ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་139པ་སྟེ་ཁུལ་ཨུ་སྐབས་དགུ་པའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་11པ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་10པའི་ཚེས་16ཉིན།  ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས139པ་སྟེ་ཁུལ་ཨུའི་སྐབས་དགུ་པའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་དུ་གཏོང་བའི་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་11པ་འཚོགས་ཤིང་།  གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་།  ཞིམ་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་ལས་ཀའི་བླང་བྱ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་།  རང་ཁུལ་གྱི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཉིས་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་དེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་ལག་ལེན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་9པའི་ཚེས་29ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་དེ་རང་ཁུལ་གྱི་ལོ་ལྔ་ཚན་བཅུ་ལྔ་པའི་འཆར་འགོད་བཟོ་འགོད་ལས་ཀ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་(སྲིད་འཛིན་སློབ་གླིང་)ལས་ཀའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་དེ་ཏང་གི་སློབ་གྲྭ་ཡིས་ཏང་སྲིད་ལས་བྱེད་པ་གསོ་སྦྱོང་བྱེད་པའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་དེ་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་སྐུལ་སྤེལ་གཏོང་སྟེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་གཏོང་སྟེ་བུད་མེད་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་དགོས།  

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་ཀྲོའ་ཐུང་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་དེ་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས། རྒྱུན་མཐུད་ཀྱིས་ཐེངས་གཅིག་གསུམ་གཏིང་ཟབ་དུ་གཏོང་སྟེ་རྒྱུན་མཐུད་ཀྱི་ཡོང་འབབ་འཕར་སྣོན་གྱི་དྲི་བ་ལ་ལན་ཡག་པོ་འདེབས་དགོས།  ཞིང་ཨུའི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གཙོ་གནད་དུ་བཀོད་སྒྲིག་བྱས་པའི་“དོན་དག་བདུན་”དམ་འཛིན་ནན་ཏན་བྱེད་དེ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ། གྲོང་ཁྱེར་གསར་སྒྱུར་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་བྱས་ནས་ལེགས་པར་བསྒྲུབ་དགོས།   ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས།  ནགས་དཔོན་ལམ་ལུགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་ཏན་ཏིག་སྒྲུབ་པ་དང་།  ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཐོ་སྒང་གི་མཚེའུ་བཅོས་སྐྱོང་དང་། “སྦགས་བཙོག་གཉིས”བཅོས་སྐྱོང་།  འབྲི་ཆུ་དང་རྫ་ཆུའི་གཞུང་རྒྱུན་གཙོ་བོའི་སྲུང་སྐྱོང་ལས་དོན་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་སྟེ།  ཞིང་ཨུའི་སྐོར་ཞིབ་དང་ས་གནས་སུ་བརྟག་དཔྱད་བྱེད་པའི་ལྡོག་སྐྱེལ་གནད་དོན་བཅོས་སྒྲིག་ལས་དོན་རྒྱུན་འཁྱོངས་ངང་དམ་འཛིན་ཡག་པོ་བྱ་དགོས།   མཐའ་ཚད་འཛིན་སེམས་བརྟན་པོ་བཙུགས་ནས་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱ་དགོས།  ལས་ཀའི་འགན་འཁྲི་ནན་དཀྲིས་དང་བྱེད་ཐབས་ཤུགས་ཆེར་གཏོང་སྟེ་ནུས་ཤུགས་ཡོད་རྒུས་2025ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་དང་ལོ་མཇུག་དཔྱད་ཞིབ་ལས་དོན་ལེགས་སྒྲུབ་བྱས་ནས“རྣམ་གྲངས་རྐྱང་བའི་ཨང་དང་པོ་”ཡོང་བར་བརྩོན་ལེན་བྱ་དགོས།  འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་སྟེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པ་ལ་བདེ་འཇགས་དང་བརྟན་ལྷིང་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།

        གྲོས་ཚོགས་ཐོག་མདུན་མའི་དུས་ཚིགས་གསུམ་གྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ཉན་པ་དང་། ལོ་འཁོར་གྱི་སྒྱུར་བཅོས་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་དང་། སྒྱུར་བཅོས་དང་ཚོད་ལྟ་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ། ཉམས་མྱོང་དང་བྱེད་སྟངས་ཕྱོགས་བསྡོམས་དང་སྦྱོང་བརྡར་ནན་ཏན་བྱེད་དགོས་བཅས་ནན་བཤད་བྱས་པ་རེད།  གྲོས་ཚོགས་ཐོག་《བདེ་ཆེན་ཁུལ་གྱིས་ཞིང་ཨུའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གིས་སྒྱུར་བཅོས་ཚོད་ལྟའི་ཉམས་མྱོང་ཁག་བཞི་པ་འདྲ་བཟོ་དང་ཁྱབ་སྤེལ་དོན་འཁྱོལ་མཐར་ཕྱིན་སྐོར་གྱི་ཇུས་གཞི།》དང་《བདེ་ཆེན་ཁུལ་གྱིས་<ཡུན་ནན་ཞིང་ཆེན་གྱི་རེས་སྐོར་གསར་པའི་ཞིང་ལས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་(2025ལོ་ནས་2027ལོ)དོན་འཁྱོལ་མཐར་ཕྱིན་བྱེད་པའི་ལས་འགན་ཞིབ་ཐོ>》  《སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་མོལ་གྲུབ་འབྲས་ཐག་གཅོད་དང་ལྡོག་འདྲེན་ལག་བསྟར་བྱ་ཐབས》བཅས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

        གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ཞིབ་འཇུག་བྱས་པ་རེད།