རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའུ་ཀྲི་ཅུན་དང་།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཐའོ་བྱེད་སྒོར་ཞུགས།བྱེད་སྒོའི་ཁྲོད། མི་སྣ་ཡོངས་ཀྱིས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཁྱབ་བསྒྲགས་གནང་པའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོའི་དྲིལ་བསྒྲགས་པར་གཞི་དང་ཡུན་ནན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་རྩེ་གྲ་བཅུ་ཡི་འོས་སྦྱོར་བརྙན་ལམ་ལ་བལྟས་པ་རེད། ཁུལ་དངོས་མང་བཤམས་སྟོན་ཁང་གི་“གཙང་གསུམ་མུ་ཏིག·མཛེས་པའི་བདེ་ཆེན་——བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་འགྲེམས་སྟོན”ལ་ཡུན་ནན་ཞིང་ཆེན་གྱི་འགྲེམས་སྟོན་རྩེ་གྲ་བཅུའི་བྱ་དགའ་ཐོབ་པའི་གཏམ་བཟང་བརྡ་ཁྱབ་བཏང་བ།འགྲེལ་བཤད་པ་ཆུང་ཆུང་རུ་ཁག་ལ་མིང་རྟགས་གནང་བ། ཕུལ་བྱུང་དང་བླངས་པ་དང་།འཆད་ཁྲིད་པ།རྩོམ་བསྡུ་བྱ་དགའ་ཐོབ་མཁན་བཅས་དང་དེ་བཞིན་མཛུབ་ཁྲིད་དགེ་རྒན་ལ་བྱ་དགའ་གནང་བ་རེད། བདེ་ཆེན་གྱི་ཟློས་གར་རྩེ་གྲ《བརྩེ་བས་ཐག་བཅད་པའི214》པར་ལེན་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།
བར་སྐབས་སུ།མི་སྣ་ཡོངས་ཀྱིས་དངོས་མང་བཤམས་སྟོན་ཁང་ལ་ལྟ་སྐོར་བྱས་པ་དང་།བདེ་ཆེན་གྱི་གསར་བརྗེའི་ལོ་རྒྱུས་དང་མི་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱས་པ་རེད།