རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་15ཉིན། བདེ་ཆེན་ཁུལ་གྱིས་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཕྱོགས་གཉིས་ཀྱིས་དམིགས་འཛུགས་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་དོན་དག་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།ཀྲུང་གོ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་ཧྲི་ཧྲན་པའོ། ཀྲུང་གོ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིའི་མི་ཤུགས་ཐོན་ཁུངས་པུའུ་ཡི་སྤྱི་ཁྱབ་ཅིང་ལི་ལི་ཞའོ་ཏུང་བཞུགས་མོལ་ཚོགས་འདུར་ཞུགས།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི་ཡིས་ལོ་མང་རིང་བདེ་ཆེན་ལ་རོགས་སྐྱོར་བྱེད་པར་བཀའ་དྲིན་ཆེ་ཞུས་པ་དང་།ཁོང་གིས་བསྟན་དོན། རིག་གནས་དང་ཡུལ་སྐོར་ཐོན་ལས་ནི་བདེ་ཆེན་གྱི་ཀ་ཆེན་ཐོན་ལས་ཡིན་ལ། མང་ཚོགས་ལས་ཞུགས་འབབ་འཕར་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབྲེལ་བ་ཡོད། ཀྲུང་གོ་ཡུལ་སྐོར་ཚོགས་པ་ནི་ཡུལ་སྐོར་ཁྱབ་ཁོངས་ཀྱི་ཀྲུང་དབྱང་ཁེ་ལས་ཡིན་པའི་ཆ་ནས་དུས་ཡུན་རིང་པོར་བྱ་སྤྱོད་དངོས་ནས་བདེ་ཆེན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། བདེ་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་འབྲེལ་མཐུད་ནུས་ལྡན་བྱས་པ། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད། མིག་སྔར་བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་རིམ་དུ་གནས་ཡོད་པས་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཡིས་མུ་མཐུད་ནས་ཐོན་ཁུངས་དང་འཁོར་སྐྱོད། མིང་རྟགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་དེ་ཁྲག་འདྲེན་རྣམ་པའི་རོགས་སྐྱོར་ནས་ཁྲག་གྲུབ་རྣམ་པའི་རོགས་སྐྱོར་དུ་བསྒྱུར་བ་དང་། རྣམ་གྲངས་འཛུགས་སྐྲུན་ནང་གཏིང་ཟབ་ངང་ཞུགས་པ་དང་ལས་བྱེད་པས་འགན་བཏགས་དང་མཛུབ་ཁྲིད་མང་དུ་བཏང་ནས་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”མིང་རྟགས་ཀྱི་ཤུགས་རྐྱེན་ཐུན་མོང་ཐོག་ཆེ་རུ་གཏོང་བའི་རེ་བ་ཡོད་པ་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་རང་རྟོགས་ངང་འབྲེལ་མཐུད་བྱེད་པ་དང་ཞབས་ཞུ་འགན་ལེན་ཡག་པོ་བྱེད་དེ་ཕྱོགས་གཉིས་ཀའི་མཉམ་ལས་ལ་ཁོར་ཡུག་ཡག་པོ་སྐྲུན་ནས་མཉམ་ལས་དོན་ཚན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
ཧྲི་ཧྲན་པའོ་ཡིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་གོ་ཡུལ་སྐོར་ཚོགས་པའི་རོགས་སྐྱོར་ལས་དོན་ལ་གནང་བའི་རྒྱབ་སྐྱོར་ལ་བཀའ་དྲིན་ཆེ་ཞུས་པ་དང་།ཁོང་གིས་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཡིས་བདེ་ཆེན་བར་གྱི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད་ལ། ལོ་མང་པོའི་རིང་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུགས་ཡོད། གོམ་སྟབས་རྗེས་མར། ཡུལ་སྐོར་གྱི་ལས་རིགས་གཙོ་བོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དེ་རིག་གནས་དང་ཡུལ་སྐོར་ཀྱི་ཐོན་ཁུངས་ཀྱི་ནུས་པ་ཆེར་གཏོང་དང་། ཤེས་ལྡན་མི་སྣ་བརྗེ་རེས་གསོ་སྐྱོང་། ཁྱད་ལྡན་ཐོན་རྫས་ཁྱབ་སྤེལ་སོགས་ཀྱི་ཐད་རྒྱུན་མཐུད་ནུས་ཤུགས་ཆེ་རུ་བཏང་ནས་བདེ་ཆེན་གྱི་འཕེལ་རྒྱས་དགོས་མཁོ་དང་འབྲེལ་མཐུད་ཧུར་ཐག་བྱེད་དེ་བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སྤུས་འདེགས་རིམ་སྤར་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་བསྟན།
ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཞུས་ཀོང་ཏེ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་གོ་ཡུལ་སྐོར་ཚོགས་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཀྲུང་གོ་ཡུལ་སྐོར་ཚོགས་པའི་བདེ་ཆེན་དུ་བཅའ་སྡོད་བྱེད་པའི་འགན་བཏགས་ལས་བྱེད་པ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།