ཏན་སྤྲེའུ་སྤུ་སེར་གྱི་རིགས་ཁྱུ་གྲངས་འབོར་རྒྱུན་མཐུད་འཕར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་།ཡུན་ནན་ཞིང་ཆེན་གྱིས་ཏན་སྤྲེའུ་སྤུ་སེར་གྱི་གནས་སྡོད་བྱ་ཡུལ་ཉམས་གསོ་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་སུ་ཡུན་ནན་གསོམ་ཤིང་སོགས་འཛུགས་འོས་པའི་ཤིང་རིགས་འདེབས་བཙུགས་བྱས་པ་བརྒྱུད་ནས་སྐྱེ་ཁམས་ཀྱི་བར་ཁྱམས་བསྐྲུན་ཏེ་སིལ་ཧྲུག་ཅན་ཀྱི་སྤྲེའུ་ཚོགས་ཀྱི་གནས་སྡོད་བྱ་ཡུལ་འབྲེལ་མཐུད་བྱས་ནས་དེའི་རིགས་ཁྱུ་ཀྱི་གྲངས་འབོར་རྒྱུན་མཐུད་འཕར་རྒྱུར་རོགས་རམ་བྱས་པ་རེད།མིག་སྔར།  སྲུང་སྐྱོང་ཁུལ་དུ་ཏན་སྤྲེའུ་སྤུ་སེར་གྱི་གྲངས་འབོར་2800ཙམ་ཟིན་པ་དང་རྒྱལ་ཡོངས་སྤྱི་འབོར་ཀྱི་65%ཡན་བཟུང་ཡོད།