བདེ་ཆེན་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་དང་ཡུན་ནན་ཞིང་ཆེན་གྱི་སློབ་བསྐྱལ་རྣམ་གྲངས་ཀྱི་བགྲོ་གླེང་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན། “སློབ་གསོའི་འཇོན་ཐང་ཆེ་རུ་གཏོང་བའི་བསམ་ཕྱོགས་གསར་པ་འཚོལ་ཞིབ་བྱས་ཏེ་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཐབས་ལམ་གསར་པ་གཏོད་དགོས”ཞེས་པ་བརྗོད་དོན་གཙོ་བོའི་བདེ་ཆེན་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་དང་ཡུན་ནན་ཞིང་ཆེན་གྱི་སློབ་བསྐྱལ་རྣམ་གྲངས་ཀྱི་བགྲོ་གླེང་བྱེད་སྒོ་དེ་བདེ་ཆེན་ཁུལ་གཞོན་ནུ་ལོ་ཆུང་བྱ་འགུལ་ལྟེ་གནས་སུ་བདེ་བླག་ངང་སྤེལ་བ་རེད། དམིགས་ཡུལ་ནི་《ཡུན་ནན་ཞིང་ཆེན་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི2023—2025》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།བདེ་ཆེན་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད།  བྱ་འགུལ་ཁྲོད། ཡུན་ནན་མི་རིགས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་སློབ་གསོ་ཚོགས་པའི་བསླབ་རྒན་རིགས་གཅིག་མཁས་ཅན་མང་པོས《སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རྩའི་ཤེས་རྟོགས་དང་བྱ་སྤྱོད་ཐབས་ཇུས》དང《སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད》《དགེ་རྒན་གྱི་བསམ་གཞིག་ལེགས་སུ་གཏོང་བ་དང་ཚན་རིག་དང་མཐུན་པའི་ངང་སློབ་གསོའི་འཕོ་འགྱུར་ལ་ཁ་གཏད་གཅོག་དགོས》སོགས་བཞེད་དོན་གཙོ་བོའི་འཆད་ཁྲིད་རབ་དང་རིམ་པ་བྱས་པ་རེད།འཆད་ཁྲིད་ཀྱི་ནང་དོན་དུ་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ཇུས་དང་།ཏང་འཛུགས་སྐྱོང་གི་སྣེ་ཁྲིད།དགེ་རྒན་གྱི་བསམ་གཞིག་འཕོ་འགྱུར།སློབ་གསོའི་ཚན་རིག་ཞིབ་འཇུག་གི་ལེགས་འགྱུར།ཀུན་སྤྱོད་སློབ་གསོའི་བདེ་འཇགས་དོ་དམ་སོགས་ཀྱི་ཁྱབ་ཁོངས་འདུས་ཡོད།བདེ་ཆེན་ཁུལ་གྱི་སློབ་གསོའི་བྱ་བ་སྒྲུབ་མཁན་རྣམས་ལ་རིན་ཐང་བྲལ་བའི་ཉམས་མྱོང་དང་གསར་གཏོད་ཀྱི་བྱེད་ཐབས་ལོངས་སུ་སྤྱོད་དུ་བཅུག་པ་རེད།

    ཐེངས་འདིའི་བྱེད་སྒོ་ནི་ཤེས་བྱ་དང་ཉམས་མྱོང་མཉམ་སྤྱོད་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པ་མ་ཟད།བདེ་ཆེན་ཁུལ་གྱི་སློབ་གསོའི་ལས་རིགས་སྤེལ་རེས་མཉམ་ལས་དང་ཐུན་མོང་ཡར་ཐོན་གྱི་གོ་སྐབས་གལ་ཆེན་ཞིག་ཀྱང་རེད།སློབ་གྲྭའི་དོ་དམ་ལག་ལེན་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་ཐད་ཀྱི་ལེགས་གྲུབ་ཉམས་མྱོང་དང་གསར་གཏོད་བྱེད་ཐབས་མཉམ་སྤྱོད་བྱས་པ་བརྒྱུད།མིག་སྔའི་སློབ་གསོ་བཅོས་བསྒྱུར་ཁྲོད་ཀྱི་འགྲན་སློང་དང་གོ་སྐབས་ལ་དཔྱད་བསྡུར་ཟབ་མོ་བྱས་པ་དང་། ཚོགས་ཆེན་ཐོག་སྤེལ་རེས་དང་ཞིབ་གྲོས་བྱེད་པའི་ལས་སྟེགས་རྒྱ་ཆེན་པོ་བསྐྲུན་པ་དང་།ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་།ཐོན་ཁུངས་མཉམ་སྤྱོད།ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་བས།སློབ་གསོའི་ལས་དོན་པའི་གསར་གཏོད་ཀྱི་འདུ་ཤེས་སྔར་བས་འཕེལ་བ་རེད།སློབ་གྲྭའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་བདེ་ཆེན་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

    བདེ་ཆེན་ཁུལ་གྱི་སློབ་གསོ་ལུས་རྩལ་ཅུས་དང་།རྫོང(གྲོང་ཁྱེར)གསུམ་གྱི་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་མི་སྣ་དང་དེ་བཞིན་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཧྲུའུ་ཅི་དང་།སློབ་གཙོ།སློབ་གསོ་ཚན་རིག་ཞིབ་འཇུག་ཁང་།སློབ་དོན་ཁྲུའུ་བཅས་ཀྱི་འགན་འཁུར་བ་དང་།ཁུལ་རིམ་པའི་གྲགས་ཅན་དགེ་རྒན་ལས་དོན་ཁང་།རིག་ཚན་ཚོགས་པའི་སྣེ་ཁྲིད་པ་སོགས་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་པ་རེད།

    ཁོང་ཚོས་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ལ་ཉེར་སྤྱོད་རང་བཞིན་ཆེ་བས་སླད་ཕྱིན་གྱི་སློབ་གསོའི་སློབ་ཁྲིད་ལས་དོན་ལ་བློ་སྒོ་དང་རོགས་རམ་མང་པོ་བྱུང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།མ་འོངས་པར་བདེ་ཆེན་ཁུལ་གྱི་སློབ་གསོ་ལུས་རྩལ་ཅུས་ཀྱིས་བྱེད་སྒོ་འདི་རིགས་ལས་སྟེགས་སུ་བྱས་ཏེ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་མུ་མཐུད་འཚོལ་ཞིབ་དང་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་རྒྱུ་རེད།