ཁུལ་སྲིད་གཞུང་གིས་གྲོང་གསེབ་ཀྱི་ཁང་སའི་ཁང་པ་བསྐྲུན་པའི་དོ་དམ་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      ཟླ་5པའི་ཚེས་20ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་སྲིད་གཞུང་གིས་གྲོང་གསེབ་ཀྱི་ཁང་སའི་ཁང་པ་བསྐྲུན་པའི་དོ་དམ་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་བྱས་ནས་འཚོགས་པ། ཚོགས་འདུའི་ཐོག་གྲོང་གསེབ་དར་རྒྱས་དང་གྲོང་གསེབ་ཀྱི་ཁང་ས་དོ་དམ་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། དགོས་གལ་ཆེ་བའི་འདུ་ཤེས་དང་རྒྱུད་རིམ་ལྡན་པའི་བྱེད་ཐབས་སྤྱད་དེ་རང་ཁུལ་གྱི་གྲོང་གསེབ་ཀྱི་ཁང་སའི་ཁང་པ་བསྐྲུན་པའི་དོ་དམ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། གྲོང་གསེབ་དར་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་།

ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་ཁང་སའི་ཁང་པ་བསྐྲུན་པའི་དོ་དམ་དེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས། སྣོད་བཅུད་སྲུང་སྐྱོང་། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་མ་ཟད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་དམ་འཛིན་བྱ་གཞི་ཞིག་ཀྱང་རེད། མིག་སྔར། ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཁང་སའི་ཁང་པ་བསྐྲུན་པའི་འཆར་འགོད་ལག་བསྟར་བྱེད་ནུས་མི་འདང་བ་དང་། སྡེ་ཚན་གྱིས་མཐུན་སྦྱོར་ཞན་དུ་འགྱུར་བ། སྒྲིག་འགལ་འཛུགས་སྐྲུན་གྱི་སྣང་ཚུལ་མང་པོ་ཐོན་པ་སོགས་ཀྱི་གནད་དོན་ཡོད་པས། ངེས་པར་དུ་འགན་འཁྲི་འཁུར་སེམས་དང་དགོས་གལ་ཆེ་བའི་འདུ་ཤེས་ཆེན་པོའི་ཐོག་ནས་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན།

      ཚོགས་འདུའི་ཐོག་ཆེད་དོན་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། འོག་ནས་གོང་བར་ཁུལ་ཡོངས་གྲོང་གསེབ་ཀྱི་ཁང་སའི་ཁང་པ་བསྐྲུན་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་རྨང་གཞིའི་གཞི་གྲངས་གསལ་པོར་རྟོགས་པ་དང་། ཚན་རིག་དང་མཐུན་པའི་གྲངས་འཛིན་ཅན་གྱི་དོ་དམ་དཔེ་དབྱིབས་འཛུགས་དགོས། ཉེ་འཁོར་ས་ཁུལ་གྱི་སྔོན་ཐོན་དོ་དམ་ཉམས་མྱོང་སློབ་སྦྱོང་དང་། རང་ཉིད་ལ་གནས་པའི་གནད་དོན་ལེགས་སྒྲིག་བྱས་ཏེ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས། གྲོང་གསེབ་ཀྱི་ཁང་སའི་ཁང་པ་བསྐྲུན་པའི་འཕར་ཚད་ལ་དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ། སྒྲིག་འགལ་ངང་ཁང་པ་བསྐྲུན་པའི་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ལོ་རྒྱུས་ཐོག་ལུས་པའི་གནད་དོན་རིགས་དབྱེ་ནས་ཐག་གཅོད་བྱེད། ལོ་རྒྱུས་ལ་བརྩི་འཇོག་བྱེད་དགོས་པ་དང་། ད་ལྟའི་གནས་ཚུལ་ཡང་ཚད་ལྡན་དུ་གཏོང་དགོས་པ་མ་ཟད། ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱས་རྗེས་ཀྱི་དོན་དངོས་གོང་རིམ་ལ་ལྡོག་འདྲེན་དང་ལེགས་སྒྱུར་བྱ་རྒྱུའི་གྲོས་འགོ་ཡང་བཏོན་ནས་“དོ་དམ་བྱེད་ཐུབ་པ་”དང་“དོ་དམ་ཡག་པོ་བྱེད་པ”གཉིས་གཅིག་གྱུར་ཡོང་བར་བྱེད་དགོས། དུས་མཚུངས་སུ། སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་ཁང་པ་བསྐྲུན་པའི་སྲིད་ཇུས་ཤེས་རྟོགས་བྱེད་ཚད་མཐོ་རུ་བཏང་སྟེ་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་།

ཚོགས་འདུའི་ཐོག་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། ལས་ཀའི་ལས་འགན་གསལ་པོ་བྱེད་པ། ལས་ཀའི་གཞི་ཐིག་སྲུང་བ། ལས་དོན་མི་སྒྲུབ་པའི་སྣང་ཚུལ་གཏན་འགོག་བཅས་བྱེད་དགོས་པ་དང་། མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་གྲོང་གསེབ་ཀྱི་ཁང་སའི་ཁང་པ་བསྐྲུན་པའི་དོ་དམ་ལས་དོན་ལ་མང་ཚོགས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་ཐུབ་པ་བྱས་ནས་གྲོང་གསེབ་ཀྱི་ཁང་སའི་ཁང་པ་བསྐྲུན་པའི་ཚད་གཞི་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཁུལ་འགོ་ཁྲིད་ཞུས་ཀོང་ཏེ། ཀྲོང་ཞའོ་ཕིང་ཞུགས་ཡོད།