རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


གསར་གཏོད་དང་མཉམ་འདྲེས་བྱེད་དེ་རིག་གནས་དང་ཡུལ་སྐོར་ལས་རིགས་ཕྱོགས་ཡོངས་ནས་རིམ་པ་འཕར་བ།
སྔོན་མ་བདེ་ཆེན་དུ་ཡོང་ན་ཡུལ་ལྗོངས་ལ་ལྟ་བ་ཡིན། ད་ལྟ་དབྱིངས་ཞུགས་རྣམ་པས་འཚོ་བ་མྱོང་ཚོར་བྱེད་པ་དེ་ཡིན་ཞེས་འདི་ནི་ཡུལ་སྐོར་བ་ཡིས་རང་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་འགྱུར་ལྡོག་ལ་ཆེས་ཐད་མཐོང་གི་མྱོང་ཚོར་ཡིན། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རིང་། རང་ཁུལ་གྱིས་སྲོལ་རྒྱུན་གྱི་ལྟ་སྐོར་ཡུལ་སྐོར་གྱི་ཚད་བཀག་གཏོར་ནས། སྣ་མང་ཅན་གྱི“ཡུལ་སྐོར་+ཞེས་པའི་མཉམ་འདྲེས་ལས་རིགས་ཀྱི་ལིང་ཚེ་བཙུགས་ཏེ། 2020ལོའི་གོང་གི་རྐྱང་མའི་ཡུལ་ལྗོངས་ལྟ་སྐོར་གཙོ་བོར་འཛིན་པའི་ཡུལ་སྐོར་རྣམ་པ་རྦད་དེ་འགྱུར་ལྡོག་བཏང་ཡོད།

པོ་ཏ་མཚོ་ལྗོངས་ཁུལ་གྱིས་གངས་དང་འཁྱགས་པའི་ཡུལ་སྐོར་སོགས་ཁྱད་ལྡན་རྣམ་གྲངས་བཏོན་ཏེ་2024ལོའི་འཛད་སྤྱོད་གཉིས་པའི་ཡོང་འབབ་ཀྱིས་བཟུང་བའི་བསྡུར་ཚད་60%ལས་བརྒལ་བ། དེ་སྔ་གཉེར་སྐྱོང་དཀའ་ངལ་གྱི་དབང་གིས་བྱང་བུ་མེད་པ་བཟོས་པའི་ཤྭ་ཁ་གངས་རི་མཛེས་ལྗོངས་ཁུལ་གྱིས་5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་ཚད་གཞི་ལ་དཔེ་བསྡུར་ནས་རིམ་སྤར་བསྒྱུར་བཀོད་བྱས་པ་བརྒྱུད། 2024ལོའི་ཟླ་9པར་ཚོད་ལྟའི་ལས་གཉེར་བྱས་པ་ནས་བཟུང་གངས་རྩེད་སྐྱིད་གླིང་བཞེངས་བསྐྲུན་དང་གངས་འཁྱགས་རྐང་ཐང་སོགས་ཀྱི་རྣམ་གྲངས་བཏོན་ནས་དགུན་དུས་ཀྱི་ཡུལ་སྐོར་སྟོང་ཆ་ཁ་གསབ་བྱས་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་4.1ལྷག་ཙམ་སྣེ་ལེན་བྱས་པ་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་95%ཡན་ཟིན་ཡོད། སྔོན་ཆད་རང་ཁུལ་གྱི་དགུན་དུས་ཡུལ་སྐོར་ཧ་ལམ་མི་མེད་པར་གནས་པའི་གནས་ཚུལ་རྦད་དེ་ལེགས་སུ་ཕྱིན་ཡོད། སྟག་མཆོང་གྲོག་རོང་ལྗོངས་ཁུལ་དེ་གྲོག་རོང་ཡུལ་ལྗོངས་ལྟ་སྐོར་བྱ་ཡུལ་ནས་རྒྱལ་ཡོངས་ཀྱི་སྐད་གྲགས་ཆེ་བའི་རྐང་ཐང་བྱ་ཡུལ་དུ་གྱུར་བ་དང་། 2024ལོར་རྐང་ཐང་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་དེ་2020ལོ་དང་བསྡུར་ན་ལྡབ་གསུམ་ལས་བརྒལ་ཡོད། ཚེ་འདི་རྒྱལ་ལམ་214ལམ་ཐིག་ཏུ་བརྩེ་དུང་གཏན་འཁེལ་བྱེད་ཞེས་པའི་འཁོར་གཏོང་ཡུལ་སྐོར་རྣམ་གྲངས་IPདེ་འབྲེལ་ལམ་དྲ་བར་སྐད་གྲགས་ཆེ་བས་ལམ་བརྒྱུད་ཀྱི་ལྗོངས་ལྟ་སྟེགས་བུ་དང་ངལ་གསོ་ས་ཚིགས་2020ལོའི་12ནས་38དུ་རྒྱ་སྐྱེད་པ་དང་། འཁོར་གཏོང་ཡུལ་སྐོར་གྱི་བསྡུར་ཚད་35%ནས་58%དུ་འཕར་བ། 2024ལོའི་ལོ་མཇུག་ཏུ་ཕྱེད་ཀ་ཙམ་གྱི་Aརིམ་པའི་ལྗོངས་ཁུལ་གྱིས་འཛད་སྤྱོད་ཐེངས་གཉིས་པའི་ཡོང་འབབ་དེ་སྤ་སེའི་ཡོང་འབབ་ལས་བརྒལ་ནས་2020ལོའི་བསྡུར་ཚད་15%ཡང་ཟིན་མེད་པ་ལ་སྤུས་ཚད་ཀྱི་འཕུར་མཆོང་མངོན་གྱུར་བྱུང་ཡོད།

རིག་གནས་དང་ཡུལ་སྐོར་གྱི་སྒར་རེས་གཏོང་ཟབ་ཀྱིས་ངར་ཤུགས་དེ་བས་རྒྱུན་སྲིང་དུ་གྱུར་བཅུག 2020ལོར་རང་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་279ཁྲོད་རྣམ་གྲངས་32མ་གཏོགས་ལྗོངས་ཁུལ་དུ་འགྲེམ་སྟོན་བྱས་མེད། "ལོ་ལྔ་ཚན་བཅུ་བཞི་པའི་"འཆར་འགོད་རིང་། རྫ་ནག་བཟོ་རྩལ་སོགས་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཕྱོགས་ཡོངས་ནས་ལྗོངས་ཁུལ་དུ་སྐྱོད་དེ་ལྗོངས་ཁུལ་+བཟོ་གྲྭ་ཞེས་པའི་དབྱིངས་ཞུགས་རྣམ་པའི་ཉམས་ལེན་དཔེ་དབྱིབས་ཆགས་པ། བདེ་ཆེན་གྱི་བོད་སྤོས་བཟོ་རྩལ་གྱི་རྒྱུན་འཛིན་པ་རྒྱལ་མཚན་གྱི་སུམ་གླིང་བོད་སྤོས་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཁང་དེ་རོལ་རྩེད་ལེ་ཚན་རྒྱུག་ཤོག་སྤུན་ཟླ་ཞེས་པས་པར་དུ་བླང་བྱ་འདེམས་སྒྲུག་བྱས་ནས་མི་མི་ཉུང་བའི་ཡུལ་སྐོར་དམིགས་ཡུལ་དུ་གྱུར་བ་དང་། 2024ལོར་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་18ཟིན་པས་2020ལོ་དང་བསྡུར་ན་ལྡབ་ཉི་ཤུ་ཙམ་འཕར་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་སྡེའི་རྫ་ནག་བཟོ་མཁན་བློ་བཟང་བྱམས་པ་ཡིས་ཇུས་འགོད་པ་དང་མཉམ་ལས་བྱས་ནས་སྲོལ་རྒྱུན་གྱི་ལག་རྩལ་དེ་དེང་རབས་ཀྱི་ཡོ་བྱད་དང་འདྲེས་བ། ཁོང་གིས་ཇུས་འགོད་བྱེད་པའི་གཡག་གི་རྣམ་པའི་རྫ་ནག་ཁོག་མ་དེ་དར་ཆེའི་ཐོན་རྫས་སུ་གྱུར། ཡང་ཐང་གྲོང་རྡལ་གྱི་ལག་རྩལ་པ་བློ་བཟང་ཆོས་སྐྱིད་ཀྱིས་ཇུས་འགོད་བྱས་པའི་འབྲི་གཡག་གི་རྩེད་བརྙན་དེ་རིག་གནས་གསར་གཏོད་ཚོང་ཁང་དུ་ཟླ་རེར་བརྒྱ་ཙམ་བཙོང་པ། རིག་གནས་གསར་གཏོད་ཐོན་རྫས་དེ་2020ལོའི་སྣ་50ཡང་མེད་པ་ལས་2024ལོར་སྣ་བརྒྱ་ལྷག་འཕར་ཡོད།

དུས་ཚིགས་ཀུན་ལ་གཙོ་དོན་ཡོད་པ་དང་ཟླ་བ་ཀུན་ལ་བྱེད་སྒོ་ཡོད་ཞེས་པའི་དུས་སྟོན་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་བ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པའི་རིང་ལ། བསྟུད་མར་ཉིན་བརྒྱའི་ངོ་མཚར་ཆེ་བའི་བྱེད་སྒོ་རེས་མོས་སྤེལ་ཏེ་ལོ་རྒྱུས་ཀྱི་ནང་དོན་གསལ་པོར་སྟོན་པའི་མི་རིགས་གླུ་བྲོའི་ཟློས་གར་ལོ་ངོ་སྟོང་གི་བྲག་དབྱངས་ཞེས་པ་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཤམ་བྷ་ལའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་བར། ནང་དོན་ཕུན་སུམ་ཚོགས་པ་དང་བཀྲག་ཆེ་ས་མང་བ། 2020ལོར་ལོ་ཧྲིལ་པོར་རིག་གནས་དང་ཡུལ་སྐོར་བྱེད་སྒོ་ཆེ་གྲས་དྲུག་ལས་མེད་པར་བསྡུར་ན་གཞི་ཁྱོན་ཚད་མཐོའི་ངང་རྒྱ་སྐྱེད་པ། རིག་གནས་དང་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་བདེ་བླག་ངང་སྤེལ་བས་རང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གྱི་གསོན་ཤུགས་སྔར་བས་སྐུལ་སློང་བྱས་ཡོད།
དམངས་ཁྱིམ་དཔལ་འབྱོར་དེ་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་སུ་གྱུར།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ནགས་ཕག་མཚོ་འགྲམ་གྱི་གོང་སྤེལ་གྲོང་སྡེར་གྲོང་མི་ཆོས་མཚོ་ཡིས་རང་ཁྱིམ་གྱི་ཁང་པ་དེ་དམངས་ཁྱིམ་དུ་བསྒྱུར་བཀོད་བྱས་པ་དང་། སྒེའུ་ཁུང་ནས་གངས་རི་དང་རྩྭ་ཐང་མཐོང་ཐུབ་ལ། ཡུལ་སྐོར་བས་ད་དུང་བེ་ཤ་འཐུ་བ་དང་བོད་གོས་གྱོན་པར་ཉམས་ལེན་བྱེད་ཐུབ་པས། ས་གནས་དེ་གའི་བུད་མེད་ལ་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་པ་མ་ཟད། ཕ་ཡུལ་གྱི་རིག་གནས་ངོ་སྤྲོད་བྱེད་མཁན་ཞེས་པར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་རྣམ་པ་འདི་འདྲ་རང་ཁུལ་གྱི་ག་ས་གང་དུ་མཐོང་ཐུབ་ལ། 2020ལོར་ཁུལ་ཡོངས་སུ་དམངས་ཁྱིམ་དང་སྤུས་ལེགས་མགྲོན་ཁང་150ལྷག་ལས་མེད་པ་དང་མང་ཆེ་བ་རྡོ་མཁར་རྫོང་གི་མཐའ་འཁོར་དུ་བསྡུ་རུབ་བྱས་ཡོད།

“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་རིང་། རང་ཁུལ་གྱི་དམངས་ཁྱིམ་ཆར་རྗེས་ཀྱི་མྱུ་གུ་འབུར་ཐོན་བཞིན་ཐོན་པ་དང་། མཐོ་རིམ་དང་། འབྲིང་རིམ། ཐ་རིམ་བཅས་ལ་ཁྱབ་པའི་སྣ་མང་ཅན་གྱི་ཞག་སྡོད་མ་ལག་ཆགས་ཡོད་དེ། གྲོང་གསེབ་དར་རྒྱས་ཀྱི་རྒྱབ་ལྗོངས་འོག འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཚོའི་དེ་སྔའི་ཡིག་ཚགས་དང་གཱ་བཤོས་བའི་དུད་ཚང་དབུལ་པོ་ཧོ་ཡན་ཆུན་གྱིས་མེས་པོའི་སྡོད་ཁང་རྙིང་པ་བསྒྱུར་བཀོད་བྱས་པ་བརྒྱུད་དམངས་ཁྱིམ་བསྐྲུན་ཡོད་དེ་2024ལོར་ཡོང་འབབ་སྒོར་ཁྲི་50ལས་བརྒལ་བས་2020ལོར་ལས་འགོ་བཙུགས་མ་ཐག་པའི་སྒོར་ཁྲི་8ལས་ལྡབ་ལྔ་འཕར་ཡོད། དུས་མཚུངས་སུ་ཞིང་ལས་ཐོན་རྫས་འཚོང་བའི་སྟེགས་བུ་སྐྲུན་ཏེ་ལོ་རེའི་འཚོང་འབོར་སྒོར་ཁྲི་100ལས་བརྒལ་ནས་ཡུལ་མི་དུད་ཚང་20ལྷག་ཙམ་གྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱསཡོད། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡུལ་བརྒྱད་གྲོང་ཚོ་ཡིས་རི་སྐྱེས་རྒྱས་སྤྲོས་རྣམ་པའི་དམངས་ཁྱིམ་ཚོ་འདུས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། སྲོང་བཙན་ཞེས་པ་དང་ལི་ཧྲི་ཞེས་པ་སོགས་ཀྱི་སྤུས་རྟགས་ནང་འདྲེན་བྱས་ཏེ་ཡུལ་མིས་ས་ཞིང་གི་མ་རྐང་འཇོག་པ་ལ་བརྟེན་ནས་ཡུལ་མི་དུད་ཚང་122ཡི་ལོ་རེའི་ཆ་སྙོམས་ཁེ་སྤོགས་བགོ་བ་སྒོར་ཁྲི་2.6ལས་བརྒལ་ཡོད། འོན་ཀྱང་2020ལོར་གྲོང་ཚོ་དེའི་མི་རེའི་ཆ་སྙོམས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་3000ཟིན་མེད། དམངས་ཁྱིམ་གྱི་ཞབས་ཞུ་མི་སྣ་ནས་དམངས་ཁྱིམ་གྱི་ཚོང་དཔོན་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་བསོད་ནམས་ལྷ་མཚོ་ཡིས་བོད་ཁང་བསྒྱུར་བཀོད་བྱས་པ་དང་ཉམས་ལེན་རྣམ་གྲངས་སྣོན་པ་སོགས་བརྒྱུད་དེ་ཡོང་འབབ་འོར་སྣོན་མངོན་གྱུར་བྱུང་སྟེ་2024ལོར་ཡོང་འབབ་སྒོར་ཁྲི་40ཟིན་བ་དང་2020ལོའི་གླ་བ་འགྲོ་བའི་ལོ་གཅིག་གི་ཡོང་འབབ་དང་བསྡུར་ན་ལྡབ་12འཕར་ཡོད།

དམངས་ཁྱིམ་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་ནི་རིག་གནས་དང་ཡུལ་སྐོར་གྱིས་མི་དམངས་ཕྱུག་པོ་གྱུར་བའི་གསོན་ཉམས་ལྡན་པའི་མཆན་འགྲེལ་ཞིག་རེད། རང་ཁུལ་གྱིས་དམངས་ཁྱིམ་དོ་དམ་གྱི་ཇུས་གཞི་དང་ཞིབ་དཔྱད་གཏན་འཁེལ་ཚད་གཞི་བཏོན་པ་དང་། རྩལ་ནུས་གསོ་སྦྱོང་ཐེངས་200ལྷག་ཙམ་སྤེལ་ཏེ། སྦྱོང་བརྡར་ནང་ཞུགས་པའི་མི་སྣ་དེ་2020ལོའི་མི་ཐེངས་800ལྷག་ཙམ་ནས་2024ལོའི་མི་ཐེངས་5000ལྷག་ཙམ་བར་མང་དུ་ཕྱིན་ནས་ལས་གཉེར་བྱེད་མཁན་གྱི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 2024ལོར། ཁུལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་5000ལས་བརྒལ་བ་དང་། ཡུལ་སྐོར་གྱི་འགྲོ་གྲོན་སྒོར་དུང་ཕྱུར་52ཡན་མངོན་འགྱུར་བྱུང་། 35%ཡན་གྱི་མང་ཚོགས་ཀྱི་རིག་གནས་དང་ཡུལ་སྐོར་འབྲེལ་བའི་ལས་རིགས་ནང་ཞུགས་ནས་འབབ་འཕར་མངོན་འགྱུར་བྱུང་བ། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡུལ་བརྒྱད་གྲོང་སྡེས་དམངས་ཁྱིམ་ཐོན་ལས་འཕེལ་རྒྱས་གཏོང་བ་བརྒྱུད་དེ་2024ལོར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་37འཕར་བ་དེ་2020ལོའི་ཡོང་འབབ་མེད་པ་ལས་ཚད་བརྒལ་ཆེན་པོ་ཐོབ་ཡོད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་དམངས་ཁྱིམ་ཉི་ཤུ་ལྷག་གིས་ས་གནས་འདི་གའི་ཁང་པའི་བདག་པོ་+ཕྱི་ནས་ཡོང་བའི་འཁོར་སྐྱོད་ཚོང་གཉེར་ཞེས་པའི་མཉམ་ལས་དཔེ་དབྱིབས་འགྱུར་སྐུལ་བྱས་པ། དམངས་ཁྱིམ་གྱིས་ཡུལ་སྐོར་བ་རྣམས་ཀྱི་གོམ་སྟབས་རྒྱུན་འཁྱོངས་བྱས་པ་མ་ཟད། གྲོང་གསེབ་གྱི་དགའ་མོས་བྱེད་ཚད་དང་རེ་བ་དེ་བས་རྒྱུན་འཁྱོངས་བྱས་ཡོད། 2024ལོར་ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་གཉེར་མི་སྣ་མི་ཁྲི་12.6ཟིན་ནས་སྤྱིའི་མི་འབོར་གྱི་30.7%བཟུང་བ་དང་2020ལོ་ལས་མི་ཁྲི་3.2མང་དུ་ཕྱིན་ཡོད།
རྨང་གཞིའི་འཛུགས་སྐྲུན་དང་སྤུས་རྟགས་གཉིས་ཀྱིས་རྨང་གཞི་བརྟན་པོར་སྐུལ་འདེད་གཏོང་།

རིག་གནས་དང་ཡུལ་སྐོར་གྱི་ཁྲོམ་རའི་དྲོད་ཚད་འཕར་བ་དེ་མཁྲེགས་ཆས་ཀྱི་རིམ་སྤར་དང་སྤུས་རྟགས་རྒྱ་ཆེར་སྤེལ་བའི་འདེགས་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རིང་། རང་ཁུལ་གྱིས་2020ལོའི་སྔོན་གྱི་ཕྱི་ཕྱོགས་ལ་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་མཛེས་ལྗོངས་ཁ་ཐོར་དང་ཁེར་རྐྱང་ཡིན་པ་ཞེས་པའི་དཀའ་ངལ་རྩ་བ་ནས་བསྒྱུར་ཡོད། 2023ལོའི་ཟླ་11པར་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པས་རང་ཁུལ་སྒུལ་འཁོར་དུས་རབས་ཞེས་པར་སླེབས་པས། ཁུན་མིང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ཕྲེང་བརྒྱུས་དུས་ཚོད་མགྱོགས་ཤོས་དེ་2020ལོའི་ཆུ་ཚོད་8ལྷག་ཙམ་ནས་ཆུ་ཚོད་4དང་སྐར་41བར་ཐུང་དུ་བཏང་། 2024ལོའི་ཟླ5པར། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱིས་བསྡོམས་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་118.3བསྐྱེལ་བ་དང་། ཡུལ་སྐོར་བ་སྡོད་པའི་དུས་ཚོད་དེ་ཆ་སྙོམས་ཉིན་2.3ནས་ཉིན་4.1བར་རིང་དུ་གཏོང་རྒྱུར་སྐུལ་ཁྲིད་བྱས།
རྨང་གཞིའི་སྒྲིག་བཀོད་མ་འཇོག་བྱེད་ཚད་རྒྱུན་མཐུད་ཤུགས་ཆེན་གཏོང་བ། 2024ལོར་རང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་8.17ཟིན་པ་དང་།ལོ་སྔོན་མའི་དུས་མཚུངས་ལས་100.7%འཕར་ཡོད། སྤྱིའི་མ་འཇོག་སྒོར་དུང་ཕྱུར་7.47གྱིས་ས་ཁོངས་ཡོངས་ཀྱི་ལྟ་སྐོར་རིག་གནས་དང་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་རྡོ་མཁར་རྫོང་དང་ནགས་ཕག་མཚོ། སུམ་རྩེན་གླིང་སོགས་ལྟེ་བའི་ཡུལ་ལྗོངས་ཁུལ་སྦྲེལ་མཐུད་བྱས་ཏེ་སྤྱི་ལེ་30ཡི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་གིས་ཁ་ཐོར་མཛེས་ལྗོངས་ཕྲེང་སྦྲེལ་བྱས་ནས་2020ལོའི་སྤྱི་ལེ་12ཡི་ཡུལ་སྐོར་ལམ་ཐིག་ལས་150%འཕར་ཡོད། པོ་ཏ་མཚོ་ལྗོངས་ཁུལ་གྱིས་དུས་རིམ་གཉིས་ཀྱི་སྲུང་སྐྱོང་བེད་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ་མ་རྩ་འཇོག་པ་དེ་2020ལོའི་སྒོར་ཁྲི་3500ནས་2024ལོའི་སྒོར་དུང་ཕྱུར་1.2བར་མང་དུ་ཕྱིན་པ་དང་། སྐྱེ་ཁམས་གྱི་རྐང་ཐང་ཀ་ལམ་སྤྱི་ལེ་15དང་བློ་རིག་ལྟ་ལྗོངས་སྟེགས་བུ་8གསར་དུ་སྣོན་པ། ཡུལ་སྐོར་བ་ཐེག་ཚད་ཉིན་རེའི་མི་5000ནས་མི་ཁྲི་1.2བར་མང་དུ་ཕྱིན་ཡོད།

སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཚད་རྒྱ་སྐྱེད་ནས་སེམས་ཀྱི་ཉི་ཟླའི་མི་རྟགས་འཛམ་གླིང་དུ་འགྲོ་བཅུག བདེ་ཆེན་གྱི་རང་སྒུལ་ངང་སེམས་ཀྱི་ཉི་ཟླ་ཆེན་པོ་ཞེས་པའི་ས་ཁོངས་འཕེལ་རྒྱས་ཀྱི་གནས་བབ་དུ་འདྲེས་ཏེ་སྨྱན་སྦྱོར་ཡོངས་ཀྱི་དྲིལ་བསྒྲགས་ལིང་ཚེ་འཛུགས་པ་དང་། ཐད་གཏོང་ངོ་སྤྲོད་དང་། ཟློས་གར་ཆུང་གྲས་དང་ཐུང་གྲས་ཀྱིས་པར་ལེན་སོགས་ལ་བརྟེན་ནས་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་བྱེད་སྟངས་ཁྱོན་ཡོངས་ནས་རིམ་སྤར་མངོན་འགྱུར་བྱུང་བ། 2024ལོར། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་3122.98ཟིན་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་352.9ཟོན་པ། དེ་གཉིས་ཀ་“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་”ཀྱི་2025ལོའི་ལོ་མཇུག་གི་དམིགས་འབེན་ལས་བརྒལ་བ། 2025ལོའི་ལོ་སྟོད་དུ། ཡུལ་སྐོར་བ་དང་ཡུལ་སྐོར་གྱི་ཡོང་འབབ་གཉིས་ཀའི་ན་ནིང་གི་དུས་མཚུངས་ལས་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་གནས་པ། རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བ་ལྡབ་འཕར་མངོན་འགྱུར་བྱུང་།

ལྕགས་ལམ་ཤར་གཏོང་ཐུབ་པ་ལས་བྱུང་བའི་དུས་དང་བར་སྟོང་གི་བསྐྱར་སྒྲིག་ནས་དམངས་ཁྱིམ་དཔལ་འབྱོར་སྐུལ་སློང་བྱུང་བའི་གྲོང་གསེབ་གྱི་འགྱུར་ལྡོག དངོས་མིན་རིག་གནས་ཤུལ་བཞག་བཟོ་གྲྭ་ནང་གི་རིག་གནས་རྒྱུན་འཛིན་ནས་གངས་འཁྱགས་རྐང་ཐང་ཁྲོད་ཀྱི་ལས་རྣམ་ཚད་བརྒལ་བར། གྲངས་ཀ་རེ་རེ་འཕར་བའི་རྒྱབ་ཏུ་རང་ཁུལ་གྱིས་ཡུལ་སྐོར་བའི་སེམས་ནང་གི་སྙན་ངག་དང་རྒྱང་རིང་ཞེས་པ་བཞེངས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཡིན།

ད་ལྟའི་བདེ་ཆེན་ནི་ལྟ་སྐོར་གྱི་དམིགས་ཡུལ་ནས་འཚོ་བའི་ཉམས་ལེན་བྱེད་སར་གྱུར་ཡོད་ལ། ས་ཁམས་ཀྱི་མིང་ཚིག་ནས་སེམས་ཀྱི་རྟགས་སུ་རྣམ་པ་འཕར་འགྱུར་བྱུང་བ། ཡུལ་སྐོར་བ་ཚོས་གོམ་སྟབས་ལ་བརྟེན་ནས་ཡུལ་ལྗོངས་ཚད་འཇལ་བྱེད་པ་མ་ཟད། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྲོ་སེམས་དང་བཟོ་རྩལ་དེ་བས་ཡིན། ཡུལ་མི་ལ་ཐོབ་པ་ནི་ཡོང་འབབ་འཕར་བ་ཙམ་མ་ཟད། རིག་གནས་ཀྱི་ཡིད་ཆེས་དང་ཁྱིམ་གཞིས་དར་རྒྱས་ཡོང་བའི་དགའ་སྤྲོ་གཉིས་ཀ་དེ་བས་ཡིན། མ་འོངས་པར་འཛམ་གླིང་གྱི་སེམས་ཀྱི་ཉི་ཟླ་ཡིས་མུ་མཐུད་དུ་སྒོ་འབྱེད་རྣམ་པ་དང་གསར་གཏོད་གྱི་སྟོབས་ཤུགས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རི་མོ་སྔར་བས་མཛེས་སྡུག་ལྡན་པའི་སྒོ་ནས་འབྲི་རྒྱུ་ཡིན།