སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-22   རྩོམ་ཁུངས།    西藏日报藏文版

—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་ཉེའི་སྐབས་སུ་བྲིས་པ། (སྨད་ཆ)

    བབ་བསྟུན་འཕྲལ་སྒྲུབ་དང་ཚན་རིག་དང་མཐུན་པའི་ངང“ལོ་ལྔ་ཚན་བཅོ་ལྔ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བྱེད་པ།

    གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་མདུན་གྲལ་བཅུ་ཡི་ནང་ཐེངས་དང་པོ་ཚུད་ཅིང་། ཧྲེན་ཀྲེན་དང་། ཤང་ཀང་། ཀོང་ཀྲོའུ་བཅས་གོ་ལ་ཧྲིལ་པོའི་གསར་གཏོད་ཚོ་འདུས་ཀྱི་ཨང་དང་པོར་སླེབས་ཡོད།

    འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《2025ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་སྙན་ཞུའི》ནང་ཀྲུང་གོའི་སྟོན་གྲངས་མངོན་གསལ་དོད་པོ་ཡོད།

“ཡར་རྒྱས་དེ་ཐོག་ནས་ཀྲུང་གོའི་ཚན་རྩལ་འཐབ་ཇུས་ཀྱི་མ་འཇོག་དང་། ཚན་རིག་ཞིབ་འཇུག ལས་གཏོད་སྐྱེ་ཁམས་མ་ལག་བཅས་ཟུང་འབྲེལ་བྱས་པ་དེས་ཁྱབ་ཁོངས་ཁག་ཏུ་ཞིབ་ཕྲའི་གྲུབ་འབྲས་ཐོབ་བཞིན་ཡོད་པ་མཚོན་ཡོད”ཅེས་ཕྱི་རྒྱལ་སྨྱན་སྦྱོར་གྱིས་གདེང་འཇོག་བྱས་ཡོད།

“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཆེས་ངོ་བོའི་ཁྱད་ཆོས་ནི་ཆུ་ཚད་མཐོ་བའི་རང་ཚུགས་རང་དར་མངོན་འགྱུར་བྱ་རྒྱུ་དེ་ཡིན”“ང་ཚོས་ངེས་པར་དུ་གནད་དོན་འདི་འཚོ་གནས་དང་འཕེལ་རྒྱས་གཏོང་ཐུབ་མིན་གྱི་མཐོ་ཚད་དུ་བཞག་ནས་ངོས་འཛིན་བྱས་ཏེ། ཚན་རྩལ་གསར་གཏོད་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས” ཞེས་2021ལོའི་ཟླ་བ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་མཛུབ་སྟོན་ཟབ་མོ་གནང་ཡོད།

    ལོ་ལྔའི་རིང་། ཀྲུང་གོས་ཚན་རྩལ་རང་ཚུགས་རང་དར་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་བརྩིས་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་ཕྱོགས་ཡོངས་ནས་སྐྱེད་སྲིང་བྱས་ཡོད།

    2025ལོའི་ཟླ་བ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲང་ཧའེ་ཡི“དབྱིབས་མྱུར་བར་མཐོངས”ཀྱི་དཔེ་དབྱིབས་ཆེན་པོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་དུ་བརྟག་ཞིབ་ལ་ཕེབས་ནས་སླར་ཡང་ཚན་རྩལ་གསར་གཏོད་ལ་གཟིགས་པ་རེད།

    དེ་རྗེས་འཚོགས་པའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅིས“དུས་བབ་ཀྱི་འགྱུར་ལྡོག་དང་འཚམ་པ་དང་འཐབ་ཇུས་ཀྱི་གཙོ་གནད་ཁོང་དུ་ཆུད་པར་བྱས་ཏེ ‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་ཡོད།

2022ལོའི་ཟླ་བ་10པར་ཏང་གི་ཚོགས་ཆེན་ཉི་ཤུ་པ་པེ་ཅིང་དུ་འཚོགས་པ་རེད།

    “ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད”

    རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་རང་རྒྱལ་གྱིས“ལོ་ལྔ་ཚན་བཅུ་བཞི་པ”དང“ལོ་ལྔ་ཚན་བཅོ་ལྔ་པ” “ལོ་ལྔ་ཚན་བཅུ་དྲུག་པ”བཅས་ལོ་ལྔ་ཚན་གསུམ་གྱི་འབད་བརྩོན་བརྒྱུད། 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་དང“གོམ་སྟབས་གཉིས་སུ་ཕྱེ་ནས་སྐྱོད་པའི”འཐབ་ཇུས་བཀོད་སྒྲིག་གི་གོམ་པ་དང་པོ་མངོན་འགྱུར་བྱ་རྒྱུ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པ”ནི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ལྔ་རེད་ལ། རྒྱང་ལམ་གསར་པར་བསྐྱོད་རྗེས་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ལོ་ལྔ་ཚན་དང་པོའི་འཆར་འགོད་ཀྱང་རེད།

འགག་རྩའི་བརྒྱུད་རིམ་གསར་པར། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འཕྲད་དེ། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་ལ། གཏན་འཁེལ་མེད་ཅིང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཡང་མང་དུ་འགྲོ་བཞིན་ཡོད།

    མིག་སྔར་བསམ་བློ་གཏོང་བ་དང་འབྱུང་འགྱུར་དོན་དུ་གཉེར་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་འཕེལ་རྒྱས་ཆོས་ཉིད་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ལམ་བུའི་ཐོག་གི་དུས་བབ་དང་། ཉེན་ཁ། གོ་སྐབས་བཅས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་ལྟ་གནང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོའི་མདུན་སྐྱོད་ལམ་ཐིག་འཆར་འགོད་གནང་ཡོད།

“ངེས་པར་དུ‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་གི་དུས་མཚམས་རང་བཞིན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་དམིགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས། ཁྱབ་ཁོངས་རེ་རེ་བཞིན་དམིགས་ཚད་དང་ལས་འགན་ལུགས་མཐུན་ངང་གཏན་འཁེལ་དང་བསམ་ཕྱོགས་དང་བྱེད་ཐབས་འདོན་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གཏན་འཁེལ་གནང་ཡོད།

        བརྟག་ཞིབ་གནང་རིང་བཀའ་འདྲི་ཞིབ་ཕྲ་དང་དགོངས་པ་གཏིང་ཟབ་བཞེས་པ་ནས་ཚོགས་འདུ་གལ་ཆེན་ཐོག་འགྲེལ་བཤད་གཏིང་ཟབ་བསྐྱོན་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་གནང་སྟེ། སྒྱུར་འཕེལ་བརྟན་གསུམ་ལ་དམིགས་ནས་བླང་བྱ་ཁ་གསལ་རབ་དང་རིམ་པ་བཏོན་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་གཏོང་ཕྱོགས་ཐད་ཐབས་འགོད་ཇུས་འདོན་གནང་ཡོད།

    འདི་ལོའི་ཟླ་7ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་འདི་ལོའི་ཟླ་10པར་པེ་ཅིང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་གཏན་འཁེལ་བྱས་ཡོད།

དེ་རྗེས་ཟླ་བ་གཉིས་མ་སོང་བར། ཟླ་9ཚེས་29ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་བཏོན་པ་སྟེ། “ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས”དང་། “མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས” “སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས” “ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གིས་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས” “གོ་ཆོད་ཀྱི་ཁྲོམ་ར་དང་ནུས་ལྡན་གྱི་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས” “འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས”བཅས་བྱེད་དགོས་པ་དེ་རེད།

དེ་ནི་ད་ཡོད་ཀྱི་ལག་ལེན་ཕྱོགས་སྡོམ་ཞུན་བརྡར་བྱས་པ་ཞིག་རེད་ལ་འབྱུང་འགྱུར་འཕེལ་རྒྱས་ལ་བློ་འབྱེད་ཁྲིད་སྟོན་བྱས་པ་ཞིག་ཀྱང་རེད། དེས“ལོ་ལྔ་ཚན་བཅོ་ལྔ་པ”དང་ཐ་ན་དུས་ཡུན་དེ་བས་རིང་བའི་ནང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་གསལ་སྟོན་བྱས་ཡོད།

    མི་དམངས་ནི་ལོ་རྒྱུས་གཏོད་མཁན་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཛད་ཕྱོགས་སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཆར་འགོད་ཡག་པོ་ཡིན་ཕྱིན་མི་དམངས་ཀྱི་འདོད་འདུན་ལ་བསྟུན་དགོས་ལ། མི་དམངས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་བསྟུན་དགོས་ཤིང་། མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་སྐྱོད་དགོས”ཞེས་གཏིང་ཟབ་བསྟན་གནང་ཡོད།

“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ“ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་རྒྱུ་དང་། དམངས་གཙོའི་ཐབས་ཇུས་འགོད་རྒྱུ། ཁྲིམས་ལྟར་ཐབས་ཇུས་འགོད་རྒྱུ་བཅས་མཐའ་འཁྱོངས་བྱས་ནས། རྩེ་རིམ་ཇུས་འགོད་དང་ཐབས་ཇུས་དམངས་ལ་འདྲི་བ་གཅིག་གྱུར་ཡོང་བར་བྱེད་དགོས”ཞེས་དང་།“དམངས་ཀྱི་གནས་ཚུལ་རྒྱ་ཁྱབ་དང་གཏིང་ཟབ་ངང་ཤེས་རྟོགས་དང་། དམངས་ཀྱི་བསམ་ཚུལ་ཉན་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས”ཞེས་ནན་བཤད་གནང་ཡོད།

“མི་ཐབས་རིག་ནུས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་པའི་ཕྱི་ཕྱོགས་སྤེལ་རེས་ལས་སྟེགས་འཛུགས་པ”དང་། “མཉམ་སྤོས་བུ་ཕྲུག་ཐག་ཉེ་སར་སློབ་ཞུགས་ཀྱི་སྲིད་ཇུས་ལེགས་སུ་གཏོང་བ”“སྲོལ་རྒྱུན་རིག་གནས་སློབ་གྲྭར་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་བ”ལ་སོགས། འདི་ལོའི་ཟླ་5ཚེས་20ཉིན་ནས་ཟླ་6ཚེས་20ཉིན་བར་སྤེལ་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་གྱི་དྲ་རྒྱའི་བསམ་འཆར་བསྡུ་ལེན་བྱེད་སྒོའི་ཁྲོད་རྒྱ་ཆེའི་དྲ་དམངས་ཧུར་ཐག་ཞུགས་པ་དང་། རིམ་རྩིས་བརྒྱབ་ན་གྲོས་འགོ་ཁྲི་311ལྷག་ཙམ་འབྱོར་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བར་རིན་ཐང་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད།

    དུས་བསྟུན་འཆར་གཞི་འགོད། བབ་བསྟུན་མདུན་སྐྱོད་བྱེད།

    “ང་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས‘ལོ་ལྔ་ཚན་བཅོ་ལྔ་པའི’འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་འཐབ་ཇུས་བྱེད་ཐབས་འཆར་འགོད་ཡག་པོ་དང་ལག་ལེན་ཡག་པོ་བསྟར་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཐག་ཆོད་པོས་གསུངས་ཡོད།

དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ།

    ལྷོ་མཚོའི་ངོགས་སུ་རླུང་བརྟེན་རྦ་རླབས་དྲག་ཏུ་འཕྱུར།

    2025ལོའི་ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁར་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་བསུ་རྒྱུ་སྟེ། གླིང་ཕྲན་ཡོངས་སུ་སྒོ་ཁྲལ་བསྡམས་ནས་ཚོང་ཐབས་བྱ་རྒྱུ་རེད།

    1978ལོའི་ཟླ་12ཚེས་18ཉིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་འགོ་ཚུགས་ཡོད། ཉིན་དེར་སྒོ་ཁྲལ་བསྡམས་ནས་ཚོང་ཐབས་བྱ་རྒྱུའི་གདམ་ག་བྱེད་དོན་ནི། འཛམ་གླིང་ལ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུའི་ཀྲུང་གོའི་ཆོད་སེམས་དང་ཡིད་ཆེས་ཀྱི་བསམ་པ་སྔར་བས་གསལ་པོར་སྟོན་ཆེད་ཡིན།

གནས་བབ་གཞིགས་ནས་ཁ་ཕྱོགས་གཏན་འཁེལ་མཛད། ལྷགས་ཕྱོགས་བསྟུན་ནས་མུ་མཐུད་མདུན་དུ་བསྐྱོད།

    “ལོ་ལྔ་ཚན་བཅོ་ལྔ་པ”སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དང་འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བའི་དུས་རབས་ཀྱི་ལྗོངས་རིས་ཁྲོད་དུ་ལོ་འདི་ལྔ་ནི་ཅི་འདྲ་ཞིག་ཡིན་ནམ།

    ལོ་ལྔ་གསར་པའི་ནང་སྒྱུར་བཅོས་ཀྱི་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་རེད།

    2024ལོའི་ཟླ་7ཚེས་18ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། དུས་རབས་གསར་པའི་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་གདོང་མཆོང་དུང་བརྡ་ཀྲུང་གོའི་ས་གཞི་ཆེན་པོར་བསྒྲགས་ཡོད།

“2029ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་དུས་སུ་སླེབས་སྐབས། གཏན་འབེབས་འདིའི་ནང་བཏོན་པའི་སྒྱུར་བཅོས་ཀྱི་ལས་འགན་ལེགས་གྲུབ་ཐུབ་རྒྱུ་རེད”——སྒྱུར་བཅོས་བྱེད་ཐབས་300ལྷག་ཙམ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དུས་བཀག་ནང་ཚང་མ་ལེགས་གྲུབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་སྤྱི་ཚོགས་ཀྱི་གསོན་ཤུགས་མུ་མཐུད་ཆེ་རུ་གཏོང་ཐུབ་རྒྱུ་རེད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྒྱུར་བཅོས་སྒོ་དབྱེའི་ཁྲོད་དུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་ཞིག་ཡིན་པས་སྒྱུར་བཅོས་སྒོ་དབྱེའི་ཁྲོད་དུ་མདུན་ལམ་ཆེན་པོ་གཏོད་ངེས་རེད།

    2025ལོའི་ཟླ་7ཚེས་1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ཞིང་། རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་ཞིབ་འཇུག་བྱས་ཏེ“གཅིག་གྱུར་ལྔ་དང་སྒོ་དབྱེ་གཅིག”གི་གཞི་རྩའི་བླང་བྱ་བཏོན་གནང་བ་སྟེ།

    ཁྲོམ་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་དང་། ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར། སྲིད་གཞུང་གི་བྱ་སྤྱོད་ཚད་གཞི་གཅིག་གྱུར། ཁྲོམ་རའི་ལྟ་འདོམས་ཁྲིམས་སྒྱུར་གཅིག་གྱུར། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཁྲོམ་ར་གཅིག་གྱུར་བཅས་ཡོང་བར་བྱེད་པ་དང་། རྒྱལ་ནང་རྒྱལ་ཕྱིར་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་རྒྱུ་དེ་རེད།

“དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་དེས་ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ལ། སྲིད་གཞུང་གི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་ཐུབ་པ་ལག་ལེན་ལས་ར་འཕྲོད་ཡོད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་དེ་བས་ཡག་པོ་ཐུབ་རྒྱུའི་ལོ་ལྔའི་འཆར་འགོད་ཀྱི་ནུས་པར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད།

“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོས་ནས་ལག་བསྟར་བྱས་རྗེས། རང་རྒྱལ་གྱིས་གོ་ཆོད་ཀྱི་ཁྲོམ་ར་དང་ནུས་ལྡན་གྱི་སྲིད་གཞུང་གི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱས་ཏེ། གོ་ཆོད་ཀྱི་ཁྲོམ་རར་བརྟེན་ནས་ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཆེ་རུ་གཏོང་ཐུབ་རྒྱུ་དང་། ནུས་ལྡན་གྱི་སྲིད་གཞུང་ལ་བརྟེན་ནས་ཁྲོམ་རའི་ནུས་པ་ཤོར་བ་ཁ་གསབ་ཐུབ་རྒྱུ་རེད།

    ལོ་ལྔ་གསར་པ་དེའི་ནང་གསར་གཏོད་ཀྱི་སྟོབས་ཤུགས་སུས་ཀྱང་འགོག་ཐབས་བྲལ།

    འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱ་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱ་རྒྱུ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་མགྱོགས་མྱུར་འཛུགས་རྒྱུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་བཅས་བརྒྱུད། གཙོ་རྐང་གཅིག་གིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་གཏིང་ཟབ་པའི་ངང་གཏོད་རྒྱུ་རེད།

འདི་ལོའི་ཟླ་7ཚེས་7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཤིས་དབྱང་ཆོན་སྟེམ་སྒོ་མ་རྐང་ཚད་ཡོད་ཀུང་སིར་གཟིགས་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད།

    ཐོན་སྐྱེད་འཁོར་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཕེབས་མཚམས་ཡང་ཡང་བཞག་གནང་སྟེ། ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། “དངོས་ཚན་དཔལ་འབྱོར་འདོར་མི་རུང་ལ། དངོས་ཚན་དཔལ་འབྱོར་ཁྲོད་ཀྱི་སྲོལ་རྒྱུན་ཐོན་ལས་ཀྱང་འདོར་མི་རུང་། ཚན་རྩལ་གསར་གཏོད་བརྒྱུད་ཕྱོགས་སྒྱུར་རིམ་སྤོར་ཡོང་བ་བྱེད་དགོས”ཞེས་གཏིང་ཟབ་བསྟན་གནང་ཡོད།

“དེ་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དེ་ཐོག་ནས་དུས་རབས་གསར་པའི་སྣེ་ཁྲིད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསམ་གཞིག་གཏིང་ཟབ་གནང་བ་དང་། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་དུས་རབས་ཀྱི་རླབས་རྒྱུན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་གནང་བ་མཚོན་གྱི་ཡོད།

    ལོ་ལྔའི་རིང་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོར་རང་བདག་ཞིབ་སྤེལ་གྱི་བྱེད་ནུས་ཆེ་བའི་ཉིང་ལྷེབ་དང་བཀོལ་སྤྱོད་མ་ལག་དང་། ལས་རིགས་སྟོང་ཕྲག་དུ་མར་མཐུན་རྐྱེན་སྦྱོར་བའི་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ། ཐོན་སྐྱེད་ལས་ཆོད་ཆེས་ཆེར་མཐོ་རུ་གཏོང་བའི་འཕྲུལ་མི་བཅས་བྱུང་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལོ་རེའི་ཐོན་ཚད་ཁྲི་1000ལྷག་ཙམ་ཟིན་ཞིང་། མི་མེད་གནམ་གྲུ་དང་། མྱུར་བགྲོད་ལྕགས་ལམ། ཚད་རྡུལ་ཚན་རྩལ་སོགས་གོ་ལ་ཧྲིལ་པོར་སྔོན་དུ་འཕེལ་རྒྱས་སོང་ཡོད།

“ཚན་རྩལ་གསར་གཏོད་ཀྱིས་ཁྲིད་སྟོན་དང་དངོས་ཚན་དཔལ་འབྱོར་གྱིས་རྨང་གཞིར་བྱས་པ”དང་། “འཛམ་གླིང་གི་ཚན་རྩལ་གསར་ཤོས་ལ་དམིགས་ཏེ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་གདོད་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བའི་ཐད་མུ་མཐུད་ཤུགས་བརྒྱབ་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་དང་ལག་རྩལ་གསར་ཤོས་ཐད་ཀྱི་འགག་སྒྲོལ་ལ་དམ་འཛིན་བྱས་པ” “སློབ་གསོ་དང་ཚན་རྩལ་ཤེས་ལྡན་པ་སྡེབ་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་བཏང་བ”བཅས་རེད།

    ལོ་ལྔ་ཚན་གསར་པའི་ནང་དམངས་འཚོའི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་རྒྱུ་རེད།

    2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་རང་རྒྱལ་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པའི་སྒོ་ནས་སྐྱེས་ལོ་3མན་གྱི་བྱིས་པ་དང་ཕྲུ་གུ་དམར་འབྱར་ལ་ཁ་གསབ་སྤྲོད་པ་དང་ལོ་གསུམ་ཧྲིལ་པོ་མ་སླེབས་བར་ལོ་རེ་བཞིན་བུ་གསོའི་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།

    དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ་ཁྱབ་ཁོངས་ཆེ་བ་དང་། ཀུན་ཕན་རྣམ་པ། ཐད་ཀར་བཅས་ཀྱི་སྒོ་ནས་མང་ཚོགས་ལ་སྤྲོད་པའི་དམངས་འཚོ་འགན་སྲུང་གི་དངུལ་སྨར་ཁ་གསབ་ཐེངས་དང་པོ་རེད། དེ་ལས“མི་ལ་མ་དངུལ་གཏོང་བར”བསམ་གཞིག་གཏིང་ཟབ་བྱས་པ་དང“མི་དམངས་གོང་དུ་བཀུར་བའི”རིན་ཐང་གི་དམིགས་ཡུལ་མཚོན་ཡོད།

    འཕེལ་རྒྱས་ཀྱི་ལེའུ་གསར་པ་དེར་རྒྱུ་ནོར་སྟོབས་འབྱོར་ལྡན་པ་དང་ཁྱིམ་ཚང་ཀུན་ཏུ་དྲོ་སྐྱིད་སྦྱིན་པའི་ཐོག་རྩོམ་དགོས།

    ལོ་ལྔའི་གོང་ཏང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་ནང“མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བ་བྱ་རྒྱུར”བླང་བྱ་གལ་ཆེན་ཐོག་མར་བཏོན་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་སྟོན་རྟགས་གཙོ་བོའི་ཁྲོད་དམངས་འཚོའི་བདེ་རྩའི་རིགས་ཀྱི་ནང་དོན་གྱིས་གསུམ་ཆ་གཅིག་ལྷག་ཙམ་བཟུང་ཡོད།

    སྤྱི་པའི་ཞབས་ཞུའི་ཞན་ཆ་ཇི་ལྟར་ནུས་ལྡན་སེལ་དགོས་སམ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་དགོས་སམ། ཐུན་མོང་འབྱོར་ཕྱུག་ཡོང་བར་ཇི་ལྟར་སྐུལ་འདེད་བརྟན་པོ་གཏོང་དགོས་སམ།

“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་གཞི་བཀོད་རྗེས། དེང་རབས་ཅན་འཛུགས་སྐྲུན་གྱི་ཕན་པ་མི་དམངས་ཡོངས་ལ་དེ་བས་མང་པོ་དང་དེ་བས་དྲང་གཞག་ཐོབ་རྒྱུ་རེད།

    ལོ་ལྔ་ཚན་གསར་པའི་ནང་ཡིད་ཆེས་ཀྱི་རྨང་གཞི་སྔར་བས་བརྟན་དུ་འགྲོ་རྒྱུ་རེད།

    ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས། སྔར་བྱུང་མ་མྱོང་བའི་གོ་སྐབས་དང་འགྲན་སློང་ཆེན་པོ་འཕྲད་རྒྱུ་རེད། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལས་དོན་ལེགས་པར་སྒྲུབ་པ་དང་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་བྱས་ནས་དཔལ་འབྱོར་གྱི་གཞི་གདན་བརྟན་པོ་ནུས་ལྡན་ཡོང་བར་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པར་སྔར་བས་མཐོང་ཆེན་བྱས་ཏེ། བདེ་འཇགས་ཀྱི་བཀོད་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འགན་སྲུང་བྱེད་དགོས།

    རང་རྒྱལ་གྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་། ལེགས་ཆ་མང་བ། མཉེན་ཆ་ཆེ་བ། མི་མངོན་པའི་ནུས་པ་ཆེ་བ། ཡུན་རིང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ། ཐོན་ལས་མ་ལག་ཆ་ཚང་གི་ལེགས་ཆ། ཤེས་ལྡན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་བཅས་དེ་བས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ཚད་དང་། འཆར་འགོད། འཐབ་ཇུས་བཅས་ཡོད་པས་མངོན་འགྱུར་ཡོང་ངེས་རེད།

    ལེ་དབར་ཁྲི་ཡི་རྒྱང་ལམ་ཡངས་པོ་རུ། བརྗིད་ཆེའི་འཆར་གཞི་བསྐྱར་དུ་འགོད་ལ་བརྩོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་དུང་ཕྱུར་མང་པོས་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ལོ་རྒྱུས་ཀྱི་གསར་གཏོད་སྙིང་སྟོབས་རབ་ཏུ་འཕེལ་ནས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འབུངས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དེ་བས་བཀྲག་མདངས་འཚེར་བའི་ལེའུ་རྩོམ་ཐུབ་ངེས་རེད།