རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
བཤམས་འཚོང་ཚོང་འདུས་ཀྱི་ཁྱད་ལྡན་ཐོན་རྫས་བཤམས་འཚོང་ཆུས་སུ། ས་གནས་ཁག་གི་རོགས་སྐྱོར་ཐོན་རྫས་འཐུང་ཆུ་དང་། འབྲུ་རིགས། སྣུམ། ཤིང་ཏོག སྔོ་ཚལ། ལག་བཟོའི་ཐོན་རྫས་སོགས་རྫས་སྣ་མང་པོ་ཡོད་པ་དང་། དེའི་ནང་། བདེ་ཆེན་ཁུལ་གྱི་ཁེ་ལས་30ཡིས་བཤམས་ས་25ལ་བརྟེན་ནས་ས་གནས་འདི་གའི་ཁྱད་ལྡན་ཐོན་རྫས་ཏེ་རྒུན་འབྲུམ་དང་འཁྱགས་ཆང་། ནས་ཆང་། ཤ་མོའི་རིགས། སྨན་རྩྭ། ཐང་ག བོད་སྤོས། ཤིང་ཕོར་སོགས་བཤམས་ཡོད། འགྲེམས་ཁུལ་དུ་ཉོ་སྒྲུབ་མངའ་ཁོངས་བཀོད་ཡོད་དེ་ལྟ་སྐོར་བར་ཡུལ་དངོས་སུ་རྒྱུས་ལོན་བྱེད་པ་དང་འདེམས་པར་སྟབས་བདེ་འདོན། ཐད་གཏོང་བྱས་ཏེ་དངོས་ཟོག་འཚོང་ཁུལ་དུ་ཆེད་ལས་ཀྱི་སྙན་སྒྲོག་པ་དང་རོགས་སྐྱོར་རྫོང་གི་ཁེ་ལས་འཐུས་ཚབ་གདན་འདྲེན་ཞུས་ནས་ཡུལ་དངོས་སུ་ཐད་གཏོང་བྱེད་དེ་དྲ་ཐོག་ཏུ་མཚམས་སྦྱོར་བྱེད་པ་བརྒྱུད་ནས་བདེ་ཆེན་ཁོངས་སུ་གཏོགས་པའི་ས་གནས་ཁག་གི་རོགས་སྐྱོར་ཐོན་རྫས་ས་ཁོངས་ཀྱི་ཚོད་འཛིན་ཐོལ་བརྒལ་བྱེད་པ་དང་ཕྱིར་འཚོང་ཁྲོམ་ར་རྒྱ་བསྐྱེད་གཏོང་བར་ཤུགས་འདོན་ཡོད།
ཤེས་རྟོགས་བྱུང་གསལ། ཐེངས་འདིའི་བཤམས་འཚོང་ཚོང་འདུས་ཀྱིས་ཀྲུང་དབྱང་དང་ས་གནས་མཉམ་ལས་བྱེད་པའི་སྟོབས་ཤུགས་བརྒྱུད་དེ། བདེ་ཆེན་སོགས་ས་ཁུལ་གྱི་ཁྱད་ལྡན་རོགས་སྐྱོར་རྟགས་ཅན་ཁྱབ་གདལ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སྣེ་ཁྲིད་བྱེད་པ་དེ་ཡིན། བྱེད་སྒོ་ཡིས་དམིགས་ཡུལ་གཏན་འཁེལ་བྱས་ཏེ་འགྲེམས་སྟོན་ནང་ཞུགས་པའི་སྡེ་ཚན་སྒོར་ཁྲི་5000ཡན་གྱི་འཛད་སྐྱོད་རོགས་སྐྱོར་མངོན་འགྱུར་བྱུང་བར་ཤུགས་འདོན་པ་དང་ཆབས་ཅིག ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་མངོན་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་མང་པོ་གྲོང་གསེབ་དར་རྒྱས་ལས་ཀའི་ནང་ཞུགས་པར་སྐུལ་མ་གཏོང་།