རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-17   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ད་རེས་ཀྱི་དམངས་གླུ་འགྲན་བསྡུར་དེ་ས་གནས་དེ་གའི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་དང་ཟུང་འབྲེལ་བྱས་ནས། ཡུལ་སྐོར་བར་དེ་བས་ཕུན་སུམ་ཚོགས་ཤིང་སྣ་མང་གི་ཡུལ་སྐོར་ཉམས་ལེན་མཁོ་འདོན་བྱས་ཡོད།
འགྲན་བསྡུར་བྱེད་རིང་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས་མི་རིགས་ཀྱི་གྱོན་ཆས་གྱོན་ནས། སྟོད་ཀྱི་སྟེང་སོ་རི་བོའི་འདབས་དང་སྨད་ཀྱི་རྩྭ་ཐང་ཡངས་པོའི་ཁུད་དུ་གྲེ་འགྱུར་ངག་གི་མཆོད་བསྟོད་ཕུལ་ནས། རྒྱ་ཆེའི་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ལ་མ་བོས་མགྲོན་པོས་མྱོང་སྣང་གསར་པ་མཉམ་རོལ་དང་ཕྱིན་དྲན་རི་མོ་པར་དུ་བླངས་ནས་མདོ་ལའི་ཡུལ་སྐོར་ལ་སྲོལ་རྒྱུན་རིག་གནས་ཀྱི་རྨང་མཐུག་པའི་མཐོང་སྣེ་སྦྱིན་ཡོད།
ད་རེས་ཀྱི་དམངས་གླུ་འགྲན་བསྡུར་སྐབས་ལྔ་པ་ནི་མདོ་ལ་རྫོང་རིག་གནས་ཡུལ་སྐོར་ཅུས་དང་མདོ་ལའི་མཉམ་འདྲེས་སྨྱན་སྦྱོར་སོགས་ཀྱི་རྒྱབ་སྐྱོར་དང་དམངས་གླུ་མཐུན་ཚོགས་སོགས་ཀྱི་རོགས་འདེགས་འོག་འགོ་བཀྲ་ཤིས་ལ་མཇུག་དོན་འགྲུབ་པའི་ངང་སྤེལ་ཡོད་པ་དང་། ཡབ་མེས་ཀྱི་དམངས་གླུའི་འགུག་རྟ་དང་ཚིག་གི་དོན་གཙིགས་སུ་བཟུང་ནས། ངག་རིག་སྒྱུ་རྩལ་ལ་དགའ་པོ་བྱེད་པའི་གླུ་བ་གླུ་མ་བརྒྱ་ཡི་གྲས་ནས་བདམས། བརྒྱད་ཀྱི་གྲས་ནས་བསལ་ནས་རིག་གནས་ཀྱི་ཡིད་རྟོན་ཆེ་རུ་བསྐྱེད། ཤུལ་བཞག་གི་ཕ་ནོར་ནན་གྱིས་སྲུང་། ཀྲུང་ཧྭ་ཡི་རིག་གནས་དར་སྤེལ་གཏོང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་སོགས་ཀྱི་ཧུར་བརྩོན་རང་བཞིན་སྔར་བས་སྐུལ་སློང་དང་སྐུལ་ཁྲིད་བྱས་པ་རེད།
འགྲན་བསྡུར་ཁྲོད་གྲེ་འགྱུར་ངག་རྩལ་རྫོགས་པའི་གླུ་བ་གླུ་མར་ཨང་དང་པོ་ནས་ཕུལ་བྱུང་བར་གཟིགས་བཟོས་བྱ་དགའ་སྤྲད་ཅིང་། ཡག་ཐོག་ཡག་བརྩེགས་ངང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་བྱེད་དགོས་པའི་རེ་བ་བཏོན། བྱེད་སྒོ་དེས་མང་ཚོགས་དེ་བས་མང་བས་རང་རྟོགས་ངང་རིག་གནས་དང་། མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དམངས་ཁྲོད་དུ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།