རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-14   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།
ཉེ་ལམ། ཁྲོམ་རའི་སྟེང་དུ་རྒྱལ་ཡོངས་ཀྱི་ལོ་ན3-12བར་གྱི་བྱིས་པ་རྣམས་ལ་ཁ་གཏད་ཅིང་ལོ་ཆུང་གཞོན་ནུ་དག་ལ་ཆེད་དུ་དམིགས་པའི་ས་ཁམས་བློ་འབྱེད་ཐོན་རྫས་ཤིག་ཏེ། སྤྲིན་ཕུང་གོ་ལ་ཞེས་པ་ཞིག་སླེབས་འདུག གཤམ་ནས་ང་ཚོས་ཐོན་རྫས་འདི་ལ་རྒྱུས་ལོན་རགས་ཙམ་བྱ།
ཐོན་རྫས་དེ་ནི་པེ་ཅིང་ཐེན་ཡུས་པེ་ཏིའུ་རིག་གནས་ཚན་རྩལ་སྡེ་ཚོགས་ཀྱིས་རང་བདག་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། དེ་ནི་སྡེ་ཚོགས་ཀྱིས་ས་ཁྲ་ཚད་འབྲི་དང་ས་ཁམས་ཆ་འཕྲིན་གཞི་གྲངས་ཀྱི་ཞབས་ཞུའི་ཁྱབ་ཁོངས་སུ་ལོ་ངོ་ཉི་ཤུ་ལྷག་ལ་འབད་པ་བྱས་པའི་ཉམས་མྱོང་རྨང་གཞི་བྱས་ཏེ། ནང་དོན་གྱི་ཆ་ནས་ཚན་རིག་རང་བཞིན་དང་ཡང་དག་རང་བཞིན་ལ་ཁག་ཐེག་བྱས་ཡོད།
གླེང་རིན་ཡོད་པ་ཞིག་ལ། ཐེན་ཡུས་པེ་ཏིའུ་ཡིས་མཚོ་སྔོན་དུ་མ་དངུལ་ཡོངས་ཚོད་འཛིན་བྱེད་པའི་ཁོངས་གཏོགས་ཀུང་སི་སྟེ། མཚོ་སྔོན་ཐེན་ཡུས་པེ་ཏིའུ་ཨང་ཀི་ཚད་ལེན་ཚན་རྩལ་ཚད་ཡོད་ཀུང་སི་ཞེས་པ་ཞིག་བཙུགས་ཡོད་ལ། དེ་ནི་རྒྱལ་ཁབ་ཚད་ལེན་ཅུའུ་ཡིས་ཞིབ་བཤེར་ཆོག་མཆན་ཐོབ་ཅིང་ཀ་རིམ་པའི་ཚད་ལེན་ཚད་གཞི་ལྡན་པའི་ལས་ཁུངས་ཞིག་ཡིན་པ་དང་། རྒྱལ་ཁབ་ཐོ་འགོད་ཚད་ལེན་པས་སྣེ་ཁྲིད་པའི་ཆེད་ལས་ཀྱི་དཔུང་སྡེ་ལེགས་པོ་ཞིག་ཡོད་པས། རྒྱལ་ཡོངས་གཞུང་ལམ་དྲ་རྒྱའི་གཞི་གྲངས་མཛོད་དང་། ཆུང་འབྲིང་སློབ་མའི་ས་ཁམས་སློབ་ཁྲིད་སྡེ་ཚན་གྱི་ས་ཁྲའི་གཞི་གྲངས་མཛོད་སོགས་རྨང་གཞིའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འདི་ལྟ་བུའི་ཆེད་ལས་ཀྱི་ནུས་པ་དང་འཇོན་ཐང་ཡོད་པས། ཐེན་ཡུས་པེ་ཏིའུ་ཡིས་ཞིབ་ཚགས་ལྡན་པའི་ས་ཁམས་ཚད་ལེན་དང་བློ་ཡིད་འགུག་པའི་ས་ཁམས་སློབ་གསོའི་ནང་དོན་ཟུང་འབྲེལ་བྱས་ཏེ། ཚན་རིག་རང་བཞིན་དང་སྤྲོ་སྣང་རང་བཞིན་ལྡན་པའི་བྱིས་པའི་བློ་འབྱེད་ཐོན་རྫས་འདི་ལྟ་བུ་འདོན་སྤེལ་བྱུང་བ་རེད། ལྷག་པར་དུ་ཐོན་རྫས་འདིར་མཐོ་སྒང་གི་གཞི་རྒྱུ་དང་ནང་དོན་ཡོད་དེ། རང་བྱུང་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས། ཁྱད་ལྡན་རིག་གནས་གང་ཅིའི་ཐད་ནས་མཐོ་སྒང་གི་ཁྱད་ཆོས་མངོན་པར་གསལ།
མི་ལྟེ་བར་འཛིན་པ།
སྤྲིན་ཕུང་གོ་ལ་ཡིས་བྱིས་པའི་སློབ་སྦྱོང་གཙོ་བོར་བཟུང་སྟེ། ནང་དོན་གྱི་ཐད་ནས“སྤྲོ་སྣང་སྐུལ་སློང་དང་རང་འགུལ་འཚོལ་ཞིབ། གཏིང་ཟབ་བསམ་གཞིག བསམ་ཚུལ་ཕྱིར་འདོན”བཅས་ཕྱོགས་བཞིའི་ཐད་ནས་ཇུས་འགོད་བྱས་ཡོད་ཅིང་། བྱིས་པའི་མཚར་སྣང་དང་བསྟུན་ནས་འཇིག་རྟེན་ལ་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་ཡོད། གོ་ལའི་ངོས་སུ་དཔར་བའི་བར་བཅུག་རི་མོ500ལྷག་གི་ཁྲོད་དུ་ཕོ་བྲང་པོ་ཏ་ལ་དང་ཡར་ཀླུང་གཙང་པོ། གསའ་སོགས་ཀྱང་མངོན་པར་གསལ་བ་དང་། པར་རིས་འདི་དག་འཇུག་སྒོར་བྱས་ཏེ་ས་ཁམས་ཁོར་ཡུག་དང་ས་ཁུལ་རིག་གནས། སྐྱེ་ཁམས་བཅས་ཀྱི་ཤེས་བྱ་མང་པོ་བྱིས་པ་དག་གི་སྤྱན་ལམ་དུ་བསྟར་ཡོད། པར་རིས་འདི་དག་ནི་ཐེན་ཡུས་པེ་ཏིའུ་དཔུང་སྡེ་ཡིས་ས་ཁམས་ཆ་འཕྲིན་དང་དུས་ཡུན་རིང་བོར་ཚད་ལེན་ཞིབ་འཇུག་བྱས་པ་ལས་ཡོང་བ་ཡིན་པས། ས་མིང་དང་ས་དབྱིབས། གནས་ཡུལ་སོགས་ཚང་མ་ཧ་ཅང་ཞིབ་ཚགས་ལྡན་པ་ཞིག་ཡིན་སྟབས། དེ་དག་ནི་བྱིས་པ་དག་གི་རིག་པའི་སྒོ་མོ་འབྱེད་པའི་ལྡེ་མིག་དང་། ས་ཁམས་ཤེས་བྱ་ལ་དགའ་ཞེན་བྱེད་པའི་ལྕགས་ཀྱུ་དང་མཚུངས།
ཚན་རིག་ལག་ལེན།
སྤྲིན་ཕུང་གོ་ལའི་ཇུས་འགོད་ཀྱི་ཁྲོད་དུARཀྱི་ལག་རྩལ་རྒྱ་ཁྱབ་ཏུ་སྤྱད་ཡོད་པས། དེ་ནི“རྩེད་ཆས”ཙམ་མ་ཡིན་པར་ཤེས་བྱ་ཀུན་ལ་སློབ་སྦྱོང་བྱེད་པའི“སློབ་དཔོན”ཞིག་དང་གཉིས་སུ་མེད་དེ། གོ་ལ་རང་ངོས་སུ་དཔར་བའི་པར་རིས་དག་གིས་བྱིས་པ་ཚོར་ས་ཁམས་ཤེས་བྱ་སྦྱོང་འདོད་ཀྱི་བློ་སྐྱེས་སུ་འཇུག་པ་དང་། ཞིབ་ཚགས་ལྡན་པའི་ས་ཁམས་ཚད་ཐིག་གིས་བྱིས་པ་དག་ལ་བར་སྟོང་གི་བསམ་བློ་སྐྱེས་སུ་འཇུག་ཅིང་། ARཀྱི་བྱེད་ནུས་བརྒྱུད་དེ་སྔར་ལས་ལྷག་པའི་ས་ཁམས་ཤེས་བྱ་མང་པོ་ཞིག་ལ་རྒྱུས་ལོན་བྱེད་ཐུབ། ARལས་བྱུང་བའི་ནང་དོན་དང་ས་ཁམས་ཀྱི་ཤེས་བྱ་ཚང་མ་ཆེད་ལས་ཀྱི་ས་ཁམས་གཞི་གྲངས་མཛོད་ལས་བླངས་པ་ཡིན་པས། ནང་དོན་གྱི་ཐད་ནས་ཞིབ་ཚགས་ལྡན་ལ་ཁུངས་ཤིན་ཏུ་དག
སློབ་སྦྱོང་གི་གོ་རིམ།
ཚན་རིག་དང་མཐུན་པའི་སློབ་སྦྱོང་གི་ཐབས་ལམ་ནི་བྱིས་པ་དག་གིས་ས་ཁམས་ཀྱི་ཤེས་བྱ་སྣ་ཚོགས་ལ་སྦྱོང་བརྡར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། སྤྲིན་ཕུང་གོ་ལས་བྱིས་པ་དག་གི་སེམས་ཁམས་ཀྱི་ཁྱད་ཆོས་དང་སློབ་སྦྱོང་གི་ཚད་གཞི་རྩ་བར་བཟུང་ནས། བྱིས་པ་ཚོས་གཞན་དབང་གི་སློབ་ཁྲིད་ལས་རང་དབང་གི་འཚོལ་ཞིབ་གཙོར་འཛིན་པར་རམ་འདེགས་བྱས་ཏེ། ལྟ་ཞིབ་དང་བསམ་གཞིག བཤད་པ་སོགས་ཀྱི་གོ་རིམ་ཁྲོད་ནས་ས་ཁམས་ཀྱི་བསམ་གཞིག་གཏོང་སྟངས་གོམས་སུ་འཇུག་ཐུབ། འདི་ལྟར་ཇུས་འགོད་བྱས་ན་བྱིས་པ་ཚོས་ཤེས་བྱར་སློབ་སྦྱོང་བྱེད་སླ་བར་མ་ཟད། ཤེས་བྱ་དག་ཡིད་ལའང་འཛིན་ཐུབ་པ་དང་། དེ་བས་ཀྱང་བྱིས་པ་དག་གིས་རང་གི་བསམ་བློ་དག་གཞན་ལ་བཤད་ནས། ངེས་པ་དོན་གྱིས་སློབ་མའི་མཚར་སྣང་དང་ས་ཁམས་ཤེས་བྱ་གཉིས་གཅིག་ཏུ་སྦྲེལ་ཐུབ།
མིག་གི་ལོངས་སྤྱོད།
བར་བཅུག་རི་མོ་དག་གི་ཁ་དོག་བཀྲག་མདངས་འཚེར་ཞིང་གསོན་ཉམས་ལྡན་ཏེ། ཕོ་བྲང་པོ་ཏ་ལ་དང་ཡར་ཀླུང་གཙང་པོ། གསའ་སོགས་གཞི་རྒྱུ་དག་ལྗོངས་རྣམ་ཅན་གྱི་རྣམ་པའི་འོག་མངོན་པས། བྱིས་པ་དག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་ཐུབ། རི་མོ་འདི་དག་ནི་བལྟས་ན་མིག་ལ་མཛེས་པར་མ་ཟད། ས་ཁམས་ཤེས་བྱ་དག་ལ་སློབ་སྦྱོང་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་པས། འདི་བརྒྱུད་ནས་ང་ཚོས་ས་ཁམས་ཤེས་བྱའི་ཐང་ཆེན་འགྲིམ་ཆོག
སྤྲོ་བའི་སྣ་འདྲེན།
འདིར་ང་ཚོསAIཞི་ལ་ཆུང་ཆུང་བརྒྱུད་ནས་ཤེས་བྱར་སློབ་སྦྱོང་བྱས་ཆོག་སྟེ། AIཞི་ལ་ཆུང་ཆུང་གིས་སྙིང་ཉེ་བའི་སྐད་ཆའི་ལམ་ནས་ང་ཚོའི་དྲི་བ་དག་ལ་ལན་འདེབས་སྲིད། འདི་ལྟ་བུའི་ཁ་བརྡའི་གོ་རིམ་ཁྲོད་ནས། བྱིས་པ་དག་གིས་ཐོག་མར“མིག་གིས་མཐོང་བ”དང་། རྗེས་སུ“བློ་ཡིས་ཤེས་པར་འདོད་པ”པས་ན། རང་སྦྱོང་གི་སྤྲོ་སྣང་བར་མེད་དུ་རྒྱས་པར་བྱེད།
འཚོལ་ཞིབ་ཟབ་མོ། ARབརྒྱུད་ནས3Dསྲོག་ཆགས་དང་མཉམ་དུ་པར་རྒྱག་པའམ་ཡང་ན3Dསྲོག་ཆགས་དང་མཉམ་དུ་རྩེད་མོ་རྩེས་ཞོར་དང་ཤེས་བྱ་སྦྱོང་ཞོར་བྱས་ན། སློབ་སྦྱོང་གི་སྤྲོ་བ་འཕེལ་ཐུབ་པར་མ་ཟད། སྲོག་ཆགས་རེ་རེའི་འཚོ་བའི་གོམས་གཤིས་དང་འཚོ་གནས་ཀྱི་ཁོར་ཡུག་དག་ལའང་རྒྱུས་ལོན་བྱེད་ཐུབ།
ཤེས་བྱའི་སྒྲོམ་གཞི།
རྨང་གཞིའི་ཤེས་བྱ་དག་ལ་སློབ་སྦྱོང་བྱས་ཏེ་ལན་བཏབ་ཚར་བའི་རྗེས་སུ། མ་ལག་གིས་བྱིས་པ་དག་ལ་ཆེད་ལས་རང་བཞིན་དང་ལྡན་པའི་ཤེས་བྱ་དག་ལ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱེད་སྲིད་ཅིང་། ཉན་པར་སྤྲོ་ཞིང་འཛིན་པར་བདེ་བའི་ཤེས་བྱ་དག་བརྒྱུད་ནས་བྱིས་པའི་ཆུ་ཚད་ལ་རྒྱུས་ལོན་བྱེད་ངེས། འདི་ལྟར་སླ་མོ་ནས་དཀའ་མོ་དང་། སྟབས་བདེ་ནས་རྙོག་འཛིང་གི་བརྒྱུད་རིམ་ལྟར་སློབ་སྦྱོང་བྱས་ན། བྱིས་པ་དག་གིས་ཤེས་བྱ་གསོག་འཇོག་བྱེད་པ་ལ་ཕན་པར་མ་ཟད། ཁོང་ཚོར་རྒྱལ་ཁ་ལོན་པའི་ཚོར་བ་སྐྱེས་སུ་བཅུག་སྟེ་ཡིད་ཆེས་དང་སྤོབས་པ་རྒྱས་སུ་འཇུག་སྲིད།
སྣ་མང་ཐབས་ལམ།
སྐད་ཆའི་ལམ་ནས་འབྲེལ་འདྲིས་བྱེད་པ་དང་། མཉམ་པར་རྒྱག་པ། དྲི་བར་འགྲན་སློང་བ་དག་ཚང་མ་སློབ་མའི་རང་རྟོགས་རྨང་གཞི་བྱས་ཏེ་ཇུས་འགོད་བྱས་ཤིང་། AIཞི་ལ་ཆུང་ཆུང་དང་ཁ་བརྡ་ཟབ་མོ་བྱེད་ཆོག AIཞི་ལ་ཆུང་ཆུང་གིས་བྱིས་པ་དག་གི་དྲི་བར་ལན་འདེབས་པར་མ་ཟད། བྱིས་པ་དག་ལ་དྲི་བ་བཏོན་ནས་ཁོ་ཚོར་བསམ་གཞིག་གཏོང་དུ་འཇུག་སྲིད་པས། ཕན་ཚུན་དྲི་བ་དྲིས་ལན་གྱི་གོ་རིམ་ཁྲོད་ནས་སློབ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་ངེས།
བོད་འབྲེལ་ས་ཁུལ་ལ་ཁ་གཏད་པ།
ཐོན་རྫས་འདི་ནི་རྒྱལ་ཡོངས་ལ་དམིགས་ནས་བཟོས་པ་ཞིག་ཡིན་རུང་། འདི་རུ་མཚོ་བོད་མཐོ་སྒང་གི་ས་ཁམས་གནས་ཡུལ་གལ་ཆེན་དང་། མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་ཡོད་དེ། དཔེར་ན་མཚོ་བོད་མཐོ་སྒང་དུ་དཔེ་མཚོན་རང་བཞིན་ལྡན་པའི་ཕོ་བྲང་པོ་ཏ་ལ་དང་། ལྷ་སའི་གཙུག་ལག་ཁང་རྣམ་གཉིས་སོགས་དང་། ARགསའ། གཙོད་སོགས་སྲོག་ཆགས་མང་པ་ཞིག་ཡོད། ང་ཚོས་འདི་དག་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་བྱེད་ཆོག་པར་མ་ཟད། མཚོ་བོད་མཐོ་སྒང་གི་ས་ཁམས་རིག་གནས་དང་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེན་རང་བཞིན་རྟོགས་ཐུབ།
འཛམ་གླིང་ལ་ཁ་ཕྱོགས་པ།
འཛམ་གླིང་ཡོངས་ཀྱི་མཐོང་སྣེ་ཡོད་དེ། “ཕ་ཡུལ་ལ་གཞི་ཚུགས། འཛམ་གླིང་ལ་ཁ་ཕྱོགས། འཇིག་རྟེན་ཀུན་བློ་ལ་ཤར”ཤེས་པའི་བསམ་ཕྱོགས་ལྟར། བྱིས་པ་དག་གིས་རང་གི་ཕ་ས་ཕ་ཡུལ་ལ་རྒྱུས་ལོན་བྱེད་པ་དང་ལྷན་དུ། འཛམ་གླིང་ལ་ཁ་ཕྱོགས་པའི་མཐོང་སྣེ་དང་བློ་རྒྱ་ལྡན་པར་བྱས་ཡོད།
སྤྱི་ཚོགས་འགན་འཁྲི།
ཐེན་ཡུས་པེ་ཏིའུ་ཡིས་དུས་ཡུན་རིང་བོར་བོད་འབྲེལ་ས་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་ལ་དོ་ཁུར་བྱེད་བཞིན་ཡོད་ཅིང་། ད་ལྟ“ལོ་ཆུང་གཞོན་ནུས་གོ་ལར་སྲུང་སྐྱོབ་བྱེད”ཅེས་པ་བརྗོད་བྱར་བྱས་པའི་འགྲན་སྡུར་འགོ་བརྩམས་ཡོད་པ་དང་། མ་འོངས་པར་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་ནས་ཀྱང་ཆེད་དམིགས་འགྲན་སྡུར་སྤེལ་ནས། ས་གནས་ཀྱི་བྱིས་པ་དག་ལ་ཐོན་ཁུངས་མང་པོ་ཞིག་འདོན་སྤྲོད་བྱ་རྒྱུ་རེད། བྱེད་སྒོ་འདི་བརྒྱུད་དེ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་གྱི་བྱིས་པ་དག་གིས་རང་གི་མཐོང་རྒྱ་བསྐྱེད་ཐུབ་པར་མ་ཟད། གོ་ལ་ཧྲིལ་པོའི་མཐོང་སྣེ་ནས་རང་གི་ཕ་ཡུལ་ལ་འཚོལ་ཞིབ་དང་བསམ་གཞིག་བྱས་ནས། འཛམ་གླིང་གི་ས་ཆ་གཞན་དག་དང་འབྲེལ་འདྲིས་བྱེད་ཐུབ།
ཐེན་ཡུས་པེ་ཏིའུ་ཡིས་ཀ་རིམ་ཚད་ལེན་གྱི་ཐོབ་ཐང་དང་ཆེད་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས། སྤྲིན་ཕུང་གོ་ལ་འདི་ཉིད་བྱིས་པ་དག་གི་རོགས་ཟླ་བཟང་པོར་འགྱུར་དུ་བཅུག་སྟེ། ཚན་རིག་དང་མཐུན་ཞིང་ཡང་དག་པའི་ས་མས་ཤེས་བྱའི་རོགས་རམ་འོག ཕ་ཡུལ་ལ་དགའ་ཞེན་དང་རང་བྱུང་ཁམས་ལ་དགའ་ཞེན་བྱེད་པའི་བྱིས་པ་བཟང་པོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་རྒྱུ་རེད།