ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་ཡུན་ནན་རྒྱལ་སྤྱིའི་གློག་ཤུགས་མ་འཇོག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧུའོ་ཧའེ་ཕིང་དང་བཅས་པ་དང་མཇལ་འཕྲད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་13ཉིན།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་ཡུན་ནན་རྒྱལ་སྤྱིའི་གློག་ཤུགས་མ་འཇོག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི།ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧུའོ་ཧའེ་ཕིང་དང་བཅས་པ་དང་མཇལ་འཕྲད་གནང་ཞིང་།ཕྱོགས་གཉིས་ཀ་ཡིས་འབྱུང་འཕྲོད་ནུས་ཁུངས་གསར་སྤེལ་འཛུགས་སྐྲུན་དང་། རྣམ་གྲངས་སྐུལ་འདེད་མགྱོགས་སུ་གཏོང་བ། མཉམ་ལས་ཀྱི་མངའ་ཁོངས་རྒྱ་སྐྱེད་གཏོང་བ་སོགས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།

        ལུའོ་ཁྲའོ་ཧྥེང་གིས་བསྟན་དོན།ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་ཀ་ཡིས་འབྱུང་འཕྲོད་ནུས་ཁུངས་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་སུ་དངོས་གཉེར་མཉམ་ལས་རབ་དང་རིམ་པ་སྤེལ་ཡོད་ལ།  འབྲེལ་ཡོད་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་ཡོད་པས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།  ཕྱོགས་གཉིས་ཀ་ཡིས་ཐེངས་འདིའི་གྲོས་མོལ་གོ་སྐབས་སུ་འཛིན་ཏེ་འབྲེལ་གཏུག་དང་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་མཉམ་ལས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ནུས་ཤུགས་མཉམ་འདོན་གྱིས་རྣམ་གྲངས་ལ་སྐུལ་འདེད་གཏོང་སྐབས་ཀྱི་དཀའ་གནད་གནད་དོན་ཐག་གཅོད་བྱས་ནས་ཕྱོགས་གཉིས་ཀའི་མཉམ་ལས་སྐས་རིམ་གསར་པ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་བདེ་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བར་རོགས་རམ་བྱེད་དགོས།

        ཧུའེ་ཧའེ་ཕིང་གིས་ཀུང་སི་ཡིས་མུ་མཐུད་ནས་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་དེ་ཐོན་ཁུངས་སྔར་ལས་སྡེབ་སྒྲིལ་དང་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དེ་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན།

        ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་དབྱང་ཞུའེ་ཝེན།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་མི་སྣ་སོགས་མཇལ་འཛོམས་སུ་ཞུགས།