ལུའོ་ཁྲའོ་ཧྥེང་གིས་ཡང་ཐང་གྲོང་རྡལ་གྱི་མང་ཚོགས་དང་འབྲེལ་གཏུག་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-20   རྩོམ་ཁུངས།   

    ཟླ་5པའི་ཚེས་19ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་ཞིང་ཆེན་དང་ཁུལ་དམངས་ཆེན་འཐུས་མིའི་ཐོབ་ཐང་ཐོག་ནས་གཞི་རིམ་གྱི་མང་ཚོགས་དང་འབྲེལ་གཏུག་བྱེད་པར་བསྐྱོད་དེ་གཞི་རིམ་གྱི་ལག་བསྟར་དོན་འཁྱོལ་བྱས་ཚུལ་རྒྱུས་ལོན་བྱས་པ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ཡང་ཉན་པ་རེད།   

“ཁྱེད་ཚོའི་གྲོང་ཚོར་ཏང་ཡོན་ག་ཚོད་ཡོད་དམ།ཁྱིམ་ཚང་གི་ཡོང་འབབ་གཙོ་བོ་ཅི་ཞིག་རེད། མིག་སྔར་ད་དུང་དཀའ་ངལ་གང་དག་ཡོད།བསམ་འཆར་དང་གྲོས་གཞི་ཅི་ཞིག་ཡོད།”ཅེས་ཡང་ཐང་གྲོང་རྡལ་ཧོ་ཕིང་གྲོང་ཚོའི་འོག་ཕུའི་ཀྲི་པུའུ་ཧྲུའུ་ཅིའི་ཅིའུ་ཅིན་དང་མཁར་མགོའི་ཀྲི་པུའུ་ཧྲུའུ་ཅིའི་རྡོ་རྗེའི་ཁྱིམ་དུ་ལོ་ཁྲའོ་ཧྥེང་གིས་ཁོང་ཚོ་དང་ཐབ་ཁ་བསྐོར་ནས་སྡོད་པ་དང་། བྱམས་བརྩེའི་ངང་སྤེལ་རེས་བྱས་ནས།ཁྱིམ་ཚང་དང་ཡོང་འབབ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ། ཁོང་ཚོས་ལས་སླ་པོར་བྱུང་བ་མིན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་བ།དཀའ་སྤྱད་སྡུག་རུས་དང་།རང་སྟོབས་རང་སྤེལ།དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་དཀའ་སྤྱད་འབད་བརྩོན་གྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་སྐུལ་འདེབས་གནང་བ་རེད།

    ལོ་ཁྲའོ་ཧྥེང་གིས་ཞི་ཅིན་ཕིན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་”འདུ་ཤེས་བརྟན་པོ་འཛུགས་པ་དང་། རྨོ་ཞིང་གི་ཐིག་དམར་དམ་པོར་སྲུང་བ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལྗང་མདོག་དཔལ་འབྱོར་སྐྱེད་སྲིང་ཧུར་ཐག་བཅས་བྱས་ཏེ། སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་ཡོང་བར་འབད་བརྩོན་བྱེད་དགོས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ་དང་། ས་ཆའི་ཐོན་ཁུངས་ཕན་སྒྱུར་བྱེད་པ། ས་ཆ་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་ཆའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། མང་ཚོགས་ཀྱི་ཉེན་མེད་འཐུང་ཆུ་སོགས་དངོས་ཡོད་དཀའ་ངལ་སེལ་རོགས་བཅས་བྱེད་དགོས། ཏང་ཡོན་ལས་བྱེད་པའི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་དང་། གོམས་སྲོལ་བསྒྱུར་བའི་སྣེ་ཁྲིད། གོམས་སྲོལ་ངན་པ་དང་སྲོལ་ངན་རང་རྟོགས་ཀྱིས་བཀག་འགོག མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ། སྐྱོན་བྲལ་ཡ་རབས་ལྡན་པའི་འཚོ་བ་སྐྱེལ་སྟངས་གསོ་སྐྱོང་ཧུར་ཐག་བཅས་བྱེད་དགོས། གྲོང་གསེབ་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ། མང་ཚོགས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་བཅོས་སྐྱོང་ལེགས་པར་བྱེད་དགོས། གྲོང་གསེབ་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ། མང་ཚོགས་སྣེ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་བཅོས་སྐྱོང་ལེགས་པར་བྱེད་དགོས་པའི་ནན་བཤད་གནང་།

    ཡང་ཐང་གྲོང་རྡལ་ལེན་ཧོ་གྲོང་ཚོ་གནས་གསར་གནམ་སྔོ་ཆུ་དྭངས་ལྗོངས་ཁུལ་ལ་བརྟག་ཞིབ་བྱེད་སྐབས་ལུའོ་ཁྲའོ་ཧྥེང་གིས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་།ཞབས་ཞུ་འགན་ལེན་དང་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ།རྒྱུན་མཐུད་ཀྱིས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།ཞིང་ལས་མཉམ་འབྲེལ་དང་ཞིང་ལས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས“སྣོད་བཅུད་མཛེས་པ”དང་།“ཐོན་ལས་དར་རྒྱས།”“མང་ཚོགས་ཕྱུག་འགྱུར”བཅས་ཀྱི་ལམ་བུ་གསར་པ་ཞིག་གཏོད་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་།

    ཉིན་དེར། ལུའོ་ཁྲའོ་ཧྥེང་གིས་ད་དུང་ཡུན་ནན་མཁར་མགོ་ཚོང་དཔོན་ཇ་རྟ་གནའ་ལམ་རིག་གནས་རྟེན་མཛོད་ཁང་དུ་ཞིབ་འཇུག་གནང་བ།

    ཁུལ་འགོ་ཁྲིད་ཁྲིན་ཆོན་ཞིབ་འཇུག་ཏུ་ཞུགས་ཡོད།