ལུའོ་ཁྲའོ་ཧྥེང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དུ་ཕེབས་ནས་སྒྲོག་འགྲེལ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-05-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་5པའི་ཚེས་16ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་ནས་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བླང་བྱ་བརྒྱུད་བསྒྲགས་གནང་བ་དང་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་།ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་བླང་བྱ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་འཛུགས་ལས་དོན་མུ་མཐུད་ཟབ་སྤེལ་དང་ཤུགས་སྣོན་བརྒྱབ་སྟེ།ལས་ཀའི་ཕན་འབྲས་ཏན་ཏིག་གིས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

    མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དུ་ལུའོ་ཁྲའོ་ཧྥེང་སྤྱི་ཚོགས་ལས་དོན་ཚན་ཁག་དང་དཔལ་འབྱོར་འཕེལ་རྒྱས་ཚན་ཁག  ཆོས་ལུགས་ཚན་པ་གཉིས་པ་སོགས་ཚན་ཁག་ཏུ་ཕེབས་ནས་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཚན་ཁག་སོ་སོའི་ལས་དོན་སྒྲུབ་ཚུལ་རྒྱུས་ལོན་བྱས་པ་དང་། བཞུགས་མོལ་ཚོགས་འདུའི་ཐོག་ལུའོ་ཁྲའོ་ཧྥེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་འབྲེལ་ཡོད་ལས་དོན་སྒྲུབ་ཚུལ་གྱི་སྙན་སེང་གསན་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་སྒྲོག་འགྲེལ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་མི་རིགས་ཆོས་ལུགས་ལས་དོན་ལ་བཀོད་སྒྲིག་བྱས་ཡོད་པ་དང་། བདེ་ཆེན་ནི་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ཁུལ་གཅིག་པུ་དེ་ཡིན་པ་དང་། རྒྱལ་ཡོངས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ཁྲོད་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། ཡུན་རིང་བདེ་འཁོད་འགན་ལེན་བཅས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཁུར་ཡོད་ཅེས་བསྟན།

    ལུའོ་ཁྲའོ་ཧྥེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྦྱོང་ནན་ཏན་དང་ཡང་ནས་ཡང་དུ་བྱས་ཏེ་མཉམ་འདྲེས་ཐུབ་པ་དང་ཕན་འབྲས་ཐོན་པར་བྱེད་དགོས།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཁུལ་ཡོངས་ཀྱི་ལས་ཀའི་གཙོ་དོན་དུ་བཟུང་སྟེ། བདེ་ཆེན་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས།སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ཏང་གི་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཏུ་ཁྱབ་པ་དང་། ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱས་ཏེ། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྣམ་པ་མུ་མཐུད་སྲ་བརྟན་དང་མཐོར་འདེགས་གཏོང་དགོས།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་བརྟན་དུ་འཛུགས་པའི་འདུ་ཤེས་ཀྱི་སྒྲོག་འགྲེལ་ལ་ཤུགས་སྣོན་དང་། ལྟ་འདོད་ཉན་སྤྲོའི་རྣམ་པའི་ཐོག་ནས་ཏང་གི་མི་རིགས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་“མི་སེར་དཀྱུས་མའི་ཁྱིམ་དུ་འཕུར་བ་”ལ་སྐུལ་འདེད་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་ཀ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་ཕྱི་ཚུལ་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་ལ་སྔར་བས་གཟུགས་ལྡན་དང་། ཚོར་སྣང་། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ངོས་འཛིན་གཅིག་མཐུན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་ཐུན་མོང་ཐོག་དེང་རབས་ཅན་དུ་སྐྱོད་པའི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་འཛུགས་ཟབ་སྤེལ་བྱེད་དགོས། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་དང་རྩོད་གཞི་རྩད་ཞིབ་དང་སེལ་བར་ཚད་མཐོན་པོའི་མཐོང་ཆེན་བྱེད་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་ལྷིང་འགན་སྲུང་བྱེད་དགོས། ཁྲིམས་ལྟར་མི་རིགས་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། དོ་དམ་བྱེད་མི་འདོད་པ་དང་། དོ་དམ་བྱེད་མི་ཕོད་པ། དོ་དམ་བྱེད་མི་ཤེས་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱས་ཏེ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་། དངོས་དོན་སྒྲུབ་འགན་འཁུར་ནས། ཀྲུང་གོའི་རྣམ་པའི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་དགོས་པའི་ནན་བཤད་གནང་།

    ཁུལ་འགོ་ཁྲིད་ལིའོ་ཝུན་ཚའེ། ཡུས་ཀུའེ་ཧྥེན་བརྟག་ཞིབ་དང་བཞུགས་མོལ་ཚོགས་འདུར་ཞུགས།