རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10༡༠པའི་ཚེས24ཉིན། ཁུལ་ཡོངས་ཀྱི་2025ལོའི་དུས་ཚིགས་བཞི་བའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་།ཞིང་ཨུའི་ཉེ་དུས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ། དུས་ཚིགས་བཞི་བའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་གཙོ་སྐྱོང་གནང་བ།
ཚོགས་འདུའི་ཐོག ད་ལོའི་ཚུན་དུ།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནན་ཏན་གྱིས་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་དོན་འཁྱོལ་བྱས་པ་དང་།བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་བས། ཁུལ་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་བརྟན་རླིང་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། འོན་ཀྱང་ལོ་མཇུག་ཐོན་ལ་ཉེ་བ་དང་བསྟུན། ཉེན་ཁའི་རྐྱེན་ངན་སྣ་ཚོགས་གཅིག་ཐོག་ཉིས་བརྩེགས་བྱས་ཡོད་པས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་ལྷོད་མི་རུང་བའི་འགན་འཁྲི་འཁུར་སེམས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་དམ་འཛིན་དང་ཞིབ་ཚགས་ངང་སྤེལ་ནས།མིག་སྔའི་བརྟན་རླིང་གི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྔོན་འགོག་གི་རང་འགུལ་དམག་འཐབ་དང་གྲ་སྒྲིག་དམག་འཐབ་གཏིང་ཟབ་ཀྱིས་བརྒྱབ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ལོ་མཇུག་གི་བདེ་འཇགས་བརྟན་ལྷིང་ལས་དོན་ལ་དམ་འཛིན་དང་ཞིབ་ཚགས་གྱིས་སྒྲུབ་དགོས། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་ཐབས་བྱེད་ཤུགས་ཆེ་རུ་བཏང་ནས།འགལ་བ་དང་རྩོད་གཞི་ཡི་འབྱུང་རྩ་ནས་འགོག་ཟོན་བྱེད་པར་ཤུགས་བསྣན་ནས།འགལ་བ་དེ་གཞི་རིམ་ནས་སེལ་བ་དང་།ཉེན་ཁ་ནི་གསར་དུ་བྱུང་བ་ནས་མེད་པར་བཟོ་བར་ཧུར་བརྩོན་བྱེད་དགོས།ཁྱོན་ཡོངས་ནས་མི་བསད་གྱོད་གཞི་ཡི་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀ་དམ་འཛིན་གང་ལེགས་བྱས་ནས།སྤྱི་ཚོགས་ངོས་ཀྱི་ཁྱོན་ཡོངས་འགོག་ཟོན་ལ་ཤུགས་བསྣན་ནས།ཁྲིམས་འགལ་ཉེས་གསོག་འབུར་ཐོན་ཅན་ལ་རྡུང་རྡེག་ཚ་ནན་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་ཚད་གཞི་བརྟན་སྲུང་དང་།ལས་རིགས་གཙོ་བོའི་ཁྱབ་ཁོངས་ལ་དམིགས་ནས།མངོན་མེད་རྐྱེན་ངན་རྩད་ཞིབ་དང་བཅོས་སྐྱོང་གང་ཐུབ་བྱ་དགོས།མུ་མཐུད་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་དང་། ས་ཡོམ་གྱི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའི་ལས་ཀར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་།ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གཞི་གཅིག་ཏུ་འགྱུར་བའི་འཁོར་སྐྱོད་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་སྔར་བས་གཅིག་ཏུ་སྒྲིལ་དགོས།ཁུལ་རིམ་པའི་སྡེ་ཁག་དང་ཁོངས་གཏོགས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་ཐུན་མོང་ཐོག་འགན་འཁྲི་འཁུར་དགོས་པ་དང་།ཁུལ་རིམ་པའི་སྡེ་ཁག་གིས་ལས་རིགས་ཀྱི་གཙོ་སྐྱོང་འགན་འཁྲི་དོན་འཁྱོལ་བྱས་ཏེ་རང་འགུལ་ངང་གཞི་རིམ་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱ་དགོས།རྫོང(གྲོང་ཁྱེར)ཁག་དང་ཤང(གྲོང་རྡལ)ཁག་གིས་རང་འགན་གཙང་སྒྲུབ་དང་དོ་དམ་ནན་པོ་བྱས་ཏེ་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ལས་ཀ་ཡག་པོ་སྒྲུབ་པར་སྣེ་ཁྲིད་དེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ནམ་ཡང་སེམས་གཏིང་དུ་བཞག་པ་དང་ཕྲག་ཐོག་ཏུ་འཁུར་བ།བྱ་སྤྱོད་ཐོག་དོན་འཁྱོལ་བཅས་བྱེད་དགོས།རྗེས་འདེད་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཞིབ་ཐོ་དབྱེ་འབྱེད་མངག་བཀོད་བྱེད་པ།གཟེར་འདེབས་པ་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་དམ་འཛིན་ཏན་ཏིག་དང་།དམ་འཛིན་ཞིབ་ཚགས།དམ་འཛིན་ཞིབ་ཕྲ་བཅས་བྱེད་དགོས།ཚོགས་འདུ་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཤང་གྲོང་རིམ་པར་སྤེལ་ཡོད།