ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་རང་ཁུལ་དུ་ཚུར་སྣང་དྲག་པོ་ཐོབ། (དང་པོ།)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གསུམ་ཉིན་གྱི་བར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་པེ་ཅིང་དུ་འཚོགས། རང་ཁུལ་གྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚགས་པར་དང་རྒྱང་བསྒྲགས། བརྙན་འཕྲིན། དྲ་བ་སོགས་སྨྱན་སྦྱོར་བརྒྱུད་ནས་གྲོས་ཚོགས་ཀྱི་ནང་དོན་རྒྱུས་ལོན་བྱས་པ་དང་གྲོས་ཚོགས་ཀྱི་དགོངས་དོན་གོ་བ་ཟབ་མོ་ལོན་ནས་ཚུར་སྣང་དྲག་པོ་བྱུང་། ཚང་མས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ས་ཁུལ་འཕེལ་རྒྱས་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་འགྱུར་རྒྱུ།

        ཏང་འཛུགས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་ནས་འབད་བརྩོན་གྱི་ནུས་ཤུགས་ལ་གཅིག་བསྡུས་བྱེད། 

        ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བའི་ཁག་ཐེག་རྩ་བ་ཞིག་ཡིན། 

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་གྱི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་རེན་ཆེན་དབང་མོ་ཡིས། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་སྣེ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ནན་གྱིས་སྐྱོང་བར་རྒྱུན་འཁྱོངས་བྱེད་དགོས། སྡེ་ཁུལ་དེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ཡིན་པའི་ཆ་ནས། ཏང་ནན་གྱིས་སྐྱོང་བ་ནི་ང་ཚོ་ལས་དོན་གྱི་རྩ་དོན་ཞིག་ཡིན་པས། ང་ཚོས་རྒྱུན་མཐུད་ངང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ནས། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་བྱས་ཏེ་གདོང་ལེན་བྱེད་ནུས་འདོན་སྤེལ་བྱེད་དགོས། སྤྱོད་ཚུལ་བཟང་པོ་ལ་བརྟེན་ནས་གྲོང་མིའི་གནད་དོན་ཐག་གཅོད་བྱས་ཏེ། སྡེ་ཁུལ་གྱི་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་རིམ་འཕར་བྱས་པར་སྐུལ་ཁྲིད་བྱས་ནས། སྡེ་ཁུལ་དེ་གྲོང་མིའི་སེམས་བདེ་ཤོས་ཀྱི་བདེ་སྐྱིད་ཁྱིམ་གཞིས་ཞིག་ཏུ་གྱུར་དགོས་ཞེས་བཤད།

        ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧོ་ཝུན་གྱིས། ཚང་འཛོམས་གྲོས་ཚོགས་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཀྱི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ང་ཚོ་འཕེལ་རྒྱས་སྒྱུར་བཅོས་ལས་ཁུངས་ཀྱིས་དུས་ཐོག་ཏུ་ལག་བསྟར་བྱ་རྒྱུ་ཡིན། གཅིག་ནི་འགོ་ཁྲིད་ཚན་པས་སྣེ་ཁྲིད་བྱེད་ནས་སློབ་སྦྱོང་བྱས་ཏེ་གཞི་རིམ་དུ་སྒྲོག་འགྲེལ་ཟབ་ཞུགས་བྱེད་དགོས། གཉིས་ནི་དྲིལ་བསྒྲགས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ་མང་ཚོགས་ཀྱི་གོ་སླ་བའི་སྐད་ཆ་སྤྱོད་ནས་“ཞིང་གསུམ”ལས་དོན་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་སོགས་ཀྱི་བཀོད་སྒྲིག་ལ་འགྲེལ་བཤད་བྱེད་དགོས། གསུམ་ནི་རྣམ་པ་བཟང་པོ་བཞེངས་སྐྲུན་བྱས་ཏེ། ལས་ཁུངས་ཐོག་རྣམ་པ་སྣ་མང་སྤྱོད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་དགོས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་རྩ་དོན་དང་དམིགས་འབེན་གཙོ་བོ་སོགས་དེ་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྡེབ་སྒྲིག་ཏུ་ལག་བསྟར་བྱས་ནས། མགྱོགས་མྱུར་ངང་《རྩ་གནད》སྡེབ་སྒྲིག་ལ་འཆར་འགོད་བྱས་ཏེ། རྣམ་གྲངས་འཆར་འགོད་གྲ་སྒྲིག་ལེགས་བཅོས་བྱས་ནས། ཧུར་ཐག་ངང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་བྱས་པ་དང་བདེ་ཆེན་གྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་སྒྲིག་བཀོད་ལ་བཟོ་འགོད་བྱས་ཞིང་། དེ་དང་ཆབས་ཅིག་“ལོ་ལྔ་ཚན་བཅུ་བཞི་པ”སྒྲིག་བཀོད་ཀྱི་ཕྱོགས་བསྡོམས་དཔྱད་དཔོག་ཡག་པོ་སྒྲུབ་ནས། བདེ་ཆེན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་བྱས་རྗེས་འབུལ་དགོས་ཞེས་སྟོན།

        དམངས་འཚོའི་བདེ་སྐྱིད་ལ་དོ་སྣང་བྱས་ནས་ཐུན་མོང་ཕྱུག་པོ་འགྱུར་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། 

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་གྱི་གྲོང་མི་དབྱང་ཆིའུ་ཞན་གྱིས། ཚང་འཛོམས་གྲོས་ཚོགས་ཐོག་ཀུན་སྤྱོད་རང་བཞིན་དང་རྨང་གཞི་རང་བཞིན། མཐའ་གཏན་རང་བཞིན་གྱི་དམངས་འཚོ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ནས། མི་དམངས་མང་ཚོགས་ཀྱི་སེམས་ཁུར་ཆེ་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། སྤྱི་ཚོགས་ཀྱི་འཁོར་སྐྱོད་ཐབས་ལམ་རྒྱ་སྐྱེད་གཏོང་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས། འདིས་ང་ལ་མྱོང་ཚོར་ཟབ་མོ་ཐོབ། ལོ་འདི་དག་གི་རིང་ལ་ང་ཚོའི་སྡེ་ཁུལ་དུ་རྒན་རྒོན་བདེ་སྐྱིད་ཟ་ཁང་འཛུགས་ཏེ་དཀའ་ངལ་ཡོད་པའི་རྒན་རྒོན་གྱིས་ཟས་བཟོ་དཀའ་བ་དང་ཟས་ཟ་དཀའ་བའི་གནད་དོན་ཐག་གཅོད་བྱས། དེ་ནི་དམངས་འཚོ་འགན་ལེན་ཞིག་ཡིན། སྡེ་ཁུལ་གྱི་རྒན་རྒོན་ལ་ཏང་དང་སྲིད་གཞུང་གི་དོ་འཁུར་མྱོང་ཚོར་བྱས་ཐོབ། དེ་དང་ཆབས་ཅིག་སྡེ་ཁུལ་གྱིས་རིག་རྩལ་འཁྲབ་སྟོན་དང་ཡིག་གཟུགས་རི་མོའི་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རྩ་འཛུགས་བྱས་ནས། ང་ཚོའི་དགོངས་དོན་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བཅུག “ལོ་ལྔ་ཚན་བཅོ་ལྔ་པའི”སྐབས་སུ་ང་ཚོའི་སྡེ་ཁུལ་དེ་བས་ཡག་པ་དང་གྲོང་མིའི་སྐྱིད་ཚོར་དེ་བས་སྐོང་བར་ཡིད་ཆེས་ཡོད་ཅེས་བཤད།

        འཇོལ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་མཐོ་རིམ་བཟོ་བཀོད་པ་ཆུས་ཀྲི་ཆང་གིས། ཚང་འཛོམས་གྲོས་ཚོགས་ཐོག་ “ལོ་ལྔ་ཚན་བཅོ་ལྔ་པའི”དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་གཙོ་བོ་གསལ་སྟོན་བྱས་ཏེ། “ཞིང་གསུམ”གནད་དོན་ཐག་གཅོད་བྱས་པ་ནི་ཏང་ཡོངས་ཀྱི་ལས་དོན་གལ་ཆེན་ནང་གི་འགངས་ཆེན་ཞིག་འཛིན་པར་རྒྱུན་འཁྱོངས་བྱེད་དགོས་ཞེས་འདོན།  “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ཏང་གི་འགོ་ཁྲིད་བརྟན་པོའི་འོག མི་དམངས་ཀྱི་འཚོ་བར་འགྱུར་ལྡོན་ཆེན་པོ་བྱུང་། འཇོལ་རྫོང་གི་རྒྱ་ཆེ་བའི་གྲོང་ཚོ་ཡིས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་པར་བརྒྱུད། རྒུན་འབྲུམ་དང་སྟར་ཀ སྨན་རྩྭ་སོགས་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་ཇེ་ཆེར་འགྲོ་སྟེ། ཞིང་ལས་ཚན་རྩལ་ཐོན་སྐྱེད་སྤུས་ཚད་མཐོ་འདེགས་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ། ང་ཚོའི་ཏང་གིས་མི་དམངས་ཀྱི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་གནས་བབ་མཐོ་ཤོས་སུ་འཇོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་འོག རྗེས་མའི་ལོ་ལྔར་གྲུབ་འབྲས་ཆེན་པོ་ཐོབ་ཐུབ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བའི་ཡིད་ཆེས་ཡོད་ཅེས་བཤད།

        འཇོལ་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སྐལ་བཟང་སྒྲོལ་མ་ཡིས། ཚང་འཛོམས་གྲོས་ཚོགས་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཀྱི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཞིག་ཡིན། བྱ་ཐབས་སྣ་མང་བརྒྱུད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་སློབ་སྦྱོང་དང་སྒྲོག་འགྲེལ། དྲིལ་བསྒྲགས་བཅས་རྩ་འཛུགས་ཡག་པོ་བྱས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གོ་བ་ཟབ་མོ་ལོན་བཅུག་དགོས་ཞེས་སྟོན། དེ་ནི་ང་ཚོ་དྲིལ་བསྒྲགས་ལས་བྱེད་པས་སླད་ཕྱིན་དུས་སྐབས་ཀྱི་ལས་དོན་བླང་བྱ་ཞིག་ཡིན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་གོ་སླ་བའི་བྱ་ཐབས་སྤྱོད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་བཤད་བྱས་ནས། བྱ་ཐབས་སྣ་མང་བརྒྱུད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཁྱིམ་ཚང་ཁྲི་སྟོང་དུ་ཟབ་ཞུགས་བྱེད་དགོས་ཞེས་བཤད།

གནོད་མེད་ཀྱི་འདུ་ཤེས་ལག་ལེན་བྱས་ནས་སྐྱེ་ཁམས་འཕེལ་རྒྱས་ཡོང་བའི་ལམ་བུ་རུ་འགྲོ་དགོས། 

        གནོད་མེད་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱིས་བཀོད་སྒྲིག་རབ་དང་རིམ་པ་བྱས།

        བདེ་ཆེན་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་རང་བྱུང་སྐྱེ་ཁམས་ཚན་ཁག་གི་འགོ་འཛིན་གཞོན་པ་ལི་ཝང་ཆུང་གིས།  “ལོ་ལྔ་ཚན་བཅུ་བཞི་པའི”སྐབས་སུ། རང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྟོན་གྲངས་ཐོག་མཐའ་བར་གསུམ་དུ་རིགས་གཅིག་ཏུ་རྒྱུན་འཁྱོངས་བྱེད་ཡོད། བདེ་བླག་ངང་ས་གནས་མང་པོའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞིག་གསར་འཛུགས་བྱས། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་གདེང་འཇོག་བརྟན་པོའི་ཁྲོད་ལེགས་སུ་འགྲོ  ཚང་འཛོམས་གྲོས་ཚོགས་ཐོག་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་གནོད་མེད་རིགས་སྒྱུར་བྱས་པར་མགྱོགས་སུ་གཏོང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད། རི་ཀླུང་སྔོ་ལྗང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་དེ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་བརྟེན་ནས། ཐཱན་ཉུང་དུ་གཏོང་བ་དང་སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་སྟེ། སྐྱེ་ཁམས་བདེ་འཇགས་བྱས་པར་སྲ་བརྟན་དུ་གཏོང་ནས། གནོད་མེད་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་ཤུགས་སྣོན་རྒྱག་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་བྱེད་མཁན་ཞིག་ཡིན་པའི་ཆ་ནས།   “ལོ་ལྔ་ཚན་བཅོ་ལྔ་པའི”སྐབས་སུ། ངས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་པའི་དམིགས་ཡུལ་ལ་དམ་པོ་དམིགས་ནས། འགན་འཁྲི་སྒྲིག་བཟོ་འཆར་འགོད་དང་དཔེ་སྟོན་ཁུལ་ཕན་འབྲས་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་ལྟ་སྐུལ་དོ་དམ་དང་གདེང་འཇོག་བཅས་དང་ཟུང་འབྲེལ་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་པའི་བདེ་ཆེན་གྱི་ལེའུ་གསར་པ་གཏོད་པར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

        བདེ་ཆེན་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱི་འགོ་འཛིན་གཞོན་པ་ཧྲའོ་ཏང་གིས།“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་ཁུལ་གྱི་“ཞིང་གསུམ”ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ། གྲོང་གསེབ་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱས་ཏེ། གྲོང་གསེབ་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་མཐོ་རུ་གཏོང་།  ཚང་འཛོམས་གྲོས་ཚོགས་ཐོག་མགྱོགས་མྱུར་ངང་ཞིང་ལས་གྲོང་གསེབ་དེང་རབས་ཅན་དུ་གྱུར་ཏེ། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་རྒྱུན་ཆེད་མེད་པར་སྲ་བརྟན་དུ་གཏོང་སྟེ། གྲོང་གསེབ་ལ་གཞི་རྩའི་ཐོག་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་ལྡན་པར་སྐུལ་འདེད་གཏོང་ནས། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་མགྱོགས་སུ་འཛུགས་སྐྲུན་བྱེད་དགོས། དུས་རིམ་རྗེས་མར། ཁུལ་ཡོངས་ཀྱི་ཞིང་ལས་གྲོང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་རབ་དང་རིམ་པ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་དང་ཞིང་ལས་སྟོབས་ལྡན་འཛུགས་སྐྲུན་བྱས་པར་སྐུལ་འདེད་གཏོང་བའི་དམིགས་ཡུལ་ལ་དམ་པོ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་བསྟར་བྱས་ཏེ། ཧུར་བརྩོན་ངང་བདེ་ཆེན་གྱི་གྲོང་གསེབ་དར་རྒྱས་ཡོང་བའི་ལེའུ་གསར་པ་གཏོད་དགོས་ཞེས་བཤད།

        ང་ཚོའི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས། དུས་རིམ་རྗེས་མར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དམིགས་ནས། ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ནན་ཏན་ངང་ལས་དོན་རྣམ་གྲངས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ནས། འཕེལ་རྒྱས་ཀྱི་རྒྱང་སྐྱོད་གསར་པའི་ཐོག་བྱས་རྗེས་གསར་པ་དང་ལེའུ་གསར་པ་གཏོད་དགོས་ཞེས་སྟོན།