲོས་ཚོགས་ཐོག་《〈སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོབ་ཞིག་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་སྐོར་གྱི་ཀྲུང་གུང་ཡུན་ནན་ཞིང་ཨུའི་གཏན་འབེབས〉སྐོར་གྱི་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དོན་འཁྱོལ་མཐར་ཕྱིན་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར། ལུའོ་ཁྲའོ་ཧྥེང་གིས《ལག་བསྟར་བསམ་འཆར(གྲོས་བསྡུར་མ་ཟིན)》གྱི་འཆར་ཟིན་བཀོད་ཚུལ་ཐད་གསལ་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ད་ལོའི་ཟླ་3པའི་ཚེས་19ཉིན་ནས་ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་དང་གསུང་བཤད་གལ་ཆེན་གནང་ནས་མཐའ་མཚམས་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་གང་ལེགས་མཚོན་པ། ཡུན་ནན་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་བཅངས་པའི་ཐུགས་ཁུར་ཟབ་མོ་གང་ལེགས་མཚོན་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཡུན་ནན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་ཟབ་མོ་གང་ལེགས་མཚོན་པ་ལ། ཡུན་ནན་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་དང་གཏིང་ཟབ་ཡོད་པ། བདེ་ཆེན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་གནང་སའི་ས་ཆ་ཞིག་ཡིན་པ་དང་། ཡུན་ནན་ལ་རྟོག་ཞིབ་ཐེངས་གསུམ་གནང་སྐབས་བདེ་ཆེན་གླེང་ཡོད་དེ་བདེ་ཆེན་གྱི་ལས་དོན་ལ་རྩ་བའི་ཁ་ཕྱོགས་གསལ་སྟོན་དང་། ཁས་ལེན་སྐུལ་ལྕག རེ་བ་ནན་པོ་བཅས་གནང་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་ཡར་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་བློ་སྒྲིལ་སེམས་སྐྱེད། ཁྱོན་ཡོངས་གཅིག་འདོམས། ལས་དོན་ལ་སྐུལ་འདེད་བཅས་བྱེད་པ་དང་།“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཀའ་རྒྱ་ཡོད་པ་དང་། ཏང་ཀྲུང་དབྱང་ལ་བཀོད་སྒྲིག་ཡོད་དེ། ཡུན་ནན་གྱིས་བྱ་སྤྱོད་བྱེད། བདེ་ཆེན་གྱིས་དོན་འཁྱོལ་དམ་འཛིན་བྱེད་པ་”བཅས་མཐའ་གཅིག་ཏུ་བྱས་ཏེ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱིས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་དང་། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བྱེད་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག་དུས་རབས་གསར་པའི་ཚུན་དུ། བདེ་ཆེན་གྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲུ་གཏོང་སྣེ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཚན་རིག་དང་མཐུན་པའི་ངང་ཁྲིད་སྟོན་གནང་བའི་འབྲས་བུ་རེད། བདེ་ཆེན་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་ཞིག་དང་ཡུན་ནན་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱིས“ངེས་གནས་གསུམ”འཛུགས་སྐྲུན་གཏིང་ཟབ་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལ་དེད་ནས་མདུན་བསྐྱོད་དང་། “མཆོང་སྐྱོད་གཅིག་”དང་“ངེས་གནས་གསུམ།” “འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་”བཅས་ཀྱི་སྤྱིའི་བླང་བྱ་འདིར་དམིགས་ནས། ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་གཞི་རྩར་འཛིན་ཏེ། བསམ་བློ་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། སྙིང་སྟོབས་ཆེར་བསྐྱེད་དང་ཡར་བརྩོན། དངོས་འཛིན་དངོས་སྒྲུབ་ཀྱི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་གལ་ཆེན་དེ་བདེ་ཆེན་གྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་པ་དང་། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱས་ནས། བརྟན་རླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་འཇགས་བཅས་ཀྱི་དོན་ཆེན་བཞི་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛེས་སྡུག་ལྡན་པའི་འཆར་གཞི་རེ་རེ་བདེ་ཆེན་གྱི་བདེ་སྐྱིད་ལྡན་པའི་དངོས་ལྗོངས་སུ་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཐོག་བཅོས་སྐྱོང་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱས་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་ཀྱི“སྔོན་འགོག”གི་རང་འགུལ་དམག་འཐབ་དང“ཐག་གཅོད”ཀྱི་གྲ་སྒྲིག་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། བསམ་བློའི་སློབ་གསོ་དང་གཞི་རྟེན་ལས་སྟེགས། དཔེ་མཚོན་སྣེ་ཁྲིད་བཅས་ཀྱི་ཐད་འབད་པ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་ཀའི་ནང་རྐྱེན་འཐུས་ཚང་གཏོང་བ། མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་པའི་ལག་ལེན་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་སེམས་གཏིང་དུ་ཟུག་ཏུ་འཇུག་པ་དང་བྱ་སྤྱོད་ཁག་གི་ཐོག་ནས་མཐོང་ཐུབ་པར་བྱེད་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་ཐབས་བྱེད་ཤུགས་ཆེ་རུ་གཏོང་བ། ཆོས་ལུགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་གི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཕྱོགས་སོ་སོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། གཞི་རིམ་བཅོས་སྐྱོང་དང་། ཡིག་སྐུར་ངོ་གཏུག་ལས་ཀ སྤྱི་ཚོགས་བདེ་འཇགས་འགོག་སྲུང་། ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་སོགས་ཀྱི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། དུས་བདེ་དང་འཆམ་མཐུན་ལ་གནོད་པའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱ་དགོས།དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བར་བརྟེན་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། “གནང་བ་གསུམ་དང་ཕན་པ་གཅིག་”གི་འཕེལ་རྒྱས་རྩ་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་ཞུགས་དང་། སློབ་གསོ།སྨན་བཅོས། “རྒན་རྒོན་གཅིག་དང་ཆུང་བ་གཅིག་”སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབ་དགོས་པའི་ནན་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཐོག་ཐོན་ཁུངས་ཀྱི་སྐྱེས་སྟོབས་དང་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཐོན་ལས་རེ་རེར་རྨོ་འདེབས་ཞིབ་ཚགས་བྱས་ཏེ་ཐོན་ལས་རིགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་ནས་ཐོན་ལས་ཀྱི་རིན་ཐང་འཕར་རྒྱུ་དང་། ཁེ་ལས་ཀྱི་ཕན་འབྲས་འཕར་རྒྱུ། མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་སྤེལ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་གསལ་དོད་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། “3331”ལས་ཀའི་བསམ་ཕྱོགས་གཞིར་བཟུང་ནས་བྱེད་སྒོ་དང་། རྣམ་གྲངས། ཚོང་འགུགས། ཁེ་ལས། དྲིལ་བསྒྲགས་མཚམས་སྦྱོར། ཞབས་ཞུ་སོགས་ལྷུ་ཚིགས་དམ་ཟབ་བྱས་ཏེ་ཐོན་རྫས་དང་། ལས་རྣམ། རྣམ་པ་གསར་གཏོད། ཞབས་ཞུ་ལེགས་སུ་གཏོང་བ་བཅས་མགྱོགས་སུ་བཏང་སྟེ། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་མངོན་གསལ་དོད་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ས་བོན་ལས་རིགས་དང་། འདེབས་འཛུགས་གསོ་སྤེལ། ཁྲོམ་རའི་འཇུག་སྒོ་བཅས་ཟབ་རྨོ་ཞིབ་ལས་བྱས་ཏེ་རྒུན་འབྲུམ་དང་། ཀྲུང་ལུགས་སྨན་རྫས། བཟའ་བྱའི་ཤ་མོ། ཁྱད་ཆོས་ལྡན་པའི་ཕྱུགས་རིགས་དང་ཁྱིམ་བྱའི་ཐོན་ལས་འཕེལ་རྒྱས་ལ་ཤུགས་ཆེན་བཏང་སྟེ། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། ཆུ་ནུས་གཙོ་བོར་འཛིན་པ་དང་འོད་ནུས་དང་རླུང་ནུས་ཀྱི“ནུས་མང་ཕན་ཚུན་གསབ་སྤེལ”གྱི་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང་བདེ་ཆེན་ནི་ཞིང་ཆེན་ཡོངས་ཀྱི“ལྗང་མདོག་ནུས་པའི”རྟེན་གཞི་གལ་ཆེན་ཞིག་ཏུ་བསྐྲུན་དགོས། ལྗང་མདོག་གཏེར་ལས་གསར་པ་མུ་མཐུད་དུ་བསྒྲུབས་ནས་གསོག་ཚད་བརྟན་པོ་དང་མང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཏེར་ལས་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཤུགས་ཆེ་རུ་གཏོང་དགོས། ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་བརྗེ་བ་དང་། གླིང་ཁུལ་ལ་བརྟེན་ནས་ཐོན་ལས་འདུས་པ་རྒྱུན་འཁྱོངས་བྱས་ཏེ་གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཚན་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་དངོས་སྨན་རྫས་དང་། གྲངས་འཛིན་དཔལ་འབྱོར། དམའ་རིམ་དཔལ་འབྱོར། དེང་རབས་ཟོག་འགྲེམས་སོགས་ཐོན་ལས་མགྱོགས་མྱུར་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས། ཐོན་ལས་གྲོང་ཁྱེར་དུ་འདུས་པ་དང་གྲོང་ཁྱེར་ལ་བརྟེན་ནས་ཐོན་ལས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག་སྐྱེ་ཁམས་སྔོན་ལ་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཡུན་ནན་ནུབ་བྱང་གི་སྣོད་བཅུད་བདེ་འཇགས་སྒྲིབ་བཅད་མཐའ་གཅིག་ཏུ་སྲ་བརྟན་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བའི་ཁྲོད་མདུན་དུ་བསྐྱོད་དགོས། སྲུང་སྐྱོང་སྔོན་ལ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ཚུར་ལན་སྤྲད་པའི་གནད་དོན་བཅོས་སྒྲིག་བྱེད་རྒྱུ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་ཚད་ལྡན་དོ་དམ་དང་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྦགས་བཙོག་བཅོས་སྐྱོང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ནགས་ཕག་མཚོའི་ཆུ་སྤུས་ཇེ་ལེགས་སུ་གཏོང་རྒྱུ་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་གྱི“སྦགས་བཙོག་གཉིས”བཅོས་སྐྱོང་དང་ཆུ་བོ་དང་མཚེའུ་ཡི་ཆུ་ཁོངས་མཚོ་འགྲམ་རྒྱུད་ཀྱི་བར་སྟོང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་དཔུང་མུ་མཐུད་གཏིང་ཟབ་སྤེལ་དགོས། ལྗང་མདོག་རྒྱ་བསྐྱེད་རྨང་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔོ་ལྗང་དང་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མང་ཚོགས་ཀྱི་ཉེ་འགྲམ་གྱི་ལྗང་མདོག་དང་མིག་མདུན་གྱི་མཛེས་སྡུག་མང་དུ་གཏོང་དགོས། རིགས་སྒྱུར་བྱ་རྒྱུ་གཙོ་བོར་བྱེད་པ་དང་འཕེལ་རྒྱས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ནགས་ལས་ཀྱི་ཐཱན་བསྡུ་ལེན་གསར་སྤེལ་མགྱོགས་སུ་གཏོང་བ་དང་ནགས་འོག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག་རང་ངོས་ཀྱི་གནས་བབ་ལེགས་ཆ་གཞིར་བཟུང་སྟེ་ཕྱི་ནང་མཉམ་འགུལ་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་འགུལ་ངང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་ཆེན་པོའི་ནང་མཉམ་འདྲེས་བྱེད་པའི་ཁྲོད་གོམ་སྟབས་གསར་པ་སྤོ་དགོས་ཞེས་ནན་བཤད་གནང་བ། ཡུན་ནན་དབུས་ནས་བདེ་ཆེན་བརྒྱུད་བྱང་དུ་བོད་ལྗོངས་སུ་བསྐྱོད་པའི་ཨེ་ཤེ་ཡ་ལྷོ་མ་དང་འབྲེལ་མཐུད་བྱེད་པ་དང་། སི་ཁྲོན་དང་བོད་ལྗོངས་བརྒྱུད་བདེ་ཆེན་ནུབ་ཕྱོགས་ཀྱི་ནུའུ་ཅང་དུ་བསྐྱོད་ནས་ཨེ་ཤེ་ཡ་ལྷོ་མ་དང་འབྲེལ་མཐུད་བྱེད་པའི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། ནང་ཁུལ་བདེ་བླག་དང་ཕྱི་ཕྱོགས་འབྲེལ་མཐུད་བྱེད་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་ལས་སྟེགས་ལ་ཞིབ་འཇུག་དང་བེད་སྤྱོད་ཡག་པོ་བྱེད་པ། སྔར་ལས་མང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱ་དགོས། “ཁེ་ལས་པའི་མཚན་མོའི་གླེང་མོལ”བྱེད་སྒོར་སྐུལ་འདེད་གཏོང་ནས། ཁེ་ལས་གྱི“ཅུས་ཀྲང་གིས་མཇལ་འཕྲད་བྱེད་པའི”བྱེད་སྒོ་གཏིང་ཟབ་ཏུ་བཏང་སྟེ། ཁེ་ལས་ཀྱི་དཀའ་གནད་ཐག་གཅོད་བྱེད་རོགས་ཏན་ཏིག་བྱས་ཏེ། རྒྱུན་མཐུད་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས། ཚོང་འགུག་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་གལ་ཆེན་གྱི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་ཚོང་འགུག་རྣམ་གྲངས་དོན་ཐོག་ཏུ་འགྱུར་བའི་འཛུགས་སྐྲུན་དང་ཐོན་སྐྱེད་བྱེད་འགོ་ཚུགས་པ་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་དགོས། ས་ཁོངས་མཉམ་འགུལ་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་། “འབྲེལ་བ་བརྟན་པོ་འཛུགས་པ”དང་། “སེམས་པའི་གཏིང་གི་འབྲེལ་བ་འཛུགས་པའི་”ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡུན་ནན་དབུས་རྒྱུད་དང་། ཡུན་ནན་ནུབ་བྱང་། སི་ཁྲོན་དང་ཁྲུང་ཆིང་བཅས་ཀྱི་མཉམ་འདྲེས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས། ཁུལ་ནང་གི་གྲོང་ཁྱེར་དང་གྲོང་གསེབ། རྫོང་དབར་གྱི་འགྲིམ་འགྲུལ་དང་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། རྫོང་གསུམ་(གྲོང་ཁྱེར་)གྱི་མཐུན་སྦྱོར་ངང་གོང་འཕེལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་ནན་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་ཏང་དོ་དམ་དང་ཏང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་ལག་བསྟར་སྒྲུབ་པ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྣང་ཚུལ་གཏོད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱད་དེ་བློ་སྒྲིལ་སེམས་སྐྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་“ཆབ་སྲིད་ཀྱི་བཀའ་མཆན་མཛུབ་སྟོན་དང་པོ”ཡི་གྲུབ་ཆ་གལ་ཆེན་འཐུས་ཚང་ལག་བསྟར་དོན་འཁྱོལ་བྱེད་དགོས། “རྨང་གཞི་སྟོབས་ཆེར་གཏོང་བའི”ལས་གྲྭ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། “ཁྱིམ་དུད་བརྒྱ་ལ་སོང་ནས། ཁྱིམ་དུད་བརྒྱ་ཡི་གནས་ཚུལ་ཤེས་རྟོག་བྱེད་པ། ཁྱིམ་དུད་བརྒྱ་ཡི་སེམས་ཁྲལ་སེལ་བ་”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ཤུགས་རྒྱག་པ་འབད་བརྩོན་བྱེད་པ་དང་རྩ་འཛུགས་ཀྱི་བྱེད་ནུས་ཇེ་ཆེར་གཏོང་དགོས། “འགག་རྩའི་ཉུང་ཤས་”ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་འཐབ་ཕྱོགས་དང་། དངོས་སྒྲུབ། གྲུབ་འབྲས་དངོས་ལ་མཐོང་ཆེན་བྱེད་པ། ཀུན་གྱིས་ཁས་ལེན་པར་མཐོང་ཆེན་བཅས་ཀྱི་མི་བེད་སྤྱོད་ཀྱི་ཁ་ཕྱོགས་གསལ་པོ་བརྟན་པོ་བཙུགས་ནས་བྱ་བ་སྒྲུབ་འདོད་ཡོད་པ། བྱ་བ་སྒྲུབ་མཁས་པ། བྱ་བ་སྒྲུབ་ཐུབ་པ་དང་དོན་རྐྱེན་མི་ཐོན་པའི་ལས་བྱེད་པར་ལས་གནས་གལ་ཆེ་སར་འཇུག་དགོས། སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། རང་འགུལ་བསམ་བློ་གཏོང་བ་དང་། ཏན་ཏིག་བྱེད་པ། ཕན་འབྲས་ལ་བལྟས་ནས་ལས་དོན་དམ་འཛིན་བྱེད་པ་བཅས་ཀྱི་“ཁག་གསུམ་”བེད་སྤྱོད་ཡག་པོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་རྒྱ་སྐྱེད་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། སྤྱོད་ཚུལ་གསར་པ་དང་དྲང་བདེན་བསྐྲུན་ཤུགས་ཆེན་བྱ་དགོས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་གཙང་བདེ་ཆེན་གྱི་“བྱ་སྤྱོད་ཆེན་པོ་བཅུ་”རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་གསོ་སྐྱོང་བྱས་ཏེ་ཆབ་སྲིད་ཀྱི་སྣང་ཚུལ་ཁྱོན་ཡོངས་ནས་ཉམས་གསོ་གཙང་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཐོག་ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། ལས་དོན་ཁག་གི་ལས་འགན་དམ་འཛིན་ཏན་ཏིག་དང་ཕན་འབྲས་ཐོན་པར་དམ་འཛིན་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་ཕྱོགས་བརྟན་པོར་འཛུགས་པ། ཉེན་ཁ་སྣ་ཚོགས་འགོག་ཟོན་དང་སེལ་བ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དགོས། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཁེ་ལས་ལ་རོགས་རམ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་དང་བསྐྱར་འཕར་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཀྲུང་དབྱང་སྐོར་ཞིབ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་པ་དང་། ཞིང་ཨུའི་སྐོར་ཞིབ་ཚུར་ལན་བསམ་འཆར་དང་ཞིང་ཨུའི་ཆབ་སྲིད་ཀྱི་སྣང་ཚུལ་དངོས་སྡོད་ཞིབ་འཇུག་དང་ཚུར་ལན་སོགས་ཀྱི་གནད་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། སློབ་སྦྱོང་དང་ཞིབ་བཤེར། ཡོ་བསྲང་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། མཁྲེགས་སར་གཏུག་ནས་ཏང་ཡོན་ལས་བྱེད་པ་དང་གཞུང་ལས་མི་སྣས་སྒྲིག་འགལ་ངང་ཆང་འཐུང་བའི་གནད་དོན་ལ་གཅིག་སྡུད་ཐོག་ཡོ་བསྲང་བྱེད་དགོས། འཇོལ་རྫོང་གི་ས་གཤིས་གནོད་འཚེ་འགོག་བཅོས་དང་གནས་སྤོའི་ཉེན་གཡོལ་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཆུ་གློག་རྣམ་གྲངས་གལ་ཆེན་གྱི་དུས་འགོའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལས་དོན་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཇུས་འགོད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་ཞེས་པའི་ནན་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཐོག་ཏུང་ཕིན་ཧན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་སྐོར་གྱི་ཀྲུང་གུང་བདེ་ཆེན་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་དེའི་སྔོན་ལ་ཏུང་ཕིན་ཧན་ལ་ཏང་ཁོངས་ནས་ཕྱིར་ཕུད་པའི་ཉེས་ཆད་ལ་གཏན་ཁེལ་བྱས།
ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཞིང་ཨུའི་འགོ་ཁྲིད་ནུས་ལྡན་འོག་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་འབད་འབུངས་ཡར་བརྩོན། ཧུར་བརྩོན་ཡར་རྒྱས་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ནང་བདེ་ཆེན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་འབོད་སྐུལ་གནང་བ།