རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་ནས་འདབ་པའི་བར་དུ་བསྐྱོད་པའི་གཞུང་ལམ་དུ་ཞུགས་པ་ན། མཐོ་ཞིང་བརྗིད་པའི་རི་རབ་དང་གྲོག་རོང་གི་བར་ན་ལོ་ངོ་སྟོང་ལ་མ་ཞུ་པའི་གངས་ཀྱི་སྣང་བརྙན་མང་དུ་མཐོང་ཞིང་། འཇམ་མཉེན་གྱི་ཉི་འོད་ས་འཛིན་གྱི་རྩེ་ལ་འཕྲོས་པ་ན་འོད་ཀྱི་མུ་ཏིག་ཕྱོགས་བཞིར་མཆེད་ཅིང་ཡིད་དབང་འཕྲོག རང་བྱུང་གི་བཀོད་པ་མཚར་དུ་དངར་བ་ཞིག་ལ། མགོ་བོ་ཡར་བཀྱེགས་ནས་བལྟས་པ་ན་གངས་ཀྱི་རྩེ་མོ་མཐོང་ཞིང་། ཡང་མར་བལྟས་པ་ན་མེ་ཏོག་སྣ་ཚོགས་ཀྱིས་མཛེས་སྡུག་གི་ཞལ་རས་མངོན་པ་མཐོང་ཐུབ། ས་བབས་ཀྱི་མཐོ་དམའ་བར་ནས་དཔྱིད་ཀྱི་སྒེག་ཉམས་དང་དགུན་གྱི་གྲང་རེག་ཉམས་སུ་མྱོང་ཐུབ་པ་འདི་མ་བཅོས་ལྷུན་གྱིས་གྲུབ་པའི་མཛེས་སྡུག་གི་དྭངས་མ་དེའོ།།