རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-22   རྩོམ་ཁུངས།    西藏日报藏文版
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཚུན་ཧྲན་ཧྥུའུ་ཧྲི་སྐུ་གཤེགས་པར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ལ་མྱ་ངན་གློག་འཕྲིན་བཏང་ནས་ཚུན་ཧྲན་ཧྥུའུ་ཧྲི་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་འདས་པོའི་ནང་མིར་སེམས་གསོའི་འཚམས་འདྲི་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། སྐུ་ཞབས་ཚུན་ཧྲན་ནི་རི་པིན་གྱི་དྲང་བདེན་འདུ་ཤེས་ལྡན་པའི་ཆབ་སྲིད་མཁས་ཅན་ཞིག་རེད་ལ། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་ཀྱང་ཡིན་པས་དུས་ཡུན་རིང་པོར་ཀྲུང་གོ་དང་རི་པིན་གྱི་མཛའ་གྲོགས་བྱ་གཞག་ལ་གཞོལ་ཡོད། 1995ལོར་སྐུ་ཞབས་ཚུན་ཧྲན་སྐབས་དེ་དུས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་གནད་དོན་ཐད་དངོས་གཞིའི་གཏམ་བཤད་སྤེལ་ནས། རི་པིན་གྱི་བཙན་འཛུལ་དམག་འཁྲུག་དང་མི་སེར་སྤེལ་བའི་དབང་སྒྱུར་ལོ་རྒྱུས་ཁས་ལེན་དང་བསམ་ཞིབ་གཏིང་ཟབ་གནང་སྟེ་གནོད་འཚེ་ཕོག་པའི་རྒྱལ་ཁབ་ལ་དགོངས་དག་ཞུས་པ་རེད། “ཚུན་ཧྲན་གླེང་མོལ”གྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུ་དགོས། རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁ་ཕྱོགས་གཅིག་ཏུ་བསྐྱོད་ནས་ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་ལ་ཕྱོགས་ཏེ། ཕྱོགས་གཉིས་པོའི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་གིས་ལག་གདང་སྦྲེལ་ནས་ཀྲུང་གོ་དང་རི་པིན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།