རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།ཁུལ་སློབ་བསྡུའི་རྒྱུགས་ལེན་ཨུ་ལྷན་གྱི་ཀྲུའུ་རེན་ཡུས་ཀུའེ་ཧྥེན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།རྫོང་(གྲོང་ཁྱེར)ཁག་དང་སློབ་བསྡུ་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་གིས་མཐོ་རྒྱུགས་གསར་པར་འཕྲད་པའི་དུས་བབ་གསར་པ་དང་འགྲན་སློང་གསར་པ་གསལ་རྟོགས་བྱས་ཏེ་ཉེན་ཁ་དུས་ཐོག་ཏུ་བརྡར་ཤ་གཅོད་པ་དང་།ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོ་བ།འཕྲལ་སྡོམ་ཐག་གཅོད་ཡག་པོ་བཅས་བྱེད་དགོས།གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་རྒྱུགས་ཤོག་གི་བདེ་འཇགས་གསང་སྲུང་གི་མ་མཐའི་མཚམས་ཐིག་ནན་པོ་སྲུང་བ་དང་།རྒྱུགས་ལེན་སྒྲིག་འཛུགས་དང་ལག་བསྟར་ཚད་ལྡན་དུ་གཏོང་བ།རྒྱུགས་ལེན་གྱི་སྤྱོད་ཚུལ་དང་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ཏེ་རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་དགོས།འགན་འཁྲི་ནན་དུ་གཏོང་བ་དང་།སྟོབས་ཤུགས་མཉམ་འདོན་གྱིས་མཐོ་རྒྱུགས་ཀྱི་བདེ་འཇགས་འགན་ལེན་བྱེད་པ།འབྲིང་རྒྱུགས་དེ་མཐོ་རྒྱུགས་ཀྱི་ཚད་གཞི་ལྟར་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་མ་ཟད།བཤོལ་འགོག་སློབ་སྐྱོང་གི་ལས་དོན་ཡང་དམ་འཛིན་བྱེད་དགོས། སློབ་གྲྭ་ཁག་གིས་མཐོ་རྒྱུགས་ཀྱི་མཐའ་མའི་གདོང་མཆོང་དུས་མཚམས་སུ་ཡིད་ཆེས་ཆེར་གཏོང་དང་།ཞིབ་ཕྲར་དམ་འཛིན།ཚན་རིག་དང་མཐུན་པའི་ཐབས་ཇུས་ལག་བསྟར།འགན་འཁྲི་ཆེར་གཏོང་བཅས་བྱས་ཏེ་2025ལོའི་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་བདེ་འཇགས་འགན་ལེན་གང་ཐུབ་བྱས་ནས་དུས་བདེའི་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།
ཚོགས་འདུའི་ཐོག་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་དང་།རྫོང(གྲོང་ཁྱེར)གསུམ།ཁུལ་རྒྱུགས་ལེན་བརྡ་སྤྲོད་ཨུ་ལྷན་བཅས་ཀྱི་ཁོངས་མིའི་ཚན་པ་ཁག་གཅིག་གི་འབྲེལ་ཡོད་འགན་འཁུར་བས་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་ལས་དོན་སྤེལ་ཚུལ་དང་དེ་བཞིན་ཡིག་རྒྱུགས་མ་བཏང་གོང་གི་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་སྐོར་གྱི་སྙན་ཞུ་འབུལ་བ་རེད།