རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་10པའི་ཚེས་17ཉིན། ཁུལ་ཨུ་ཡིས་《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་གཙོ་ཐིག་ཏུ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་འཛུགས་པར་སྡོམ་ཤུགས་སྟོབས་ལྡན་གཅིག་སྡུད་བྱེད་པའི་སྐོར་གྱི་གཏན་འབེབས》དོན་འཁྱོལ་མཐར་ཕྱིན་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། 《གཏན་འབེབས་》དོན་འཁྱོལ་མཐར་ཕྱིན་བྱེད་པའི་དཔྱད་དཔོག་གནས་ཚུལ་སྐོར་གྱི་སྙན་སེང་ཉན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་གཙོ་ཐིག་ཏུ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་མགྱོགས་མྱུར་བྱེད་དགོས་པར་ནན་བཤད་བྱས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཞུགས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་“བདེ་ཆེན་དུ་མི་རིགས་ལས་དོན་འཚོལ་ཞིབ་མ་བྱས་ན་ཁྱོན་ཡོངས་འཚོལ་ཞིབ་བྱེད་མི་ཐུབ”ཞེས་པའི་མཛུབ་ཁྲིད་བསམ་བློ་བརྟན་པོ་འཛུགས་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ལས་དོན་ཁག་གི་གཙོ་ཐིག་ཏུ་བྱས་པ་མཐའ་འཁྱོངས་དང་། དམིགས་འབེན་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན། གྲུབ་འབྲས་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱས་ནས་སྙིང་རུས་གཏན་འཁྱོངས་ཀྱིས་《གཏན་འབེབས་》ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་སྔར་བས་ཞིབ་ཚགས་དང་ཏན་ཏིག་བྱེད་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་“སྔོན་འགོག་”རང་འགུལ་དམག་འཐབ་དང“ཐག་གཅོད་”གྲ་སྒྲིག་དམག་འཐབ་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་སྤྱིའི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། དངོས་པོའི་རྨང་གཞིའི་ཞན་ཆ་ཁ་གསབ་དང་ཞན་ཆ་ལེགས་གཏོང་མགྱོགས་སུ་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་བོད་འབྲེལ་ལས་དོན་གྱི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ལས་ཀ་ཁག་རྒྱུན་གཏན་དང་མཉམ་འདྲེས་དང་རྒྱུན་དུ་དམ་འཛིན་བྱེད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མཐོང་ཚོར་གྱི་རྟགས་མཚོན་ལས་གྲྭ་མངོན་མཚོན་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་དགོས། མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་གཏོང་སྟེ། རིག་གནས་ཡུལ་སྐོར་དང་། ལུས་རྩལ། ཕན་ཚུན་ཐུག་ཚུལ་གྱི་སྡེ་ཁུལ་འཛུགས་སྐྱོང་སོགས་ཀྱི་རྟེན་གཞི་ལ་བརྟེན་ནས་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས་གཏིང་ཟབ་པ། ཕྱོགས་ཡོངས་ནས་མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ལ་དབང་བའི་སྐྱེ་ཁམས་ཁྱིམ་གཞིས་འཛུགས་སྐྲུན་བྱས་ནས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་སྔར་ལས་ལེགས་པོ་བྱེད་དེ་སྐྱེ་ཁམས་དམིགས་སུ་བཀར་བ་དང་འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་ཏང་གིས་མི་རིགས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མི་རིགས་དང་ཆོས་ལུགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ། ཁྲིམས་ལྟར་མི་རིགས་ཆོས་ལུགས་ལས་དོན་བཅོས་སྐྱོང་མཐའ་འཁྱོངས་བྱེད་དེ་ཉེན་ཁ་སྣ་ཚོགས་འགོག་ཟོན་དང་སེལ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགུལ་ངང་བསམ་བློ་གཏོང་བ་དང་ཏན་ཏིག་སྒྲུབ་པ། ཕན་འབྲས་ལ་ལྟ་བ་བཅས་ཀྱི་ལས་དོན་དམ་འཛིན་གྱི་“གོ་རིམ་གསུམ་”གྱི་བླང་བྱ་དོན་འཁྱོལ་བྱེད་དེ་《གཏན་འབེབས་》ཀྱི་ལས་དོན་ཁག་ལ་གྲུབ་འབྲས་དེ་བས་ཆེན་པོ་ཐོབ་པ་དམ་འཛིན་བྱེད་དགོས་ཞེས་བླང་བྱ་བཏོན།
ཁུལ་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀའི་སྙན་སེང་ཞུས།